གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཡང་རྩེའི་སློབ་ཕྲུག་༨༠ ནད་བརྟག་གི་དོན་ལུ་ སོ་སོ་སྦེ་བཞག་ཡོདཔ།

༤/༩/༢༠༡༢    ༉ སྤྱི་ཟླ་༨ པའི་ཚེས་༣༡ ལུ་ བཀྲིས་གཡང་རྩེ་རྫོང་ཁག་ སྟོང་གཞང་འབྲིང་རིམ་སློབ་གྲྭའི་ནང་ ཚ་རིམས་ཀྱི་ ནད་གཞི་ཐོན་པའི་ཤུལ་ལུ་ ད་ལྟོ་ སློབ་ཕྲུག་༨༠ ཟུར་བཞག་ནད་བརྟག་འབད་བའི་བསྒང་ཡོདཔ་ཨིན་པས།
ཚ་རིམས་ཐོབ་མི་ སྟོང་གཞང་འབྲིང་རིམ་སློབ་གྲྭའི་ སློབ་ཕྲུག་ཚུ་ ཁང་མིག་སོ་སོའི་ནང་བཞག་སྟེ་ སྨན་བཅོས་འབད་བའི་བསྒང་།


དེ་ཡང་ ཉིནམ་དེ་ནང་ བཀྲིས་གཡང་རྩེ་སྨན་ཁང་གིས་ ནད་བརྟག་འབདཝ་ད་ སློབ་ཕྲུག་༡ ལུ་ ཨིན་ཕུ་ལུན་ཟ་ཨེ་ཟེར་མི་ ཚ་རིམས་ཐོབ་ཡོད་པའི་ ངོས་འཛིན་བྱུང་ཡོདཔ་ད་ སྤྱི་ཟླ་༩ པའི་ཚེས་༡ དང་༢ ལུ་ ཚ་རིམས་ཐོབ་མི་ ནདཔ་གསརཔ་༡༦ ཡོད་པའི་ སྙན་ཞུ་ལྷོད་ཡོདཔ་ལས་ ཁོང་ལུ་ བརྟག་དཔྱད་འབད་འབདཝ་མེད་རུང་ ཨིན་ཕུ་ལུན་ཟ་ཨེ་ཐོབ་ཡོད་པའི་ དོགས་པ་ཡོད་ཟེར་ སྟོང་གཞང་སྨན་ཁང་འབྲིང་མའི་ གསོ་བའི་ལས་རོགསཔ་ བསོད་ནམས་ལྷུན་གྲུབ་ཀྱིས་ སླབ་ཨིན་པས།
ཁ་ཙ་ སློབ་གྲྭ་དེ་ལས་ སློབ་ཕྲུག་༤ ལུ་ ཚ་རིམས་ཐོབ་ཡོད་པའི་ སྙན་ཞུ་ལྷོད་ཡོདཔ་བཞིན་དུ་ གསོ་བའི་ལས་རོགསཔ་ བསོད་ནམས་ལྷུན་གྲུབ་ཁོ་ར་ཡང་ སྤྱི་ཟླ་༩ པའི་ཚེས་༢ ཀྱི་ནུབ་མོ་ལས་ ཚ་རིམས་དང་འབྲེལ་བའི་ ནད་རྟགས་འཐོན་ནི་ འགོ་བཙུགས་པའི་ཤུལ་ལུ་ སྨན་བཅོས་འབད་བའི་བསྒང་ཨིན་པས།
བློ་གསར་སློབ་རིམ་ལས་འགོ་བཙུགས་ སློབ་རིམ་༨ པ་ཚུན་གྱི་ སློབ་ཕྲུག་ཚུ་ལུ་ ཚ་རིམས་དེ་ ཐོབ་ཡོད་རུང་ ད་ལྟོ་ ནད་གཞི་འབུ་ནི་ལས་ བཀག་འཛིན་འབད་དེ་ཡོད་ཟེར་ བསོད་ནམས་ལྷུན་གྲུབ་ཀྱིས་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ སྨན་ཁང་འབྲིང་མ་དེ་ནང་ གློ་བུར་དུ་ ནད་བརྟག་འབད་ནི་གི་ མཁོ་ཆས་མེདཔ་ལས་ ནད་གཞི་ཐོན་ཞིནམ་ལས་ཚུར་ ནད་རྟགས་ཅོག་འཐདཔ་སྦེ་ན་མི་ སློབ་ཕྲུག་ཚུ་ སློབ་ཁང་༥ ནང་ སོ་སོ་བཞག་སྟེ་ སྨན་བཅོས་འབད་བའི་བསྒང་ཡོད་མི་དེ་ཡང་ ཚ་རིམས་ཀྱི་ནད་ མི་སེར་གཞན་ལུ་ སྤེལ་ནི་ལས་ བཀག་ཐབས་ལུ་ཨིན་ཟེར་ཨིན་པས།
