གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མོང་སྒར་ཀོ་རི་ལ་ལུ་ གུ་རུའི་གནས་རྡོ་མཇལ་མི་ ད་ལྟོ་ཡང་ འོང་དོ་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ སྔོན་བྱོན་རྒྱལ་བ་གོངམ་ཚུ་གིས་ བྱིན་གྱིས་བརླབས་པའི་བསྒུལ་ཅན་དང་ བསྒུལ་མེད་ཀྱི་ དད་རྟེན་ཁག་༢ ཡོད་པའི་གྲས་ལས་ གནས་དེ་བསྒུལ་མེད་ཀྱི་གྲངས་སུ་ཚུད་དོ་ཡོད་པའི་ཁར་ དུས་རབས་༨ པའི་ནང་ ཨྱོན་གུ་རུ་རིན་པོ་ཆེ་མཆོག་གིས་ སྐུ་དངོས་དང་ རྫུ་འཕྲུལ་གྱི་ཐོག་ལས་སྦེ་ ལྷོ་ལྗོངས་འདིའི་ ལ་ལུང་དང་ རི་བྲག་ལ་སོགས་པའི་ས་ཆ་ རྟ་མིག་ཙམ་ཡང་མ་ལུས་པར་ ཞབས་ཀྱིས་བཅགས་ཏེ་ སྦས་གནས་ཁྱད་པར་ཅན་ཅིག་ལུ་ བསྒྱུར་གནང་ཡོདཔ་ཨིན་པས།
གནས་སྐོརཔ་ཚུ་གིས་ མོང་སྒར་ཀོ་རི་ལའི་ གནས་རྡོ་ཚུ་མཇལ་བའི་བསྒང་།
འདྲེ་སྲིན་ཚུ་ དམ་ལུ་བཏགས་པའི་ཤུལ་ལུ་ བཞེངས་མི་མཆོད་རྟེན་ཚུ།


ཨིན་རུང་ ད་རེས་ནངས་པ་ སྦས་གནས་ཁྱད་པར་ཅན་ཚུ་ ཞིབ་འཚོལ་འབད་དེ་ ཐོ་བཀོད་ནང་ཚུད་དགོཔ་འདི་ གལ་ཆེ་ཤོས་ཅིག་ཨིན་རུང་ གལ་གནད་ཆེ་བའི་གནས་ཚུ་གི་སྐོར་ལས་ ཟིན་བྲིས་ཚུ་མ་བཀོད་པ་བཞག་པ་ཅིན་ ད་ལྟོ་ཡོད་པའི་ ཤེས་མཐོང་ཅན་གྱི་མི་ཚུ་ ཚེ་ལས་འདས་སོ་པའི་བསྒང་ལས་ ངག་རྒྱུན་ལོ་རྒྱུས་ཙམ་ཡང་མེད་པར་ ལུས་ནིའི་ཉེན་ཁ་ཡོད་མི་ཅིག་ མོང་སྒར་ཀོ་རི་ལ་ལུ་ཡོད་པའི་ གུ་རུའི་གནས་ ཡོངས་གྲགས་ལུ་ མི་སེར་གིས་ ཝ་ལྡི་པའི་གནས་ཟེར་མི་དེ་ཨིན་པས།
གནས་དེ་ཡང་ ཀོ་རི་ལ་ལས་ བཙན་ཕུག་སྒྲུབ་སྡེ་ཁ་ཐུག་འགྱོ་སའི་ འཁོར་ལམ་བདའ་སྟེ་ སྣུམ་འཁོར་ནང་ དུས་ཡུན་སྐར་མ་༡༠ དེ་ཅིག་གི་ ས་གནས་ཁར་ཆགས་ཡོདཔ་ད་ ད་རེས་ནངས་པ་ མི་མང་ཤོས་ཅིག་གིས་ གནས་དེ་ཡོད་མེད་དང་ ག་ཅི་གི་གནས་ཨིན་ན་ མི་ཤེས་དོ་ཡོདཔ་ཨིན་པས།
ཨིན་རུང་ གནས་ཀྱི་སྐོར་ལས་ལོ་རྒྱུས་ཤེས་མི་ཚུ་གིས་ ཚེས་བཟང་དུས་བཟང་སྐབས་ལུ་ གནས་མཇལ་བ་འགྱོ་དོ་ཡོདཔ་མ་ཚད་ གནས་དེ་ཁར་ མོང་སྒར་ ཐེམ་ནང་སྦིས་ གཡུས་ཚན་གྱི་མི་སེར་ཚུ་གིས་ རང་ཟླ་༢ པའི་ཚེས་༡༠ ལུ་ ཚེས་བཅུ་ཉིནམ་༡ བཙུགས་ཏེ་ སྔོན་དང་ཕུ་ལས་ར་ ཨྱོན་གུ་རུ་རིན་པོ་ཆེ་ལུ་ གསོལ་མཆོད་ཀྱི་ ཚོགས་འཁོར་སྐོར་གནང་སྲོལ་ཡོད་མི་དེ་ ད་ལྟོའི་བར་ན་ཡང་ མ་ཉམས་པར་ཡོད་རུང་ མ་འོངས་བུ་བརྒྱུད་ཚུ་གི་སྐབས་ལུ་ ཉམས་ཉེན་ཡོདཔ་ཨིན་པས།
ཐེམ་ནང་སྦིས་ལས་ སྐྱེས་ལོ་༧༠ ལྷགཔ་འབད་མི་ ཨ་རྒས་དོན་གྲུབ་ཀྱིས་སླབ་མིའི་ནང་ གནས་དེ་ གུ་རུ་རིན་པོ་ཆེ་ ཨ་བརྒྱ་གནས་ལུ་བྱོན་པའི་ལམ་ཁར་ ས་གནས་དེ་ཁར་ འདྲེ་སྲིན་གདུག་པ་ཅན་ཚུ་ དམ་ལུ་བཏགས་ཡོདཔ་མ་ཚད་ ས་གནས་དེ་ མི་རྒོད་ལ་སོགས་པའི་ ཉེན་འཚུབ་ཅན་ཅིག་ཨིནམ་ལས་ ས་གནས་དེ་ཁར་ཕེབས་ད་ ནོར་རྫིཔ་ཅིག་གི་མིག་ཏོ་ཁར་ རང་ཟླ་༢ པའི་ཚེས་༡༠ ལུ་ སྒོམ་ཆེན་མཚམས་པ་ཅིག་གི་རྣམ་སྤྲུལ་ལུ་ གུ་རུ་མཇལ་ནུག་ཟེར་ཨིན་པས།
ད་རེས་ནངས་པ་ གསུང་ཆོག་གནང་སའི་མཆོད་ཁང་བཟོ་ཡོདཔ་མིའི་ནང་ གུ་རུ་མཇལ་བའི་ཤུལ་ལུ་ ནོར་རྫིཔ་དེ་གིས་ཡང་ གུ་རུ་ལུ་དད་མོས་སྦོམ་བསྐྱེད་དེ་ ཨོམ་ཅིག་དྲང་དགོ་པས་མནོ་སྟེ་ ནོར་གྱི་བྱང་ས་ ཨོམ་ལེན་པར་སོང་བའི་ཤུལ་ལུ་ ནོར་རྫིཔ་དེ་ ལོག་ལྷོད་པའི་བསྒང་ལས་ མཚམས་པ་དེ་ གར་སོང་མེདཔ་ཡར་སོ་ནུག་ཟེར་ཨིན་པས།
ཨིན་རུང་ ནོར་རྫིཔ་དེ་གིས་རྟིང་བདའ་སོང་པའི་སྐབས་ ད་རེས་མི་ཚུ་གིས་ རྡོ་རང་འབྱུང་ཆིབས་རྟ་བཟུམ་ཅིག་ཡོད་མིའི་ གནས་རྡོ་དེ་ཁར་ གུ་རུ་སྐུ་ངལ་གནང་སྟེ་བཞུགས་ཡོདཔ་ལས་ ནོར་རྫིཔ་གིས་ ཨོམ་དྲང་ཏེ་ ནོར་གྱི་དངོས་གྲུབ་ཞུ་ཡོདཔ་ལས་ ད་རེས་ནངས་པ་ གནས་དེ་ ཡོངས་གྲགས་ལུ་ ཤར་ཕྱོགས་པའི་ཁ་སྐད་ལས་ ཝ་ལྡི་པ་གནས་ཟེར་ སླབ་སྲོལ་ཡོད་མི་དེ་ ནོར་རྫིཔ་གིས་གནས་ཟེར་བའི་དོན་ཨིན་པས།
ཨོམ་དྲང་པའི་སྐབས་ལུ་ གུ་རུའི་ཞལ་དེ་ཡང་ སྔ་ཚང་ཁ་ཐུག་ལུ་གཟིགས་བཞུགས་ཡོདཔ་ལས་ ད་རེས་ནངས་པ་ སྔ་ཚང་ཟེར་མི་དེ་ ཞལ་ཧེ་མ་ སྔ་ཚང་ལུ་གཟིགས་ནི་དེ་གིས་དང་ སྐུ་རྒྱབ་མོང་སྒར་ སྐྱིད་བདེ་མཁར་དང་ ཝེང་མཁར་ཁ་ཐུག་ལུ་བཞུགས་ཡོདཔ་ལས་ ཧེ་མ་འབད་བ་ཅིན་ ཝེང་མཁར་དང་ སྐྱིད་བདེ་མཁར་ཟེར་མིན་པར་ ཕྱི་ཚང་ཟེར་སླབ་ཨིན་རུང་ ད་རེས་ནངས་པ་ མིང་དེ་ཉམས་སོང་ནུག་ཟེར་ཨིན་པས།
གནས་དེ་གིས་ཁྱབ་ཡོད་པའི་ ས་ཆ་དང་ རི་བྲག་ལ་སོགས་པ་ཚུ་ སྦས་གནས་ལུ་ བྱིན་གྱིས་བརླབས་གནང་ཡོདཔ་མ་ཚད་ གནས་དེ་ མཇལ་བར་ལྷོདཔ་ཙམ་ཅིག་གིས་ ངན་སོང་ལས་འགྲོལ་ཚུགས་ནི་དང་ ཚེ་ད་རེས་ ནོར་གཡང་དང་ འབྲུའི་གཡང་ དེ་ལས་ བུ་གཞི་མེད་མི་ཚུ་ལུ་ བུའི་དངོས་གྲུབ་ཞུ་སའི་གནས་རྡོ་མ་འདྲཝ་ཚུ་དང་ ཞབས་རྗེས་དང་ གནས་ཆེན་གྱི་རྡོ་རིགས་ཚུ་ བྱིན་གྱིས་བརླབས་གནང་ཡོདཔ་ལས་ ད་ལྟོའི་བར་ན་ཡང་ གུ་རའི་ཆིབས་རྡོ་དེ་ཁ་ལས་ རང་སོའི་དད་མོས་དང་འཁྲིལ་ དངོས་གྲུབ་ཞུ་བའི་སྐབས་ལུ་ ལ་ལུ་ཅིག་གིས་ འབྲུ་སྣ་དང་ ནོར་གྱི་སྤུ་ལ་སོགས་པ་ཚུ་ དངོས་གྲུབ་ཐོབ་ནི་ཡོདཔ་ཨིན་པས།
ཨ་རྒས་ཅིག་གིས་ སླབ་མིའི་ནང་ ད་རེས་ནངས་པ་ མོང་སྒར་རྫོང་ཁག་ ལྕགས་སི་མཁར་དང་ ཐེམ་ནང་སྦིས་ དེ་ལས་ སྔ་ཚང་རྒེད་འོག་གི་མི་སེར་ཚུ་ལུ་ ནོར་ལེ་ཤ་ཡོད་མི་དེ་ཡང་ ནོར་རྫིཔ་དེ་གིས་ གུ་རུ་རིན་པོ་ཆེ་ལུ་ དད་མོས་སྦོམ་བསྐྱེད་དེ་ ཨོམ་དྲང་ཚུགས་མི་ལུ་བརྟེན་ ནོར་གྱི་དངོས་གྲུབ་གནང་ཡོད་ནི་དེ་གིས་ཨིནམ་ད་ ནོར་ཚུ་ཡང་ ཀོ་རི་ལ་ལུ་འཚོ་བ་ཅིན་ ནོར་གཡང་འཕེལ་མི་དེ་ རྒྱུ་མཚན་དེ་ལུ་བརྟེན་ཏེ་ཨིནམ་ལས་ ད་རེས་ནངས་པ་ རྒེད་འོག་༣ གྱི་མི་སེར་ཚུ་གིས་ཡང་ ཁོང་རའི་ནོར་ཚུ་ ཀོ་རི་ལ་ལུ་འཚོ་སར་མཐོངམ་ཨིན་པས།
ཐེམ་ནང་སྦིས་གཡུས་ཚན་ལས་ རྒན་ཤོས་ཚུ་གིས་ དྲན་ཚོར་འབད་མི་དང་འཁྲིལཝ་ད་ ཧེ་མ་འབད་བ་ཅིན་ ལོ་བསྟར་བཞིན་དུ་ རང་ཟླ་༢ པའི་ཚེས་༡༠ ལུ་ ཐེམ་ནང་སྦིས་དང་ སྔ་ཚང་གི་མི་སེར་ཚུ་གིས་ གུ་རུ་མཇལ་བའི་ཉིནམ་དང་བསྟུན་ ཚེས་བཅུ་བཙུགས་པའི་སྐབས་ ལྕགས་སི་མཁར་དང་ སྔ་ཚང་ མོང་སྒར་ཐེམ་ནང་སྦིས་ སྐྱིད་བདེ་མཁར་ ཝེང་མཁར་གྱི་མི་སེར་ཚུ་གིས་མ་ཚད་ མོང་སྒར་རྫོང་ཁག་ ཆ་གླིང་དང་ འབྲས་སྤུངས་རྒེད་འོག་གི་མི་སེར་ཚུ་གིས་ཡང་ གནས་མཇལ་བར་འོང་དོ་ཡོདཔ་ཨིན་པས།
ཀོ་རི་ལ་ལུ་ནོར་འཚོ་མི་ཚུ་གིས་ དད་ཅན་གྱི་ མི་སེར་གནས་མཇལ་བར་འཛོམས་མི་ཚུ་ལུ་ ཨོམ་དང་ དརཝ་ཚུ་དྲང་སྲོལ་ཡོདཔ་ཨིན་རུང་ ད་རེས་ནངས་པ་ ཐེམ་ནང་སྦིས་དང་ ཉེ་འདབས་ཀྱི་མི་དག་པ་ཅིག་ལས་བརྒལ་ ལྷོད་ནི་མེདཔ་ཨིན་པའི་གནས་ཚུལ།


མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment