གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མགྲོན་སྐྱོང་སྡེ་ཚན་ནང་ མི་སྟོབས་ཀྱི་ དཀའ་ངལ་མི་འཐོན་ནི།

༣/༩/༢༠༡༢   ད་རིས་ཉིན་མར་ བཞེས་སྒོ་འབད་ཐངས་དང་ ཁ་ཟས་དང་ མངར་ཟས་ཀྱི་རིགས་བཟོ་ཐངས་ཀྱི་ སྦྱོང་བརྡར་མཇུག་བསྡུ་མི་ ན་གཞོན་༥༦ ལུ་ ལག་ཁྱེར་བྱིན་ནི།

༉ བཞེས་སྒོ་འབད་ཐངས་དང་ ཁ་ཟས་དང་ མངར་ཟས་ཀྱི་རིགས་བཟོ་ཐངས་ཀྱི་ སྦྱོང་བརྡར་མཇུག་བསྡུ་མི་ ན་གཞོན་༥༦ ལུ་ ད་རིས་ཉིན་མར་ ལས་གཡོག་བློན་པོ་ རྡོ་རྗེ་དབང་འདུས་ཀྱིས་ ལག་ཁྱེར་ཚུ་ གནང་ནི་ཨིན་པས།


དེ་ཡང་ ཐིམ་ཕུ་རྟ་བབ་ལུ་ འབྲུག་རྒྱལ་སྤྱི་མགྲོན་སྐྱོང་དང་ ལྟ་བཤལ་འཛིན་སྐྱོང་སློབ་གྲྭ་ནང་ དུས་ཡུན་ཟླ་ངོ་༦ གི་རིང་ སྦྱོང་བརྡར་འབད་མི་ ན་གཞོན་༥༦ གི་གྲས་ལས་༣༦ གིས་ ཚོང་འབྲེལ་གྱི་དོན་ལུ་ བཞེས་སྒོ་འབད་ཐངས་དང་ ཐབ་ཚང་པའི་སྦྱོང་བརྡར་འབད་ཡོདཔ་མ་ཚད་༢༠ གིས་ ཁ་ཟས་དང་ མངར་ཟས་ཀྱི་རིགས་བཟོ་ཐངས་སྐོར་ལས་ སློབ་སྦྱོང་འབད་མི་དེ་ སྤྱི་ཟླ་༨ པའི་ཚེས་༣༡ ལུ་ མཇུག་བསྡུ་ཡོདཔ་ཨིན་པས།
ལས་གཡོག་ལྷན་ཁག་ལས་འབྱོར་བའི་ གནས་ཚུལ་གསར་བཏོན་དང་འཁྲིལཝ་ད་ སྦྱོང་བརྡར་མཐར་འཁྱོལ་མི་ཚུ་གིས་ རྒྱལ་ཁབ་ནང་འཁོད་ཀྱི་ ཟ་ཁང་ཚུ་ནང་ ཐབ་དཔོན་དང་ མངར་ཟས་/ཁ་ཟས་བཟོ་མི་སྦེ་ ལཱ་འབད་འོང་ཟེར་ཨིནམ་ད་ ལ་ལུ་ཅིག་གིས་ རིག་རྩལ་གསརཔ་ལྷབ་མི་ཚུ་ ལག་ལེན་འཐབ་ཐོག་ལས་ ཁ་ཟས་དང་ མངར་ཟས་བཟོ་ཁང་ཚུ་ གཞི་བཙུགས་འབད་ནི་གི་ འོས་འབབ་ཡོད་ཟེར་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།
ལས་གཡོག་ལྷན་ཁག་གིས་ འཛམ་གླིང་དངུལ་ཁང་གི་ མ་དངུལ་ཐོག་ལས་ འབྲུག་རྒྱལ་སྤྱི་མགྲོན་སྐྱོང་དང་ ལྟ་བཤལ་འཛིན་སྐྱོང་སློབ་གྲྭ་དང་ མཉམ་འབྲེལ་འབད་དེ་ སྦྱོང་བརྡར་བྱིན་མི་དེ་ལུ་ དངུལ་ཀྲམ་ས་ཡ་༢.༨༥༦ ཟད་འགྲོ་བཏང་ཡོདཔ་ཨིན་པས།
ད་རེས་ནངས་པ་ འཛམ་གླིང་དངུལ་ཁང་གི་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ མི་གྲངས་༢༥ གིས་ སློབ་གྲྭ་དེ་ནང་ ཟླ་ངོ་༡༢ འབད་མི་ ཌིབ་ལོ་མའི་འཛིན་སྐྱོང་སློབ་སྦྱོང་འབད་བའི་བསྒང་ཡོད་མི་དེ་ སང་ཕོད་ སྤྱི་ཟླ་༡ པའི་ཚེས་༣༡ ལུ་ མཇུག་བསྡུ་ནི་ཨིན་པས།
འབྲུག་གི་མི་སྡེ་དཔལ་འབྱོར་མགྱོགས་འགྲོས་ཀྱི་ བརྩོན་ཤུགས་ཐབས་ལམ་ནང་ མགྲོན་སྐྱོང་སྡེ་ཚན་དེ་ དཔལ་འབྱོར་གོང་འཕེལ་ལུ་ ལྷན་ཐབས་དང་ ན་གཞོན་ཚུ་གི་དོན་ལས་ ལཱ་གཡོག་གི་ གོ་སྐབས་བཟོ་མི་ཅིག་ཨིནམ་སྦེ་ ངོས་འཛིན་འབད་ཡོདཔ་བཞིན་དུ་ སྡེ་ཚན་དེ་ནང་ གཞུང་གིས་ སྤྱི་ལོ་༢༠༡༣ ལུ་ ན་གཞོན་༣,༥༠༠ དེ་ཅིག་ལུ་ སྦྱོང་བརྡར་བྱིན་དགོཔ་ཨིན་པས།
ད་ཚུན་གྱི་བར་ན་ ལྷན་ཁག་གིས་ མི་གྲངས་༤༥༤ ལུ་ རྒྱལ་ཁབ་ཕྱི་ནང་གཉིས་ཆ་རའི་ནང་ བཞེས་སྒོ་འབད་ཐངས་དང་ ཁྱིམ་གྱི་མཐའ་སྐྱོང་ སྐྱ་དང་བཟོ་བཟོ་ཐངས་ བཞེས་སྒོ་དྲང་ཐངས་ ལས་སྣ་འཛིན་སྐྱོང་འཐབ་ཐངས་ལ་སོགས་པའི་ སྦྱོང་བརྡར་ཚུ་ བྱིན་ཡོད་པའི་གནས་ཚུལ།

No comments:

Post a Comment