སྤྱི་ཟླ་༨ པའི་ཚེས་༣༡ ལས་ སློབ་སྟོན་འབད་ནི་ཚུ་ གནས་སྐབས་ཅིག་ མཚམས་འཇོག་འབད་དེ་ བཞག་ཡོད་རུང་ ནད་མ་ཐོབ་མི་ སྲོབ་ཕྲུག་ཚུ་ ཁོང་རའི་ཉལ་ཁང་ཚུ་ནང་སྦེ་ དཔེ་ཆ་ལྷབ་བཅུག་དོ་ཟེར་ སྟོང་གཞང་འབྲིང་རིམ་སློབ་གྲྭ་འོག་མའི་ དབུ་འཛིན་འོག་མ་ ནམ་མཁའ་རྒྱལ་མཚན་གྱིས་ སླབ་ཨིན་པས།
ད་རུང་ སྤྱི་ཟླ་༨ པའི་ཚེས་༢༩ ལུ་ རམ་འཇར་འབྲིང་རིམ་སློབ་གྲྭ་འོག་མའི་ནང་ སློབ་དཔོན་ཨམ་སྲུ་༡ རྩིས་ཏེ་ མི་གྲངས་༦ ལུ་ ཨིན་ཕུ་ལུན་ཟ་ཨེ་ཐོབ་པའི་ཤུལ་ལུ་ ཁྱིམ་ནང་བཞག་ཐོག་ལས་ སྨན་བཅོས་འབད་བའི་བསྒང་ཡོདཔ་ད་ ནད་ཐོབ་མིའི་སྐོར་ལས་ དང་པ་ར་ བཀྲིས་སྒང་སྨན་ཁང་གིས་ བདའ་ཟུན་ཡོདཔ་ལས་ དེ་འཕྲོ་ལས་ སློབ་གྲྭ་དེ་ནང་ ནད་བརྟག་འབད་དགོ་པའི་ བསླབ་བཀོད་བྱིན་ནུག།
དེ་དང་འཁྲིལ་ སྤྱི་ཟླ་༨ པའི་ཚེས་༣༠ ལུ་ རམ་འཇར་གཡུས་ཚན་ལས་ མི་གྲངས་༡༢༦ བརྟག་དཔྱད་འབད་བར་ འོང་ཡོད་མི་ལས་༨༩ ལུ་ ཨེ་ཨར་ཨའི་ཟེར་མི་ ཚ་རིམས་ཐོབ་ཡོད་རུང་ ནདཔ་༡༢ ལས་༥ ལུ་ ཨིན་ཕུ་ལུན་ཟ་ཨེ་ཐོབ་ཡོད་པའི་ ངོས་འཛིན་བྱུང་ཡི་ཟེར་ རབ་འཇར་སྨན་ཁང་འབྲིང་མའི་ གསོ་བའི་ལས་རོགས་ བསོད་ནམས་ཚེ་དབང་གིས་ སླབ་ཨིན་པས།
གསོ་བའི་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ འདི་བཟུམ་མའི་ ཚ་རིམས་ཐོན་མི་ལུ་ མི་སེར་ཚུ་ འདྲོག་བྱེལ་འཐབ་ནི་མི་འོང་ཟེར་ཨིནམ་ད་ ནད་དེ་ སྤྱིར་བཏང་ཕྲ་འབུབ་ཀྱིས་ན་བའི་ ཚ་རིམས་ཅིག་ཨིནམ་ལས་ ཨེཆ་༥ཨེན་༡ བཟུམ་སྦེ་ ཉེན་ཁ་སྦོམ་མེད་ཟེར་ བཀྲིས་སྒང་སྨན་ཁང་གི་ སྨན་བཅོས་འགོ་དཔོན་ ལྷ་ཆ་དབང་འདུས་ཀྱིས་ སླབ་ཨིན་པའི་གནས་ཚུལ།


རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment