གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྒེར་སྡེ་ཚུ་གིས་ ཁྲོམ་སྡེའི་འགྲུལ་སྐྱེལ་ཞབས་ཏོག་བྱིན་ནི་ བཤོལ་བཞག་འབད་ཡོདཔ།

༧/༩/༢༠༡༢   ༉ སྒེར་སྡེ་ཚུ་གིས་ ཐིམ་ཕུ་ཁྲོམ་སྡེའི་ མི་མང་སྐྱེལ་འདྲེན་ཞབས་ཏོག་ བཤོལ་བཞག་མི་དེ་གིས་ ལམ་འགྲུལ་འབད་མི་ཚུ་ལུ་ གནོད་པ་ཅིག་ ག་ནི་ཡང་མ་བྱུང་ཟེར་ འབྲུག་འགྲེམ་ལས་འཛིན་གྱི་ ཁྲོམ་སྡེའི་འགྲུལ་སྐྱེལ་ཞབས་ཏོག་གི་ འཛིན་སྐྱོང་འགོ་དཔོན་ རྡོ་རྗེ་ཕུན་ཚོགས་ཀྱིས་ སླབ་ཨིན་པས།
ཐིམ་ཁྲོམ་ནང་འཁོད་ལུ་ འགྲུལ་སྐྱེལ་ཞབས་ཏོག་བྱིན་མི་ འབྲུག་འགྲེམ་གྱི་ སྣུམ་འཁོར་བཱསི་ཚུ།


