གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཀྲོང་གསར་ལུ་ ལས་མི་ཅིག་ སྦུལ་གྱིས་སོ་བཏབ་ཡོདཔ།

༦/༩/༢༠༡༢   ༉ སྤྱི་ཟླ་༩ པའི་ཚེས་༤ ལུ་ མང་སྡེ་ཆུ་གློག་མེ་ལས་འགུལ་གྱི་ ཁག་འབག་ལས་སྡེ་ནང་ལཱ་འབད་མི་ ལས་མི་ཅིག་ སྦུལ་གྱིས་ སོ་བཏབ་སྟེ་ ཀྲོང་གསར་སྨན་ཁང་ནང་ བསྐྱལ་བའི་ཤུལ་ལུ་ སྨན་བཅོས་འབད་དེ་ ལོག་བཏང་ཡོདཔ་ཨིན་པས།


ཀྲོང་གསར་སྨན་ཁང་ལས་ ཌོག་ཊར་ ཊི་བི་ར་ནཱ་གིས་ སླབ་དོ་བཟུམ་འབད་བ་ཅིན་ སྐྱེས་ལོ་༢༤ དེ་ཅིག་ལང་མི་ ཕོ་སྐྱེས་དེ་ ཉིན་མའི་ཆུ་ཚོད་༡ དེ་ཅིག་ཁར་ སྨན་ཁང་ནང་ འབག་འོང་ཡི་ཟེར་ཨིནམ་ད་ དུས་ཡུན་ཆུ་ཚོད་དག་པ་ཅིག་གི་ཤུལ་ལས་ ཁོ་ར་གིས་ གནས་སྟངས་ལེགས་ཤོམ་ཡོད་པའི་ ཁས་ལེན་ཐོག་ལས་ ལོག་བཏང་ཡི་ཟེར་ཨིན་པས།
ཁོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཕོ་སྐྱེས་དེ་གི་ ལགཔ་གཡོན་པའི་ རྫུབ་མོ་གུ་ སྦུལ་གྱིས་སོ་བཏབ་ཡོདཔ་ ངེས་བདེན་ཨིན་རུང་ དེ་བསྒང་ ཁོ་ར་ ཆང་འགྲངས་ཡོདཔ་ལས་ སྨན་ཁང་ནང་ སྡོད་མ་བཏུབ་པར་ ལོག་སོང་ཡི་ཟེར་ཨིནམ་ད་ ཞིབ་དཔྱད་འབད་བའི་སྐབས་ལུ་ ལས་མི་དེ་གི་ གཟུགས་ཀྱི་གནས་སྟངས་ཚུ་ ལེགས་ཤོམ་སྦེ་ར་འདུག་ཟེར་ཨིན་པས།
ཉམས་རྒུདཔ་དེ་ བཀྲ་ཤིས་སྡིངས་ཁ་ལུ་ བྱ་ཁྱུང་ཁག་འབག་ལས་སྡེ་ནང་ ལཱ་འབད་མི་ཨིནམ་ད་ བྱུང་རྐྱེན་དེ་ ཁ་ཉིནམ་དྲོ་པ་ བཟོ་སྐྲུན་གྱི་དོན་ལུ་ ཚལ་མ་ནང་ལས་ ཤིང་བཏོན་པར་འགྱོཝ་ད་ ཧང་སྟོང་མར་ སྦུལ་དང་ཕྱད་དེ་ སོ་བཏབ་ཡོདཔ་ཨིན་པས།
ཌོག་ཊར་ བཀྲིས་དབང་ཕྱུག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཀྲོང་གསར་ལུ་ དུས་ཚོད་འ་ནེམ་ཅིག་ཁར་ སྦུལ་ལེ་ཤ་ཐོན་དོ་ཡོདཔ་ལས་ མི་ལུ་སོ་བཏབ་པའི་གྱངས་ཁ་ མང་སུ་སྦེ་ ཐོན་དོ་ཡོདཔ་ཨིན་རུང་ སྦུལ་དུག་ཅན་གྱིས་ སོ་བཏབ་མི་མ་ཐོནམ་ལས་ ད་ལྟོ་ཚུན་ མི་ལུ་ཤི་རྐྱེན་ཚུ་ མ་བྱུང་ཟེར་ཨིན་པས།
རཱ་ན་གིས་ སླབ་མིའི་ནང་ ཁོ་ར་ སྤྱི་ཟླ་༨ པའི་ནང་ ཀྲོང་གསར་སྨན་ཁང་ནང་ གནས་སོར་ལྷོད་པའི་ཤུལ་ལུ་ ད་ཚུན་གྱི་རིང་ མི་༣ ལུ་ སྦུལ་གྱིས་སོ་བཏབ་སྟེ་འོང་ཡི་ཟེར་ཨིན་རུང་ ཆ་མཉམ་ར་ གནས་སྟངས་ཚབས་ཆེན་མ་ཐོན་ཟེར་ཨིན་པས།
བཀྲ་ཤིས་དབང་ཕྱུག་གིས་འབད་བ་ཅིན་ སྦུལ་གྱིས་ སོ་བཏབ་མི་མང་ཤོས་ར་ ཚལ་མ་ནང་འགྱོ་བའི་སྐབས་ ཧང་སྟོང་མར་ སྦུལ་ཚུ་དང་ཕྱད་དེ་སོ་བཏབ་མི་ཚུ་ཨིན་པས་ཟེར་བཤད་ཅི།
སྦུལ་ཚུ་གིས་ ཁོ་རའི་ ལྟོ་གི་དོན་ལུ་ སེམས་ཅན་ཚུ་ གསད་ནི་ཨིན་པ་ཅིན་ དུག་ཡང་ མང་སུ་སྦེ་ བཏང་དོ་ཡོདཔ་ལས་ ལཱ་ཁག་ཡོད་ཟེར་ཨིན་པས།
ཨིན་རུང་ ལས་མི་དེ་ལུ་ སོ་བཏབ་མི་སྦུལ་དེ་ སྦུལ་རིགས་ག་ཅི་བཟུམ་ཨིན་ན་ ངོས་འཛིན་འབད་མ་ཚུགས་པའི་གནས་ཚུལ།


ཀྲོང་གསར་ལས་ བཀྲ་ཤིས་བསྟན་འཛིན།

No comments:

Post a Comment