གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྲིད་ཚོགས་གསརཔ་ བྷུ་ཊཱན་ཀུན་མཉམ་པར་ཊི་གིས་ ད་ཚུན་ འདེམས་ངོ་༢༩ གཏན་འཁེལ་ཐོབ་ཡོདཔ།

༦/༩/༢༠༡༢   ༉ སྤྱི་ཚོགས་༢ པའི་བཙག་འཐུ་ནང་ བཅའ་མར་གཏོགས་ནི་གི་ དང་འདོད་ཡོད་མི་ སྲིད་ཚོགས་གསརཔ་ བྷུ་ཊཱན་ཀུན་མཉམ་པར་ཊི་གིས་ ཁ་ཙ་ ཚོགས་པའི་གནས་སྟངས་སྙན་ཞུ་ཅིག་ བརྡ་བརྒྱུད་ཚུ་ལུ་ གསལ་བཀོད་འབད་མིའི་ནང་ ད་ལྟོ་ཚུན་ ཚོགས་པའི་འདེམས་ངོ་༢༩ གཏན་འཁེལ་ཐོབ་ཡོད་པའི་ཁར་ ཚོགས་པའི་ ཡོངས་ཁྱབ་དྲུང་ཆེན་ཡང་ ངོས་འཛིན་འབད་ཡི་ཟེར་ཨིན་པས།


སྲིད་ཚོགས་དེ་གི་ མཉམ་འབྲེལ་བ་ བསོད་ནམས་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ འདེམས་ངོ་ཚུ་ མང་ཤོས་ར་ ཞི་གཡོགཔ་དང་ ལས་འཛིན་ཚུ་གི་ འགོ་དཔོན་ཚུ་ཨིནམ་མ་ཚད་ སྒེར་སྡེ་ཚུ་ནང་ལས་ཡང་ དག་པ་ཅིག་ ཡོད་ཟེར་ཨིན་པས།
ཁོ་གིས་ བརྡ་བརྒྱུད་ཚུ་ལུ་ འོས་འབབ་ཅན་གྱི་ འདེམས་ངོ་༤ གི་མིང་ གསལ་བཏོན་འབད་མིའི་གྲས་ལས་ དབང་འདུས་ལས་ཨིན་མི་ བསོད་ནམས་སྟོབས་རྒྱས་ཁོ་ར་དང་ ཆུ་ཁ་ལས་ སྒེར་གི་ཚོང་པ་ འཕྲིལ་ལས་རྡོ་རྗེ་ དར་དཀར་ནང་ལས་ དམག་སྡེའི་ལིང་དཔོན་བགྲེསཔ་ཅིག་ཨིན་མི་ ཀ་མཱལ་ ཆེ་ཏི་རི་ དེ་ལས་ གཞལམ་སྒང་ལས་ ཞི་གཡོགཔ་བགྲེསཔ་ ཚེ་རིང་དངོས་གྲུབ་ཚུ་ཨིན་ཟེར་ སླབ་ཨིན་པས།
འདེམས་ངོ་༢༩ གཏན་འཁེལ་སོང་མིའི་གྲངས་སུ་ ཐིམ་ཁྲོམ་སྟོད་དང་སྨད་ལས་ ཨམ་སྲུ་༢ རྩིས་ཏེ་ བསྡོམས་ཀྱིས་ཨམ་སྲུ་༤ ཡོདཔ་ད་ ཚོགས་པའི་ཡོངས་ཁྱབ་དྲུང་ཆེན་ཡང་ ངོས་འཛིན་འབད་དེ་ གཏན་འཁེལ་སོང་ཡོད་རུང་ མི་ངོ་དེ་གི་ངོ་སྤྲོད་ ཤུལ་ལས་འབད་འོང་ཟེར་ཨིན་པས།
ཚོགས་པའི་ཁྲི་འཛིན་གྱི་ཐད་ལུ་ འོས་འབབ་ཅན་གྱི་ ཁྲི་འཛིན་གྱི་ མི་ངོ་ཚུ་ཡོད་རུང་ ད་ལྟོ་ ངོས་འཛིན་ཐོག་ གཏན་འཁེལ་འབད་ཡོད་པའི་ གནས་ཚུལ་ཅིག་ མ་བཀོདཔ་ཨིན་རུང་ བསོད་ནམས་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ འགོ་ཁྲིདཔ་དང་ ཁྲི་འཛིན་དེ་ རང་བཞིན་གྱིས་ ཚོགས་པའི་འཐུས་མི་ཚུ་གི་གྲས་ལས་ འཐོན་དགོཔ་ཅིག་ཨིནམ་ལས་ ཁྲི་འཛིན་གྱི་ཐད་ཁར་ ཚ་གྱང་ལང་དགོཔ་མེད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་ལྟོ་ ཁོང་གི་ཚོགས་པ་ནང་ གཙོ་ཆེ་ཤོས་ར་ ཚོགས་པའི་འཐུས་མི་ཚུ་གི་ནང་འཁོད་ལུ་ མཉམ་འབྲེལ་དེ་ ཁག་ཆེཝ་བརྩི་སྟེ་ བྱ་རིམ་ཚུ་འཐབ་དོ་ཟེར་ཨིན་པས།
དེ་མ་ཚད་ ཚོགས་པའི་ལྟ་བ་ཡང་ ཀུན་གྱི་དོན་ལུ་ ཟེར་མི་དེ་ཡང་ གཙོ་བོ་ར་ ཆ་མཉམ་ལུ་ གོ་སྐབས་དང་ འབྲེལ་གཏོགས་གི་ས་གོ་བཟོ་ནི་དང་ མི་མང་ཀུན་གྱི་དོན་ལུ་ སེམས་ཤུགས་དང་ ཚ་གྱང་འབག་ནི་དེ་ཨིནམ་ལས་ འཐུས་མི་ནང་འཁོད་ལུ་འབད་རུང་ རང་སོའི་ལྕོགས་གྲུབ་ གསལ་བཏོན་འབད་ནིའི་ གོ་སྐབས་དེ་ ག་ར་ལུ་སྤྲོད་ཐོག་ལས་ འགོ་ཁྲིདཔ་དེ་ ནང་འཁོད་ལས་ར་ འཐོན་དགོ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ སྲིད་ཚོགས་ཐོ་བཀོད་འབདཝ་ད་ འདེམས་ངོ་༤༧ གྱི་ཐོ་བཀོད་ ཟུར་སྦྲགས་དགོ་ཟེར་མི་དེ་ ངེས་པ་མེད་ཟེར་ཨིནམ་ད་ དེ་ཡང་ ཁོ་གིས་འབད་བ་ཅིན་ རྩ་ཁྲིམས་ཆེན་མོ་དང་ བཙག་འཐུའི་བཅའ་ཁྲིམས་ཚུ་ནང་ སྲིད་ཚོགས་ཐོ་བཀོད་འབདཝ་ད་ འདེམས་ངོའི་ཐོ་བཀོད་དགོཔ་སྦེ་ བཀོད་དེ་མིན་འདུག་ཟེར་ཨིན་པས།
ཁྲིམས་གཞུང་ཚུ་དང་འཁྲིལ་བ་ཅིན་ བཙག་འཐུ་ལྷན་ཚོགས་ཀྱིས་ བཙག་འཐུའི་ཚེས་གྲངས་ གསལ་བསྒྲགས་འབད་ཚར་བའི་ཤུལ་ལུ་ ཉིནམ་༧ གྱི་ནང་འཁོད་ལུ་ སྲིད་ཚོགས་ཚུ་གིས་ བཙག་འཐུ་ནང་ བཅའ་མར་གཏོགས་ནིའི་ དང་འདོད་ཞུ་ཡིག་ བཙུགས་པའི་སྐབས་ལུ་རྐྱངམ་གཅིག་ འདེམས་ངོ་༤༧ གྱི་ ཐོ་བཀོད་ཟུར་སྦྲགས་དགོཔ་སྦེ་ འདུག་ཟེར་ཨིན་པས།
དེ་ཡང་ སྲིད་ཚོགས་ཐོ་བཀོད་འབད་རུང་ བཙག་འཐུ་ནང་ བཅའ་མར་གཏོགས་མི་གཏོགས་ ངེས་པ་མེདཔ་ལས་ འདེམས་ངོའི་ཐོ་བཀོད་ ཟུར་སྦྲགས་འབད་དགོ་པའི་ རྒྱབ་ཁུངས་ཅིག་ མིན་འདུག་ཟེར་ཨིནམ་ད་ བཙག་འཐུ་ནང་ འབྲེལ་གཏོགས་ཀྱི་ དང་འདོད་ཞུ་ཡིག་བཙུགས་པའི་བསྒང་འབད་བ་ཅིན་ བཙག་འཐུ་ནང་ འབྲེལ་གཏོགས་འབད་ནིའི་ གྲ་སྒྲིག་འབད་དགོཔ་ལས་ དེ་དང་འབྲེལ་བའི་ འདེམས་ངོའི་ཐོ་བཀོད་དེ་ཡང་ ཟུར་སྦྲགས་བཀོད་དགོཔ་བཞིན་དུ་ ཁྲིམས་གཞུང་ཚུ་ནང་ཡང་ ཁ་གསལ་ཚུད་དེ་འདུག་ཟེར་ཨིན་པས།
རྩ་ཁྲིམས་ཆེན་མོ་དང་ བཙག་འཐུའི་བཅའ་ཁྲིམས་ཚུ་དང་འཁྲིལཝ་ད་ སྲིད་ཚོགས་ཀྱི་ ཐོ་བཀོད་དོན་ལུ་ ཚོགས་པའི་ཁྲི་འཛིན་དང་ ཡོངས་ཁྱབ་དྲུང་ཆེན་གྱིས་གཙོས་པའི་ ཡིག་ཚང་འཆང་མི་ཚུ་གི་ ཐོ་ཡིག་དང་ འཐུས་མིའི་ཐོ་ཡིག་ཚུ་ ཁ་གསལ་བཀོད་དགོ་ཟེར་ཨིན་པས།
བསོད་ནམས་སྟོབས་རྒྱས་ཀྱིས་འབད་བ་ཅིན་ ཁོང་གི་སྲིད་ཚོགས་དེ་གིས་ འཛིན་སྐྱོང་གི་ གཞི་རྟེན་གཙོ་བོ་ར་ ནང་པ་སངས་རྒྱས་པའི་ལྟ་བ་དེ་ལུ་བརྟེན་པའི་ བྱམས་དང་ རྙིང་རྗེ་ བཟོད་པ་ལ་སོགས་པའི་ རྩ་དོན་ཚུ་ལུ་ གཞི་བཞག་སྟེ་ ཚོགས་པའི་ལྟ་བའི་གཞི་རྟེན་དེ་ཡང་ ལྟ་བ་དེ་དང་མཐུནམ་སྦེ་ ཨིན་ཟེར་ཨིནམ་ད་ ཨིན་རུང་ ཆོས་ལུགས་ཀྱི་ཁྱད་པར་ལུ་ གཞི་བཞག་སྟེ་མེན་པར་ གཙོ་བོ་ར་ གཞི་རྟེན་གྱི་ལྟ་བ་ཚུ་ འཛིན་སྐྱོང་གི་དོན་ལུ་ ལག་ལེན་གྱི་འབྲེལ་བ་ཡོདཔ་སྦེ་ མཐོང་ནི་དེ་གིས་ཨིན་ཟེར་ ཨིན་པའི་གནས་ཚུལ།


བསམ་གཏན་ཡེ་ཤེས།

No comments:

Post a Comment