གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལོ་ངོ་༣ གྱི་རྒྱབ་ལས་ མི་འབོར་༢༠༠,༠༠༠ ལུ་ བརྡ་དོན་འཕྲུལ་རིག་གི་ ཤེས་ཡོན་ཁྱབ་སྤེལ།

༣/༩/༢༠༡༢   ༉ བདུན་ཕྲག་ཧེ་མའི་ནང་ དབང་འདུས་ཕོ་བྲང་ བསམ་ཐང་འཕྲུལ་རིག་སྦྱོང་བརྡར་སྤེལ་ཁང་དང་ གསར་སྤང་སེར་གཞོང་བཟོ་རིག་སྤེལ་ཁང་ དེ་ལས་ བཀྲིས་གཡང་རྩེ་བཟོ་རིག་བཅུ་གསུམ་སྤེལ་ཁང་ཚུ་ནང་ བརྡ་དོན་འཕྲུལ་རིག་སྤེལ་ཁང་གསརཔ་༣ སྒོ་འབྱེད་འབད་མི་དེ་གིས་ ད་ལས་ཕར་ རྒྱལ་ཁབ་ཀྱི་ མི་འབོར་༨༠,༠༠༠ ལྷགཔ་ཅིག་ལུ་ བརྡ་དོན་འཕྲུལ་རིག་དང་འབྲེལ་བའི་ ཤེས་ཡོན་ཁྱབ་སྤེལ་འབད་ཚུགས་ནི་ཨིན་པས།
ལས་གཡོག་བློན་པོ་ རྡོ་རྗེ་དབང་འདུས་ཀྱིས་ བསམ་ཐང་འཕྲུལ་རིག་སྦྱོང་བརྡར་སྤེལ་ཁང་ནང་ བརྡ་དོན་འཕྲུལ་རིག་སྤེལ་ཁང་སྒོ་འབྱེད་འབད་བའི་བསྒང་།


དེ་ཡང་ བརྡ་དོན་འཕྲུལ་རིག་གི་ཞབས་ཏོག་དེ་ སྤྱི་ཕན་རིག་འཕེལ་ ལས་འགུལ་གྱིས་ བྱིན་དོ་ཡོདཔ་ད་ སྤྱི་ཟླ་༨ པའི་ཚེས་༣༡ ལུ་ སྒོ་འབྱེད་འབད་མི་དེ་གིས་ ལག་ཤེས་སྦྱོང་བརྡར་སྤེལ་ཁང་༨ ནང་ བརྡ་དོན་འཕྲུལ་རིག་གི་ ཞབས་ཏོག་མཁོ་སྤྲོད་འབད་ཚུགས་པའི་ བརྡ་མཚོན་སྟོནམ་ཨིན་པས།
བརྡ་དོན་སྤེལ་ཁང་ཚུ་གི་ཐོག་ལས་ རྒྱལ་ཁབ་ནང་འཁོད་ཀྱི་ སློབ་ཕྲུག་༥༠,༠༠༠ ལྷགཔ་ཅིག་གིས་ བརྡ་དོན་འཕྲུལ་རིག་དང་འབྲེལ་བའི་ ཤེས་ཡོན་འཐོབ་ཚུགས་ནི་ཨིན་པས།
དབང་འདུས་ཕོ་བྲང་གི་ བརྡ་དོན་འཕྲུག་རིག་སྤེལ་ཁང་ སྒོ་འབྱེད་འབདཝ་ད་ ལས་གཡོག་བློན་པོ་ རྡོ་རྗེ་དབང་འདུས་ཀྱིས་ བཤད་མིའི་ནང་ བརྡ་དོན་ཕྲུལ་རིག་གིས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ལྟ་བ་ ཧ་གོ་ནི་ལུ་ཡང་ ཁེ་ཕན་འབྱུང་ནི་ཨིན་མི་དེ་ཡང་ ཤེས་རིག་ཡོན་ཏན་དེ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ གཞི་རྩ་ངོ་མ་ཅིག་ཨིནམ་ལས་ བརྡ་དོན་འཕྲུལ་རིག་ལུ་བརྟེན་ ལྷབ་ཚུགས་པའི་ གོ་སྐབས་ཡོད་ཟེར་ཨིན་པས།
ཧེ་མ་འབད་བ་ཅིན་ སློབ་གྲྭའི་ཆོས་ཚན་རྩ་གཞུང་དང་ རྒྱབ་རྟེན་ཆོས་ཚན་ཚུ་ག་ར་ དཔེ་དེབ་ཐོག་ལུ་ཡོད་རུང་ ད་རེས་ནངས་པ་ ཤེས་ཡོན་དེ་ གློག་རིག་ཡོངས་འབྲེལ་ནང་ལས་ ཐོབ་ཚུགས་མི་ལུ་བརྟེན་ བརྡ་དོན་འཕྲུལ་རིག་དང་འབྲེལ་བའི་ ཤེས་ཡོན་ཡོད་པ་ཅིན་ ཡོན་ཏན་ལེགས་ཤོམ་སྦེ་ ལྷབ་ཚུགས་པའི་ གོ་སྐབས་འདུག་ཟེར་ བློན་པོ་རྡོ་རྗེ་དབང་འདུས་ཀྱིས་བཤད་ཅི།
བརྡ་དོན་འཕྲུལ་རིལ་ལས་འགུལ་དེ་  རྒྱ་གར་གཞུང་གིས་ མ་དངུལ་གྲོགས་རམ་ དངུལ་ཀྲམ་ས་ཡ་༢༥༣ གྱི་ཐོག་ལས་ སྤྱི་ལོ་༢༠༡༠ ཟླཝ་༤ པའི་ཚེས་༣༠ ལུ་ འགོ་བཙུགས་ཡོདཔ་བཞིན་དུ་ ད་ཚུན་གྱི་བར་ ན་གཞོན་༡༣,༠༠༠ དང་ ཞི་གཡོགཔ་༧,༠༠༠ སློབ་གྲྭའི་སློབ་དཔོན་༥,༠༠༠ དེ་ལས་ གཞུང་གྲྭ་ཚང་གི་ དགེ་སློང་༢༤༠ ལུ་ ཤེས་ཡོན་བྱིན་ཡོདཔ་མ་ཚད་ དབང་པོ་ལུ་ ཐོ་ཕོག་མི་ཚུ་གི་དོན་ལུ་ ལྟེ་བ་༡༣༠ ལྷགཔ་ཅིག་ སྒོ་ཕྱེ་ཡོདཔ་ཨིན་པས།
ལས་རིམ་དེ་ འཛམ་གླིང་ནང་ གློག་རིག་གི་ ཤེས་ཡོན་སྤེལ་མི་ ནི་ཊི་ཟེར་མི་ སྒེར་གྱི་ལས་སྡེ་ཅིག་གིས་ བྱིན་དོ་ཡོདཔ་ད་ ལས་སྡེའི་གཙོ་འཛིན་འོག་མ་ ཝི་ཝིག་རའོ་གིས་ སླབ་མིའི་ནང་ དེ་བཟུམ་མའི་ལས་འགུལ་ འབྲུག་ལུ་ འགོ་བཙུགས་མི་དེ་ཡང་ འབྲུག་གི་བློན་ཆེན་མཆོག་གིས་ མི་སྡེ་དཔལ་འབྱོར་གོང་འཕེལ་དེ་  བརྡ་དོན་འཕྲུལ་རིག་གི་ཐོག་ལས་ གཏང་ནི་གི་ ཐུགས་བཞེད་གནང་མི་དང་བསྟུན་ཨིན་པས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ འབྲུག་ལུ་ དེ་བཟུམ་གྱི་ ལས་འགུལ་སྦོམ་སྦེ་ འགོ་བཙུགས་མི་དེ་ འཛམ་གླིང་ནང་ འགོ་དང་པ་འོང་ཟེར་ཨིནམ་ད་ ལས་འགུལ་དེ་ སྤྱི་ལོ་༢༠༡༥ ལུ་ མཇུག་བསྡུ་བའི་བསྒང་ལས་ འབྲུག་གི་མི་རློབས་༧༠༠,༠༠༠ དེ་ཅིག་ལས་༢༠༠,༠༠༠ ལྷགཔ་ཅིག་ལུ་ བརྡ་དོན་འཕྲུལ་རིག་གི་ ཤེས་ཡོན་སྤེལ་ཚུགས་པའི་ དམིགས་གཏད་བསྐྱེད་དོ་ཡོདཔ་ཨིན་པའི་གནས་ཚུལ།


དབང་འདུས་ལས་  བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment