གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྡོ་གཞོང་དགོན་པ་ལུ་ འཕྲལ་སྐབས་ཅིག་ གཅན་གཟན་སྟག་ཐོན་པའི་ ལོ་རྒྱུས་མེདཔ།

༡༠/༩/༢༠༡༢   ༉ འདས་པའི་བདུན་ཕྲག་ གཉིས་དེ་ཅིག་གི་རིང་ ཀྲོང་གསར་རྡོ་གཞོང་དགོན་པའི་ ས་ཁོངས་ནང་ གཅན་གཟན་སྟག་གིས་ སྒོ་ནོར་སེམས་ཅན་ཚུ་ལུ་ གནོདཔ་བཀལ་ཡོད་རུང་ ད་རེས་ གནས་སྟངས་དེ་ ཁུ་སིམ་སིམ་ཅིག་ལུ་ གྱུར་ཡོདཔ་ལས་བརྟེན་ ཐིམ་ཕུ་ལས་ སྟག་བཟུང་པར་འོང་མི་ སྡེ་ཚན་དེ་ཡང་ ཀྲོང་གསར་ལས་ ལོག་སོང་ཡོདཔ་ཨིན་པས།


ཐིམ་ཕུ་ལས་འོང་མི་ སྒོ་ནོར་ཐོན་སྐྱེད་འགོ་དཔོན་ ཀུན་བཟང་རྒྱལ་མཚན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ སྡེ་ཚན་གྱིས་ མོང་སྒར་ལུ་ གཟིག་བཟུང་མ་ཚུགས་པའི་ཁར་ རྡོ་གཞོང་དགོན་པ་ལུ་ཡང་ འདས་པའི་བདུན་ཕྲག་དག་པ་ཅིག་གི་རིང་ གནོད་སྐྱོན་ཚུ་མ་བཀལཝ་ལས་བརྟེན་ ལོག་སོང་ཡི་ཟེར་ཨིན་པས།
སྡེ་ཚན་གྱིས་ ས་གནས་ནང་ སྟག་བཟུང་ཐབས་ལུ་ ར་ཅིག་ ནོར་ཁྱིམ་གྱི་སྒོ་ཁར་ བཏགས་བཞག་མི་དེ་ཡང་ ལོག་ཁྱིད་ཡོདཔ་མ་ཚད་ བུ་ལི་སྤང་ལུ་ སྟག་གིས་ གནོདཔ་བཀལ་མི་ ནོར་ཁྱིམ་གྱི་ ཕྱི་ཁ་ལས་ཕར་ ཧིང་བཀལ་བཞག་མི་ཚུ་ཡང་ བསྡུ་འབག་སོང་ཡི་ཟེར་ ཁོ་གིས་ སླབ་ཨིན་པས།
ཀུན་བཟང་རྒྱལ་མཚན་གྱིས་ སླབ་མིའི་ནང་ གནས་སྐབས་ཅིག་ ཁོང་ཆ་ཁྱབ་ ལོག་འགྱོ་དོ་ཡོད་རུང་ སྒོ་ནོར་སེམས་ཅན་ལུ་ ད་རུང་ ལོག་གནོདཔ་བཀལ་བ་ཅིན་ དེ་འཕྲོ་ལས་ ཁོང་ལུ་ བརྒྱུད་འཕྲིན་གཏང་དགོཔ་སྦེ་ སླབ་བཞག་ཡི་ཟེར་ཨིན་པས།
བུ་ལི་སྤང་ལུ་ ནོར་གྱི་ཇོ་བདག་ པདྨ་དོན་གྲུབ་ཀྱིས་ སླབ་མིའི་ནང་ སྡེ་ཚན་གྱིས་ ར་ཁྱིད་དེ་འགྱོ་རུང་ ཧིང་བཀལ་བཞག་མི་ཚུ་ དེ་སྦེ་ར་བཞག་པ་ཅིན་ སྟག་ལོག་འོངམ་ད་ བཟུང་ཚུགས་ནི་ལུ་ ཁེ་ཕན་འདུག་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ སྡེ་ཚན་དེ་གིས་ ས་གནས་ནང་ འོང་ཞིནམ་ལས་ ཧིང་བཀལ་བཞག་པའི་ཤུལ་ལས་ གཅན་གཟན་སྟག་དེ་ ག་ཏེ་སོང་ཡི་ག་ མིན་འདུག་ཟེར་ཨིནམ་ད་ ཨིན་རུང་ ནམ་ཅིག་གི་ཚེ་ ལོག་འོང་སྲིད་ནི་ཨིནམ་ལས་ ཁོང་གིས་ ནོར་ཚུ་ ཁྱིམ་གྱི་ཉེ་འདབས་ལུ་བཞག་སྟེ་ ཨ་རྟག་ར་ ནུབ་མོ་ལྟ་སྡོད་དོ་ཟེར་ཨིན་པས།
པདྨ་དོན་གྲུབ་ཀྱིས་ ཉེ་འདབས་ཀྱི་ གཡུས་ཚན་གཞན་ཚུ་ནང་ཡང་ སྟག་ཐོན་པའི་ ལོ་རྒྱུས་ཚུ་ ག་ནི་ཡང་ མིན་འདུག་ཟེར་ཨིན་པས།
ཀྲོང་གསར་ཐོན་མི་ སྟག་དེ་གིས་ འདས་པའི་ཟླཝ་ནང་ ས་གནས་ཀྱི་ སྒོ་ནོར་སེམས་ཅན་ བསྡོམས་ཀྱིས་༡༧ དེ་ཅིག་ལུ་ གནོདཔ་བཀལ་ཡོད་མི་ལས་ ཕྱེད་ཀ་དེ་ཅིག་ ནདཔ་བཏོན་ཡོདཔ་མ་གཏོགས་ བསད་མ་ཚུགས་ནི་དེ་གིས་ ད་རུང་ ལོག་སྟེ་ འོང་ནི་གི་ ཉེན་ཁ་ཡོད་ཟེར་ ཨིན་པའི་གནས་ཚུལ།


ཀྲོང་གསར་ལས་ བཀྲ་ཤིས་བསྟན་འཛིན།

No comments:

Post a Comment