གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་༢ དོ་དམ་འོག་ལས་ བྱོག་སོང་ཡོདཔ།

༤/༨/༢༠༡༢   ༉ སྤྱི་ཟླ་༩ པའི་ཚེས་༢ ཀྱི་ནུབ་མོའི་ཆུ་ཚོད་༡༠ དེ་ཅིག་ཁར་ ཐིམ་ཕུ་ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལུ་ཡོད་མི་ ཉེས་དོགས་ཅན་༢ བྱོག་སོང་ཡོདཔ་ལས་ ཁྲིམས་སྲུང་འགག་པ་གིས་ འཚོལ་བའི་བསྒང་ཡོདཔ་ཨིན་པས།
ངག་དབང་རྡོ་རྗེ།
སྤེན་པ།


དེ་ཡང་ འབྲུག་གི་སྣུམ་འཁོར་ཚུ་ རྒྱ་གར་གྱི་ ས་གནས་ཚུ་ནང་ ནག་ཚོང་འཐབ་པའི་ ཉེས་དོགས་ཅན་ བཀྲིས་གཡང་རྩེ་རྒེད་འོག་ གླི་ཅན་ལས་ སྐྱེས་ལོ་༢༣ ལང་མི་ ངག་དབང་རྡོ་རྗེ་དེ་ དུས་ཅི་སྤྱི་ཟླ་༥ པའི་ནང་ ཕུན་ཚོགས་གླིང་ལས་ འཛིན་བཟུང་འབད་ཡོདཔ་ད་ དབང་འདུས་ཕོ་བྲང་ འཕང་གཡུས་རྒེད་འོག་ ཆུང་སེར་ཁ་ལས་ སྐྱེས་ལོ་༢༡ འབད་མི་ སྤེན་པ་དེ་ ཨར་རྐུན་ཚུ་ལུ་བརྟེན་ ཁོ་ཡང་ སྤྱི་ཟླ་༥ པའི་ནང་ འཛིན་བཟུང་འབད་ཡོདཔ་ཨིན་པས།
ད་ལྟོ་ རྫོང་ཁག་ཁྲིམས་ཀྱི་འདུན་སར་ རྩོད་གཞི་ཕྱེ་བའི་བསྒང་ཡོད་མི་ དོགས་པ་ཅན་༢ ཀྱིས་ དོ་དམ་ཁང་གི་ ཐབ་ཚང་གི་ གནམ་སྤང་གུ་ལས་ དོང་སྤེད་དེ་ བྱོག་ཡར་སོ་ནུག་ཟེར་ཨིན་པས།
ཁྲིམས་སྲུང་འགག་པའི་གཙོ་འཛིན་ མདོ་འཛིན་སྐྱིབ་ཅུ་རྣམ་རྒྱལ་གྱིས་ སླབ་མིའི་ནང་ དེ་བསྒང་ ཐབ་ཚང་པའི་ སྐོར་རྒྱབ་ཕོག་མི་ ཉེས་དོགས་ཅན་༢ ཀྱིས་ ཐིམ་ཕུ་སྒྲུབ་མཆོད་དང་ ཚེས་བཅུའི་སྐབས་ ཁྲིམས་སྲུང་འགག་པ་ཚུ་ འུར་བྱེལ་འཐབ་སྟེ་སྡོདཔ་ད་ཡང་ འབྱོག་འགྱོ་ནི་གི་ འཆར་གཞི་བརྩམས་ནུག་ཟེར་ཨིན་པས།
ཁྲིམས་སྲུང་འགག་པའི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ ཐབ་ཚང་དེ་ དོ་དམ་ཁང་གི་ ནང་ན་ཨིནམ་ལས་ ཁྲིམས་སྲུང་འགག་པ་ཚུ་ དོ་དམ་ཁང་གི་ ཕྱི་ཁར་སྡོད་མི་ལུ་བརྟེན་ རྒྱལ་གཞུང་ཉེན་བཅོལ་ལས་འཛིན་གྱི་ སྒྲིང་ཁྱིམ་གྱི་ ཁ་ཐུག་ལས་ ཐོན་ཡར་སོ་ནུག་ཟེར་ཨིན་པས།
མདོ་འཛིན་སྐྱིབ་ཅུ་རྣམ་རྒྱལ་གྱིས་ བཤད་མིའི་ནང་ མ་གཞི་ དོ་དམ་ནང་བཞག་མི་ དོགས་པ་ཅན་ ཟབ་ཏོག་ཏོ་སྦེ་ སྡོད་མི་ཚུ་རྐྱངམ་གཅིག་ སྐོར་རྒྱབ་ཐོག་ ཐབ་ཚངཔ་འབད་བཅུད་དོ་ཡོདཔ་ཨིན་རུང་ ད་རེས་ཀྱི་ གནས་སྟངས་དང་འཁྲིལ་ ཁྲིམས་སྲུང་འགག་པ་ལུ་ ཉམས་མྱོང་གསརཔ་ ཐོབ་ཅི་ཟེར་ཨིན་པས།
གལ་སྲིད་ དོགས་པ་ཅན་༢ མཐོང་མི་ཚུ་གིས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་བ་ཅིན་ དགའ་ཚོར་གྱི་གསོལ་རས་ དངུལ་ཀྲམ་༡༠,༠༠༠ རེ་ བྱིན་ནི་ཨིན་ཟེར་ ཁྲིམས་སྲུང་འགག་སྡེའི་ གཙོ་འཛིན་གྱིས་ སླབ་ཨིན་པའི་གནས་ཚུལ།


ཉི་མ་དབང་འདུས།

No comments:

Post a Comment