གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སློབ་ཕྲུག་ཨ་ལུ་༢༣༣ ལུ་ ཚ་རིམས་ཀྱི་ནད་གཞི།

༤/༩/༢༠༡༢    ༉ བསམ་རྩེ་རྫོང་ཁག་ བསམ་གྲུབ་ཆོས་གླིང་རྒེད་འོག་ནང་ མི་ལེ་ཤ་ཅིག་ལུ་ ཚ་རིམས་ཀྱི་ནད་གཞི་ཐོབ་ཡོདཔ་ད་ དེའི་གྲས་ལས་ མང་ཤོས་ར་ སློབ་གྲྭ་ནང་འགྱོ་མི་ སློབ་ཕྲུག་ཨ་ལུ་ཚུ་ཨིན་པས།


ད་ལྟོ་ ས་ཁོངས་ནང་ ལྟ་རྟོག་འབད་བའི་བསྒང་ཡོད་མི་ མི་མང་འཕྲོད་བསྟེན་བརྟག་དཔྱད་ཁང་ལས་ སྡེ་ཚན་ཅིག་གིས་ སླབ་མི་དང་འཁྲིལཝ་ད་ ཚ་རིམས་ཁྱབ་སྤེལ་འབད་མི་དེ་ ཨིན་ཕུ་ལུ་ཡིན་ཟ་ བི་ བའི་རཱསི་ཟེར་མི་ ཕྲ་འབུབ་ཚུ་ཨིནམ་སྦེ་ སྤྱི་ཟླ་༨ པའི་ཚེས་༣༠ ལུ་ ངོས་འཛིན་གཏན་འཁེལ་བྱུང་ཡི་ཟེར་ཨིན་པས།
མི་མང་འཕྲོད་བསྟེན་བརྟག་དཔྱད་ཁང་གིས་ སླབ་མིའི་ནང་ ཅར་ག་རི་འབྲིང་རིམ་སློབ་གྲྭ་འོག་མའི་ སློབ་ཕྲུག་༢༣༣ ལུ་ ཚ་རིམས་ཀྱི་ནད་གཞི་ཐོབ་མི་དེ་ རྒེད་འོག་ནང་ མཐོ་ཤོས་ཅིག་ཨིནམ་བཞིན་དུ་ ཉིན་བསྟར་བཞིན་དུ་ སིབ་སུ་དང་ བསམ་རྩེའི་སྨན་ཁང་ནང་ ཚ་རིམས་ནད་གཞི་ཐོབ་མི་༡༥ དེ་ཅིག་ སྨན་བཅོས་འབད་བར་ འགྱོ་དོ་ཡོདཔ་ཨིན་པས།
བརྟག་དཔྱད་ཁང་གི་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ རྒེད་འོག་ནང་ ཚ་རིམས་ཁྱབ་སྤེལ་སོང་སྟེ་འབད་རུང་ ཚབས་ཆེན་ཅིག་མེནམ་ལས་ ད་ལྟོ་ཚུན་ ཤི་རྐྱེན་ཚུ་བྱུང་བའི་ ལོ་རྒྱུས་མེད་ཟེར་ཨིན་པས།
ཕྲ་འབུབ་ཚུ་ དུས་ཚོད་འ་ནེམ་ཅིག་ཁར་ ཐོན་དོ་ཡོདཔ་ཨིན་རུང་ དུས་རྒྱུན་དུ་ ཞིབ་དཔྱད་དམ་དམ་འབད་མི་ལུ་བརྟེན་ ད་རེས་ནངས་པ་ ཕྲ་འབུབ་ཚུ་གི་གནས་སྟངས་ མར་ཉམས་སོང་ནུག་ཟེར་ འགོ་དཔོན་དེ་གིས་ སླབ་ཨིན་པས།
