གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མར་ཁུའི་ནང་ བསྲེ་ཡོད་པའི་ཉོགས་བཤད་བཀོད་དོ་ཡོདཔ།

༡༠/༨/༢༠༡༢   ༉ འཕྲལ་ཁམས་ཅིག་ཁར་ མང་སྡེ་ཆུ་གློག་མེ་ལས་འགུལ་ནང་ སྣུམ་འཁོར་ཊག་གླ་ཁར་སྤྲོད་མིའི་ ཇོ་བདག་ཚུ་གིས་ ཀྲོང་གསར་ལུ་ཡོད་མི་ ས་སྣུམ་བཀྲམ་སྤེལ་ཁང་གིས་ ཌི་ཟིལ་མར་ཁུའི་ནང་ ས་མར་ཁུ་སླ་བསྲེ་སྟེ་བླུགས་ཐོག་ལས་ བཙོང་དོ་ཡོད་པའི་ ཉོགས་བཤད་བཀོད་དོ་ཡོདཔ་ཨིན་པས།
རྒྱ་བསྐྱེད་འབད་བའི་བསྒང་ཡོད་མི་ ཀྲོང་གསར་ས་སྣུམ་བཀྲམ་སྤེལ་ཁང་གི་ས་ཁོངས།


མང་སྡེ་ཆུ་གློག་མེ་ལས་འགུལ་ནང་ སྣུམ་འཁོར་ཊག་ གླ་ཁར་བཏང་མིའི་ཇོ་བདག་ རྣམ་རྒྱལ་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ ཁོ་རའི་སྣུམ་འཁོར་ཊག་གཉིས་དང་ ཧའི་ལགསི་མེདཔ་ཐལ་ཏེ་ ཐིམ་ཕུ་ལུ་ བཅོ་པར་འགྱོ་བའི་སྐབས་ སྣུམ་བཅོས་ཁང་ལས་ མར་ཁུ་ཌི་ཟིལ་ནང་ ས་མར་ཁུ་སླ་བསྲེ་རྐྱབ་ནི་དེ་གིས་ རླུང་དུང་མེདཔ་ཐལ་ནུག་ཟེར་ཨིན་པས།
རླུང་དུང་སོར་དགོ་པ་ཅིན་ དངུལ་ཀྲམ་༨༠༠༠༠ དེ་ཅིག་གནས་ནི་ཨིནམ་ལས་ ཅ་ཆས་ཚུ་བཅོ་ཐོག་ལས་འབདཝ་ད་ དངུལ་ཀྲམ་༣༠༠༠༠ རེ་ གནསཔ་མས་ཟེར་ཨིནམ་ལས་ འབྲེལ་ཡོད་ལས་ཁུངས་ཀྱིས་ བཀྲམ་སྤེལ་ལྟེ་བ་ཚུ་ནང་ བལྟ་ཞིབ་འབད་དགོཔ་འདུག་ཟེར་ཨིན་པས།
དེ་དང་འདྲཝ་སྦེ་ ཨོ་རྒྱན་གྱིས་ཡང་ སྣུམ་འཁོར་ཊག་ཅིག་ མེདཔ་ཐལ་ཏེ་ ཐིམ་ཕུ་སྣུམ་བཅོས་ཁང་ནང་བཅོཔ་ད་ དངུལ་ཀྲམ་༢༠༠༠༠ སྤྲོད་དགོཔ་བྱུང་ཡི་ཟེར་ཨིན་པས།
ས་སྣུམ་བཀྲམ་སྤེལ་ལྟེ་བའི་འཛིན་སྐྱོང་འགོ་དཔོན་ ཚེ་རིང་རྒྱལ་མཚན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ ལྟེ་བའི་ནང་ ས་སྣུམ་གྱི་དོས་ཚུ་ལྷོདཔ་ད་ ཨ་རྟག་ར་ ཀྲོང་གསར་ལུ་ཡོད་མི་ བསྟན་རྒྱས་ལྷན་ཁག་གི་ ལུང་ཕྱོགས་ཡིག་ཚང་ལས་ འགོ་དཔོན་ཚུ་འོང་སྟེ་ བརྟག་ཞིབ་འབད་དོ་ཡོདཔ་ལས་ དཀའ་ངལ་ཡོད་པ་ཅིན་ ཡིག་ཐོག་ལུ་ སྙན་ཞུ་འབད་དགོ་ཟེར་ཨིན་པས།
