གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཨམ་སྲུ་ཅིག་ལུ་ བཙོན་ཁྲིམས་ལོ་༣ བཀལ་ཡོདཔ།

༤/༩/༢༠༡༢   ༉ ཐིམ་ཕུ་རྫོང་ཁག་ཁྲིམས་འདུན་གྱིས་ འཁྲུན་ཆོད་བཏོན་མི་དང་འཁྲིལཝ་ད་ སྐྱེས་ལོ་༡༡ ལང་མི་བུམོ་ བརྡུང་རྫོབ་འབད་མི་ སྐྱེས་ལོ་༤༤ ལང་མི་ ཨམ་སྲུ་ཅིག་ལུ་ བཙོན་ཁྲིམས་ལོ་༣ བཀལ་ཡོདཔ་ཨིན་པས།


དེ་ཡང་ ཐིམ་ཕུ་ལུ་ སྐྱ་བཏོག་ཁང་བཙུགས་ཏེ་སྡོད་མི་ དགེ་ལེགས་ཕུག་ལས་ ཏིར་ཐ་ ཀུ་མ་རི་ པར་དཱན་གྱིས་ དུས་ཅི་ སྤྱི་ཟླ་དང་པའི་ནང་ མོ་རའི་ཁྱིམ་ནང་ ལཱ་འབད་མི་བུམོ་ཅིག་ལུ་ བརྡུང་རྫོབ་འབད་ནི་དེ་གིས་ ཨ་ལུའི་མཐའ་སྐྱོང་དང་ཉེན་སྐྱོབ་བཅའ་ཁྲིམས་ཀྱི་ དོན་ཚན་༢༡༥ པ་ལས་ འགལ་ཡོདཔ་ཨིན་པས།
འཁྲུན་ཆོད་དང་འཁྲིལཝ་ད་ རྐྱེན་ངན་བྱུང་བའི་ནུབ་མོ་ ཨམ་སྲུ་དེ་ མོ་རའི་ལཱ་སར་ལས་ ལོག་ཁྱིམ་ནང་འོང་བའི་སྐབས་ ལཱ་འབད་མི་ བུམོ་དེ་གིས་འཛོལ་ཏེ་ དྲོད་བཏགས་ཧི་ཊར་གྱི་ གློག་ཐག་འཚིགས་བཏང་ཡོདཔ་ མཐོང་བའི་ཤུལ་ལུ་ མོ་གིས་ བུམོ་དེ་ལུ་ པེ་ཊི་ཐག་ལེབ་ ལག་ལེན་འཐབ་ཐོག་ལས་ བརྡུང་རྫོབ་འབད་མི་ལུ་བརྟེན་ བུམོ་དེ་གི་ མིག་ཏོ་གཡས་པའི་འོག་ལུ་ རྨ་སྐྱོན་བཏོན་ནུག་ཟེར་ཨིན་པས།
དེ་མ་ཚད་ ལཱ་འབད་མི་བུམོ་དེ་ རྒྱ་གར་ལས་འབད་ནི་དེ་གིས་ ཕྱི་མི་ནང་སྐྱོད་བཅའ་ཁྲིམས་ཀྱི་ དོན་ཚན་༡༢༧ པ་དང་ཡང་ འགལ་ཡོདཔ་ཨིན་པས།
མ་གཞི་ ཏིར་ཐ་ ཀུ་མ་རི་གིས་ ཕྱི་མི་ནང་སྐྱོད་ཀྱི་ བཅའ་ཁྲིམས་སྐོར་ལས་ ཤེས་རྟོགས་མེད་ནི་དེ་གིས་ དེ་བཟུམ་མའི་ ཉེས་འཛུགས་ཕོག་དགོཔ་མེད་ཟེར་ སླབ་ཡོདཔ་ཨིན་རུང་ ཁྲིམས་འདུན་གྱིས་ དེ་ལུ་ ངོས་ལེན་མ་འབདཝ་ཨིན་པས།
མོ་གིས་ ཁྲིམས་འདུན་ལུ་ བུམོ་དེ་ མོ་རའི་ཁྱིམ་ནང་ ལཱ་འབད་མི་སྦེ་མེན་པར་ མོ་རའི་ ཚ་བོ་༡ ཡོད་མི་དང་གཅིག་ཁར་ ཆ་རོགས་སྦེ་ ཁྱིད་འོང་ཡོདཔ་སྦེ་ སླབ་ཡོདཔ་ཨིན་པས།
འདས་པའི་བདུན་ཕྲག་ནང་ འཁྲུན་ཆོད་བཏོན་མི་དང་འཁྲིལཝ་ད་ དེ་བཟུམ་མའི་ བཙོན་ཁྲིམས་བཀལ་དགོ་མི་དེ་ཡང་ གཙོ་བོ་ར་ ད་ལས་ཕར་ ཨ་ལུ་ཚུ་ལུ་ ཉེ་རིང་དང་ ལོག་སྤྱོད་ དེ་ལས་ ཁྲིམས་འགལ་ཐོག་ རྒྱལ་ཁབ་གཅིག་ལས་གཅིག་ནང་ ཁྱིད་བསྐྱལ་ནི་ དེ་ལས་ རྩུབ་སྤྱོད་འབད་ནི་ལས་ བཀག་ཐབས་འབད་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
རྐྱེན་ངན་དེ་གི་སྐོར་ལས་ ཨ་ལུའི་ཉེན་སྲུང་སྡེ་ཕྲན་གྱིས་ གསང་བའི་སྙན་ཞུ་ཅིག་ ཐོབ་མི་དང་འཁྲིལ་ ཨམ་སྲུ་དེ་ དོ་དམ་འོག་ལུ་བཙུགས་བཞག་ཡོདཔ་ད་ ཏིར་ཐ་ ཀུ་མ་རི་དེ་ ཁྲིམས་འཐུས་བཏབ་མ་ཆོག་པར་ བཙོན་ཁྲིམས་ ཕོག་ཡོདཔ་ད་ ཨ་ལུ་དེ་ཡང་ ལོག་མོ་རའི་གཡུས་ཁར་ བཏང་ཡོདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment