གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དབང་བཙོང་ཐོག་ལས་མིན་པར་ མོས་མཐུན་ལུས་འབྲེལ་འབད་ཡོདཔ།

༥/༩/༢༠༡༢    ༉ སྤྱི་ལོ་༢༠༡༡ ཟླ་༩ པའི་ནང་ ཐིམ་ཕུ་ལུ་ ཕོ་སྐྱེས་ཅིག་གིས་ ཁོ་རའི་ཁྱིམ་ནང་སྡོད་མི་ སློབ་ཕྲུག་བུམོ་ཅིག་ལུ་ དབང་བཙོང་ལུས་འབྲེལ་འབད་དེ་ ཨ་ལུ་བཀང་བའི་རྩོད་བཤེར་དེ་ ཐིམ་ཕུ་རྫོང་ཁག་ཁྲིམས་འདུན་གྱིས་ ཕྱིར་འབུད་བཏང་ཡོདཔ་ཨིན་པས།


དེ་ཡང་ ཉམས་རྒུདཔ་དེ་གི་ སྐྱེས་ཚེས་ལག་ཁྱེར་དང་གཅིག་ཁར་ གསོ་བའི་འཕྲུལ་ཆས་ཚུ་ ལག་ལེན་འཐབ་ཐོག་ལས་ དབྱེ་ཞིབ་འབདཝ་ད་ རྐྱེན་ངན་བྱུང་བའི་སྐབས་ སློབ་ཕྲུག་བུམོ་དེ་ སྐྱེས་ལོ་༡༨ དང་ ཟླཝ་༣ ལང་ཡོདཔ་བཞིན་དུ་ ཕོ་སྐྱེས་དེ་གིས་ དབང་བཙོང་ཐོག་ལས་ ལུས་འབྲེལ་འབད་འབདཝ་མེན་པར་ ཁོང་ར་༢ མོས་མཐུན་ཐོག་ལས་ འབད་ཡོད་པའི་ བདེན་རྟགས་བྱུང་མི་ལུ་བརྟེན་ཏེ་ཨིན་པས།
མ་གཞི་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཕོ་སྐྱེས་དེ་གིས་ ཨ་ལུ་སྐྱེས་ལོ་༡༢ ཡན་ཆད་ལུ་ བཙན་གཡེམ་གནོད་འགེལ་གྱི་ ཉེས་འཛུགས་འབད་ཡོདཔ་ཨིན་རུང་ ཁྲིམས་ཀྱི་འདུན་སར་ ཐེ་ཚོམ་ལས་བྲལ་བའི་ མངོན་རྟགས་ཚུ་ ཁྲིམས་ཀྱི་རེ་སྐོང་ ཡོངས་སུ་རྫོགསཔ་སྦེ་ སྟོན་ནི་མེདཔ་ལས་ བུམོ་དེ་གི་ སྐྱེས་ཚེས་ལག་ཁྱེར་ལུ་ གཞི་བཞག་ཐོག་ལས་ ཕོ་སྐྱེས་དེ་ ཉེས་གྲོལ་བཏང་ཡི་ཟེར་ འཁྲུན་ཆོད་ནང་བཀོད་ནུག།
འཁྲུན་ཆོད་དང་འཁྲིལཝ་ད་ ཉམས་རྒུདཔ་དེ་ ད་ལྟོ་ཡང་ ཕོ་སྐྱེས་དེ་དང་ ཁོ་རའི་གནས་ཚང་༢ ཀྱིས་ ཁོང་རའི་ ཨ་ལུ་བཟུམ་སྦེ་ར་ བཞག་སྟེ་ཡོདཔ་ད་ ད་ལས་ཕར་འབད་རུང་ གཉེན་གྱི་དབང་ཚད་ འདྲ་མཉམ་སྤྲོད་ཐོག་ལས་ བཟའ་ཚང་༣ སྦེ་ གཅིག་ཁར་བསྡོམས་ཏེ་ སྡོད་དགོཔ་ཨིན་པས།
ཕོ་སྐྱེས་དེ་ སྤྱི་ལོ་༢༠༡༢ ཟླ་༤ པའི་ཚེས་༢༧ ལུ་ ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་དེ་ སྤྱི་ལོ་༢༠༡༢ ཟླ་༨ པའི་ཚེས་༣༡ ཚུན་ དོ་དམ་འོག་བཞག་མི་ལུ་ གྱོང་རྒུད་ཕོག་པའི་ རྒུད་འཐུས་ཐོབ་དབང་ཡོད་རུང་ ཁོ་ར་ འཛིན་བཟུང་འབད་བའི་སྐབས་ བུམོ་དེ་གི་ སྐྱེས་ཚེས་ལག་ཁྱེར་བཏོན་ནི་མེད་མི་དང་ དོ་དམ་འོག་ལུ་སྡོདཔ་ད་ཡང་ ཁོ་རའི་ ཡིག་ཚང་ནང་ལས་ ངལ་གསོ་ཞུ་སྟེ་སྡོད་པའི་ཁར་ ཁོ་རའི་ ཟླ་རིམ་གྱི་དངུལ་ཕོགས་ཚུ་ཡང་ ཐོབ་མི་ལུ་བརྟེན་ འོང་འབབ་ལུ་ གྱོང་རྒུད་ཕོག་ཕོགཔ་མེདཔ་ལས་ རྒུད་འཐུས་མ་ཐོབ་སྦེ་ འཁྲུན་ཆོད་གནང་ནུག།
རྐྱེན་ངན་བྱུང་བའི་སྐབས་ལུ་ བུམོ་དེ་ ཐིམ་ཕུའི་སློབ་གྲྭ་ཅིག་ནང་ དཔེ་ཆ་ལྷབ་མི་ཅིག་ ཨིན་པའི་གནས་ཚུལ།


ཉི་མ་དབང་འདུས།

No comments:

Post a Comment