ཚ་རིམས་ཀྱི་ནད་གཞི་དེ་ མགྱོགས་དྲགས་སྦེ་ འབུ་འགྱོ་མི་ཅིག་ཨིནམ་ད་ དེ་ཡང་ གཙོ་བོ་ར་ གནམ་གཤིས་གནས་སྟངས་ སོར་འགྱོ་བའི་ཁར་ ཐལཝ་ཚུ་གིས་ གཡའ་ནད་ཐོབ་མི་ལུ་བརྟེན་ བྱུང་དོ་ཡོདཔ་ཨིན་མས།
བློ་གསར་སློབ་རིམ་ལས་ འགོ་བཙུགས་ཏེ་ སློབ་རིམ་༧ པ་ཚུན་གྱི་ སློབ་ཕྲུག་མང་ཤོས་ར་ ལྷ་ཆུ་ཐོན་པའི་ཁར་ དྲོད་འབར་རྐྱབ་དོ་ཡོདཔ་ད་ ལ་ལུ་ཅིག་ ཚ་རིམས་ལུ་བརྟེན་ ལྐོད་མར་ རྨ་ཐོན་ཡོདཔ་ཨིན་པས།
ནད་བརྟག་འབད་མི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཚ་རིམས་ཀྱི་ནད་གཞི་དེ་ མི་སྡེའི་ནང་ མང་ཤོས་ར་ སློབ་ཕྲུག་ཨ་ལུ་ཚུ་ལུ་ བྱུང་མི་དེ་ཡང་ སློབ་གྲྭའི་ས་ཁོངས་ནང་ ཨ་རྟག་ར་ རླུང་མ་དང་ ཐལཝ་དང་ གཅིག་ཁར་སྡོད་ནི་དེ་གིས་ཨིནམ་ད་ བསླབ་བྱ་བཟུམ་ཅིག་སྦེ་ ཨ་ལུ་ཚུ་ལུ་ དང་པ་ ཁ་རས་རྐྱབ་དགོ་པའི་ཁར་ གཉིས་པ་ཟེརཝ་ད་ ནད་གཞི་ཐོབ་མི་ཚུ་དང་གཅིག་ཁར་ བར་ན་ས་སྟོང་ མི་ཊར་༡ བཞག་དགོཔ་བཞིན་དུ་ མི་འཛོམས་སའི་ ས་ཁོངས་ཚུ་ནང་འགྱོ་ནི་ལས་ འཛེམ་དགོ་པའི་ གོ་བརྡ་སྤྲོད་ཡོདཔ་ཨིན་པས།
སློབ་གྲྭའི་དབུ་འཛིན་ ཤེས་རབ་རྒྱལ་མཚན་གྱིས་ སླབ་མིའི་ནང་ ས་གནས་ནང་ གསོ་བའི་ཞབས་ཏོག་མཐུན་རྐྱེན་ཚུ་མེད་པ་ལུ་བརྟེན་ སློབ་ཕྲུག་ཨ་ལུ་ཚུ་ལུ་ ཚ་རིམས་ཀྱི་ ཕྲ་འབུབ་ཚུ་ འཇམ་ཏོང་ཏོ་སྦེ་ ཟུན་དོ་ཡོདཔ་ཨིན་རུང་ གསོ་བའི་ལས་རོགསཔ་ཅིག་ སློབ་གྲྭ་ནང་ ཞིབ་དཔྱད་འབད་བར་ འོང་ནི་དེ་གིས་ ཁ་རྗེ་བཟང་ཡི་ཟེར་ཨིན་པས།
ཤེས་རབ་རྒྱལ་མཚན་གྱིས་འབད་བ་ཅིན་ སློབ་ཕྲུག་ཨ་ལུ་ཚུ་ལུ་ཐོབ་མི་ ཚ་རིམས་དེ་ ཚབས་ཆེན་ཅིག་མེནམ་ལས་ ཨ་ལུ་ཕུད་རྡོག་གཅིག་ཡང་ མལ་ཆ་ནང་མ་ལུས་པར་ ཨ་རྟག་བཟུམ་སྦེ་ར་ ཁོང་རའི་ སློབ་ཁང་ནང་སློབ་སྦྱོང་འབད་བར་ འོང་དོ་ཟེར་ སླབ་ཨིན་པའི་གནས་ཚུལ།


རྩོམ་བྲིས་ལས་བྱེདཔ།

No comments:

Post a Comment