ཁོ་གིས་ བཀྲམ་སྤེལ་ལྟེ་བའི་ནང་ ལས་འགུལ་ནང་ལཱ་འབད་མི་ རྒྱ་གར་གྱི་ལས་སྡེ་ཚུ་གིས་ ཟླ་རིམ་བཞིན་དུ་ ཌི་ཟིལ་མར་ཁུ་ལི་ཊར་ འབུམ་ལས་བཅད་དེ་ ཉོ་འབགཔ་ཨིན་རུང་ ད་ཚུན་ ཉོགས་བཤད་ག་ནི་ཡང་ མ་ལྷོད་ཟེར་ཨིནམ་ད་ མི་ཚུ་གིས་ བཀྲམ་སྤེལ་ལྟེ་བ་ལས་ མར་ཁུ་བླུགས་ཏེ་ ཀི་ལོ་མི་ཊར་༡༠༠ ལྷགཔ་རེ་ འགྱོ་བའི་ཤུལ་ལུ་ དཀའ་ངལ་བྱུངམ་ད་ ཁོང་ལུ་ ཁ་ཉེས་བཀལཝ་མས་ཟེར་ཨིན་པས།
མར་ཁུ་གི་དཀའ་ངལ་ཨིན་པ་ཅིན་ མར་ཁུ་བླུགསཔ་ཅིག་མེདཔ་འགྱོ་དགོཔ་ཨིན་རུང་ དུས་ཡུན་དག་པ་ཅིག་གི་རྒྱབ་ལས་མེད་ཐལ་མི་དེ་ མར་ཁུའི་དཀའ་ངལ་ཨིན་ཟེར་སླབ་མི་དེ་ མི་བདེན་ཟེར་ ཁོ་གིས་ བཤདཔ་ཨིན་པས།
ཀྲོང་གསར་ལུ་ཡོད་མི་ བསྟན་རྒྱས་ལྷན་ཁག་གི་ ལུང་ཕྱོགས་མདོ་ཆེན་ངོ་ཚབ་ བི་ནོཌ་ པར་དཱན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ ད་ཚུན་གྱི་རིང་ མར་ཁུའི་སྐོར་ལས་ ཉོགས་བཤད་ཕུད་རྡོག་ཅིག་ཡང་ལྷོད་ལྷོདཔ་མེདཔ་ལས་ འབྲུག་གློག་མེ་ལས་འཛིན་གྱི་ ཧའི་ལགསི་ཨིན་རུང་ མར་ཁུ་གི་དཔེ་ཚད་ བརྟག་དཔྱད་འབད་བའི་སྐབས་ དཀའ་ངལ་ག་ནི་ཡང་མེདཔ་སྦེ་ ཐོན་ཡི་ཟེར་ཨིནམ་ད་ དཔེ་ཚད་དེ་ ད་རུང་ བརྟག་དཔྱད་འབད་ནི་གི་དོན་ལུ་ ཐིམ་ཕུ་ བསྟན་རྒྱས་ལྷན་ཁག་ནང་བཏང་ཡོདཔ་ལས་ དཀའ་ངལ་གྱི་གནད་དོན་ཧ་གོ་ཚུགས་ཟེར་ཨིན་པས།
ལུང་ཕྱོགས་ཡིག་ཚང་གིས་ བཀྲམ་སྤེལ་ལྟེ་བའི་ནང་ ཟླ་རིམ་བཞིན་དུ་ བརྟག་དཔྱད་ཚར་གསུམ་རེ་ འབད་མི་གིས་མ་ཚད་པར་ འཕྲལ་འཕྲལ་སྐབས་ ཧང་སྟོང་མར་ཡང་ བརྟག་དཔྱད་འབད་ནི་ཡོད་ཟེར་ ཨིན་པའི་གནས་ཚུལ།


ཀྲོང་གསར་ལས་ བཀྲ་ཤིས་བསྟན་འཛིན།

No comments:

Post a Comment