འདས་པའི་ཟླཝ་༤ ལྷགཔ་ཅིག་གི་རིང་ལུ་ ཁྲོམ་སྡེའི་འགྲུལ་སྐྱེལ་ཞབས་ཏོག་གི་དོན་ལུ་ བཱསི་༥ བཙུགས་མི་ གསེར་ཉ་དང་ མེ་ཏོག་སྐྱེལ་འདྲེན་༢ ཀྱིས་ སྤྱི་ཟླ་༩ པའི་ཚེས་༡ ལས་ བཤོལ་བཞག་འབད་ཡོདཔ་ཨིན་པས།
རྡོ་རྗེ་ཕུན་ཚོགས་ཀྱིས་འབད་བ་ཅིན་ ཁྲོམ་སྡེའི་འགྲུལ་སྐྱེལ་ཞབས་ཏོག་ འགོ་འདྲེན་འཐབ་མི་ སྒེར་གྱི་ལས་སྡེ་༢ ཕྱིར་ཐོན་སོང་མི་དེ་གིས་ ཁོང་ལུ་ བར་ཆད་ག་ཅི་ཡང་ མ་བྱུང་ཟེར་ཨིནམ་ད་ ལས་འཛིན་གྱིས་ མཁོ་མངགས་འབད་མི་ བཱསི་གསརཔ་༡༥ ཡང་ ད་རེས་ཀྱི་ ཟླ་མཇུག་ལུ་ ལྷོད་འོང་ཟེར་ཨིན་པས།
བརྒྱུད་འབྲེལ་ལྷན་ཁག་གི་ འགོ་དཔོན་ཚུ་གིས་ བཤད་མིའི་ནང་ སྒེར་སྡེ་༢ ཀྱིས་ མོ་བཏབ་ཀྱི་དོན་ལུ་ ཞབས་ཏོག་ཚུ་ འགོ་བཙུགས་པའི་སྐབས་ ཡིག་ཐོག་ལུ་དང་ ཡང་ཅིན་ ངག་ཐོག་གི་ གན་རྒྱ་ཚུ་མེདཔ་ལས་ ད་རེས་ བརྡ་ལན་ཅིག་ ག་ནི་ཡང་ མ་འབད་བར་ བཤོལ་བཞག་འབད་མི་དེ་ལུ་ ངོས་ལེན་འབད་ཐབས་ མེད་ཟེར་ཨིན་པས།
ལྷན་ཁག་གི་ འཆར་གཞི་འགོ་དཔོན་གོངམ་ བསོད་ནམས་དོན་གྲུབ་ཀྱིས་ འབད་བ་ཅིན་ སྒེར་གྱི་ སྐྱེལ་འདྲེན་ལས་སྡེ་༢ ཀྱིས་ ཞབས་ཏོག་དེ་ལུ་བརྟེན་ ཁེ་ཕན་ཚུ་ ག་དེ་སྦེ་ འཐོབ་ཚུགས་པས་ག་ བལྟ་ནིའི་དོན་ལུ་ ཞབས་ཏོག་འགོ་འདྲེན་འཐབ་ཡོདཔ་མ་གཏོགས་ ལྷན་ཁག་དང་ ཁོང་གི་བར་ན་ གན་རྒྱ་ཚུ་ བཟོ་བཟོཝ་ མེད་ཟེར་ཨིན་པས།
ཨིན་རུང་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱི་ སྐྱེལ་འདྲེན་འགོ་དཔོན་གོངམ་ ཀརྨ་སྤེན་པ་གིས་ སླབ་མིའི་ནང་ སྒེར་གྱི་ འགྲུལ་སྐྱེལ་ཞབས་ཏོག་ལས་སྡེ་༢ ཀྱིས་ ཕྱིར་ཐོན་མ་འགྱོ་བའི་ཧེ་མར་ དབང་འཛིན་ཚུ་གི་ ལན་གསལ་ལུ་ཡང་ སྒུག་མ་བཏུབ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཐིམ་ཁྲོམ་ནང་སྡོད་མི་ཚུ་ ཨ་རྟག་ར་ འགྲུལ་བསྐྱོད་འབད་སའི་ས་གནས་ བར་སྦིས་ས་དང་ བདེ་ཆེན་ཆོས་གླིང་བཟུམ་མའི་ ས་གནས་ཁག་ཚུ་གི་ འགྲུལ་སྐྱེལ་དཀའ་ངལ་ཚུ་ བསལ་ནི་ལུ་དམིགས་ཏེ་ སྒེར་གྱི་འགྲུལ་སྐྱེལ་ཞབས་ཏོག་ལས་སྡེ་ཚུ་ལུ་ གོ་སྐབས་བྱིན་ཡི་ཟེར་ཨིན་པས།
ཨིན་རུང་ འབྲུག་འགྲེམ་ལས་འཛིན་གྱི་ འགྲུལ་སྐྱེལ་བཱསི་གསརཔ་ཚུ་ འཕྲལ་མགྱོགས་ར་ ལྷོད་ནི་ཨིནམ་ལས་ ཁྲོམ་སྡེའི་ འགྲུལ་སྐྱེལ་འདྲེན་ཞབས་ཏོག་ལུ་ ཐོ་མི་ཕོག་ཟེར་ཨིན་པས།
མ་གཞི་ ཀཱོསི་ཊར་བཱསི་༡༢ ཉོ་ནིའི་དོན་ལས་ འབྲུག་འགྲེམ་ལུ་ མ་དངུལ་བྱིན་ཡོདཔ་ཨིན་རུང་ རྒྱ་ནག་གི་བཱསི་ཚུ་ གོང་ཚད་ཁེ་ཏོག་ཏོ་ ཡོད་མི་ལུ་བརྟེན་ མ་དངུལ་ཡོངས་བསྡོམས་དེ་གིས་ བཱསི་ཐེབས་༣ ཉོ་ཚུགས་ནི་མས་ཟེར་ རྡོ་རྗེ་ཕུན་ཚོགས་ཀྱིས་ སླབ་ཨིན་པས།
ད་རེས་ འབྲུག་འགྲེམ་ལས་འཛིན་ལུ་ ཁྲོམ་སྡེའི་འགྲུལ་སྐྱེལ་བཱསི་༡༩ ཡོད་མི་ཚུ་གིས་ ཉིན་བསྟར་བཞིན་དུ་ སྐྱེལ་འདྲེན་ཚར་༡༨ རེ་ འབད་དོ་ཡོདཔ་ཨིན་པའི་གནས་ཚུལ།


རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment