གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྣུམ་འཁོར་རྦོབ་རིལ་གྱི་ རྒྱུ་རྐྱེན་ལུ་ ཞིབ་དཔྱད་འཕྲོ་མཐུད།

༨/༩/༢༠༡༢   ༉ སྤྱི་ཟླ་༩ པའི་ཚེས་༦ གི་ཉིན་མར་ བསམ་གྲུབ་ལྗོངས་མཁར་ལས་ བཀྲིས་སྒང་ཁ་ཐུག་ལུ་འགྱོ་མི་ སྣུམ་འཁོར་མ་ཧིན་ད་ར་ བོ་ལི་རོ་ཅིག་ ལམ་འོག་ལས་མར་ མི་ཊར་༢༥༠ གི་ས་ཁར་ རྦོབ་རིལ་བའི་ རྐྱེན་ངན་ནང་ སྐྱེས་ལོ་༣༣ ལང་མི་ ཨམ་སྲུ་ཅིག་ ཁ་འཐུམ་མར་ བསད་ཡོདཔ་ཨིན་པས།
ལམ་འོག་ལས་མར་ མི་ཊར་༢༥༠ གི་ས་ཁར་ རྦོབ་རིལ་སོང་མི་སྣུམ་འཁོར།


སྣུམ་འཁོར་དེ་ དེད་གཡོགཔ་རྩིས་ཏེ་ འགྲུལ་པ་༦ འབག་སྟེ་ སྒོམ་དར་རྒེད་འོག་ནང་ སོང་བའི་སྐབས་ བསམ་གྲུབ་ལྗོངས་མཁར་ལས་ ཀི་ལོ་མི་ཊར་༣༨ དེ་ཅིག་གི་ས་གནས་ མེ་ཏིང་ཁ་ལུ་ལྷོདཔ་ད་ རྦོལ་རིལ་སོང་ནུག།
དེ་བསྒང་ འགྲུལ་པ་སྐྱེས་ལོ་༤༨ དང་༢༨ ལང་མི་ ཨམ་སྲུ་༢ དང་ སྐྱེས་ལོ་༤༣ ལང་མི་ ཕོ་སྐྱེས་ལུ་ རྨ་སྐྱོན་བྱུང་ཡོད་རུང་ དེད་གཡོགཔ་དང་ འགྲུལ་པ་གཞན་ཅིག་ལུ་ གནོད་སྐྱོན་མ་བྱུང་པས།
ཚེ་འདས་ཨམ་སྲུ་དེ་ ཝང་ཕུག་རྒེད་འོག་ སྲོག་ཤིང་སྤང་ཐང་ལས་ཨིནམ་ད་ བསམ་གྲུབ་ལྗོངས་མཁར་གྱི་ ཁྲིམས་སྲུང་འགག་པ་གིས་ སླབ་མིའི་ནང་ རྨ་སྐྱོན་བྱུང་མི་ འགྲུལ་པ་༣ ཆ་ར་ དེ་འཕྲོ་ལས་ བདེ་བ་ཐང་སྨན་ཁང་ནང་ བསྐྱལ་ཡོདཔ་ལས་ ད་ལྟོ་ གནས་སྟངས་ལེགས་ཤོམ་ཐོག་ལུ་ཡོད་ཟེར་ཨིནམ་ད་ ཁོང་༣ གྱི་གྲས་ལས་ སྐྱེས་ལོ་༢༨ ལང་མི་ ཨམ་སྲུ་དེ་གི་ རྐངམ་གཡས་པ་དེ་ ཆག་དཀྲུམས་ཡར་སོ་ནུག་ཟེར་ཨིན་པས།
ཁྲིམས་སྲུང་འགག་པ་གིས་འབད་བ་ཅིན་ ཁོང་ཆ་ཁྱབ་ ས་ཁོངས་དེ་ནང་ མ་ལྷོད་པའི་ཧེ་མར་ ལམ་རྒྱ་བསྐྱེད་ཀྱི་ ལམ་སེལ་ལཱ་ཚུ་ལུ་ ལྟ་རྟོག་འབད་མི་ གི་རིཕ་གི་ འགོ་དཔོན་དང་ ལས་མི་ཚུ་གིས་ རྨ་སྐྱོན་བྱུང་མི་ཚུ་ བདེ་བ་ཐང་སྨན་ཁང་ནང་ བསྐྱལ་ཚར་ནུག་ཟེར་ཨིན་པས།
རྐྱེན་ངན་དེ་ ག་དེ་སྦེ་ བྱུང་བྱུངམ་ཨིན་ན་ ཧ་གོ་མ་ཚུགསཔ་ལས་ ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་བསྒང་ཡོདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment