གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བསྐུལ་བསྒྲགས་མ་དངུལ་ དངུལ་ཀྲམ་༡༣༠,༠༠༠ ལུ་ཡར་སེང་།

༡/༩/༢༠༡༢   ༉ བཙག་འཐུ་ལྷན་ཚོགས་ཀྱིས་ སྲིད་ཚོགས་ཚུ་གི་ བསྐུལ་བསྒྲགས་དོན་ལུ་ ལྷན་ཐབས་མ་དངུལ་གྱི་ཚད་གཞི་ ཡར་སེང་འབད་མི་དེ་ ལག་ལེན་འཐབ་ནི་ཨིན་ཟེར་ཨིན་པས།


དེ་ཡང་ སྤྱི་ལོ་༢༠༠༨ ཀྱི་བཙག་འཐུ་ནང་ རྒྱལ་ཡོངས་ཚོགས་འདུ་དང་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་དོན་ལུ་ འདེམས་ངོ་རེ་ལུ་ བསྐུལ་བསྒྲགས་མ་དངུལ་ དངུལ་ཀྲམ་༡༠༠,༠༠༠ རེ་ཡོད་མི་དེ་ བརྒྱ་ཆ་༣༠ ཡར་སེང་འབད་ཡོདཔ་ཨིན་པས།
དེ་ཡང་ གཙོ་བོ་ར་ སྲིད་ཚོགས་ཚུ་གི་དོན་ལུ་ གཞུང་ལས་ མ་དངུལ་གྱི་རྒྱབ་སྐྱོར་དགོ་པའི་ གྲོས་བསྡུར་འབད་མི་དང་འཁྲིལ་ དགོས་མཁོ་མཐོང་ནི་དེ་གིས་ཨིན་པས།
དེ་འབདཝ་ད་ བཙག་འཐུའི་ལྷན་འཛིན་སྤྱི་ཁྱབ་ དྲགོས་ཀུན་བཟང་དབང་འདུས་ཀྱིས་ སླབ་མིའི་ནང་ བརྒྱ་ཆ་༣༠ ཡར་སེང་འབད་མི་དེ་ལུ་ སྲིད་ཚོགས་ཚུ་གིས་འབད་བ་ཅིན་ ཉུངམ་མས་ཟེར་ སླབ་པའི་དོགས་པ་ཆགས་རུང་ སྲིད་ཚོགས་༢ ཆ་ར་གིས་ དངུལ་ཀྲམ་༡༠༠,༠༠༠ རེ་ ཡོད་མི་དེ་གིས་ར་ ལང་ཚུགས་པས་ཟེར་ སླབ་མི་དེ་ལུ་ ཡིད་ཆེས་ཡི་ཟེར་ཨིན་པས།
ཡར་སེང་དེ་གིས་ ཤུལ་མའི་བཙག་འཐུ་ནང་ འགོ་ཐོག་བཙག་འཐུ་འགོ་འདྲེན་འཐབ་དགོ་པ་ཅིན་ སྲིད་ཚོགས་རེ་གིས་ བསྐུལ་བསྒྲགས་འགོ་འདྲེན་འཐབ་ནིའི་དོན་ལུ་ དངུལ་ཀྲམ་༡༣༠,༠༠༠ རེ་དང་ སྤྱིར་བཏང་བཙག་འཐུའི་སྐབས་ འགོ་ཐོག་བཙག་འཐུ་ལས་ རྒྱལ་ཁ་ཐོབ་མི་ སྲིད་ཚོགས་༢ ཀྱི་ འདེམས་ངོ་རེ་གིས་ བསྐུལ་བསྒྲགས་འགོ་འདྲེན་གྱི་དོན་ལུ་ དངུལ་ཀྲམ་༡༣༠,༠༠༠ རེ་དང་ དེ་བཟུམ་སྦེ་ ཚོགས་སྡེ་བཙག་འཐུའི་ འདེམས་ངོ་རེ་གིས་ཡང་ ཅོག་འཐདཔ་སྦེ་ འཐོབ་ནི་ཨིན་པས།
དེ་དང་གཅིག་ཁར་ བརྡ་བརྒྱུད་ཚུ་ནང་ སྲིད་ཚོགས་དང་ འདེམས་ངོ་ཚུ་གིས་ རང་སོའི་ བསྐུལ་བསྒྲགས་ཀྱི་དོན་ལུ་མཁོ་བའི་ ཞབས་ཏོག་ལག་ལེན་འཐབ་མི་ཚུ་གི་ ཟད་འགྲོ་ཚུ་གི་རྩིས་ཁྲ་ཡང་ ལྷན་ཚོགས་ཀྱིས་ལེན་ཐོག་ལས་ ཏི་རུ་སྤྲོད་དགོཔ་ཚུ་ གཞུང་གི་མ་དངུལ་ཐོག་ལས་ སྤྲོད་དོ་ཡོདཔ་ལས་ སྲིད་ཚོགས་ཚུ་གིས་ ཟད་འགྲོ་མ་དངུལ་རྒྱ་ཆེ་དྲགས་སྦེ་ ལོགས་སུ་གཏང་དགོཔ་མེད་ཟེར་ ལྷན་འཛིན་སྤྱི་ཁྱབ་ཀྱིས་ བཤདཔ་ཨིན་པས།
ཨིན་རུང་ སྲིད་ཚོགས་ཚུ་གིས་ རང་སོའི་འོང་འབབ་ཀྱི་ འབྱུང་ཁུངས་ཚུལ་མཐུན་ཡོད་དེ་འབད་བ་ཅིན་ འོས་འབབ་དང་བསྟུན་པའི་ཟད་འགྲོ་གཏང་ནི་དེ་ ཁོང་རའི་ ལག་པར་ཨིན་ཟེར་བཤད་ཅི།
དེ་འབདཝ་ད་ སྲིད་ཚོགས་༢ ཀྱིས་ བཙག་འཐུའི་སྐབས་མ་དངུལ་ཟད་འགྲོ་ རྒྱ་ཆེ་དྲགས་སྦེ་ གཏང་དགོཔ་མེད་པའི་ མངོན་གསལ་བྱུང་མི་དེ་ལུ་ ངལ་རངས་ཡོད་པའི་ཁར་ སྲིད་ཚོགས་གསརཔ་ཚུ་གིས་འབད་རུང་ འདས་པའི་བཙག་འཐུའི་ ཉམས་མྱོང་ཅན་གྱི་ སྲིད་ཚོགས་རྙིངམ་༢ དང་འབྲེལ་བའི་ གནས་སྟངས་ཚུ་སེམས་ཁར་བཞག་ཐོག་ལས་ རང་གི་ལྕོགས་གྲུབ་དང་མ་བསྟུན་པའི་ སྐྱིན་འགྲུལ་ལེན་ཐོག་ལས་ ཟད་འགྲོ་གཏང་ནི་དེ་ འཛེམ་པ་ཅིན་ དྲག་འོང་ཟེར་ཨིན་པས།
གཙོ་བོ་ར་ སྲིད་ཚོགས་ཚུ་གིས་ རང་སོའི་ འོས་འབབ་དང་བསྟུན་པའི་ཟད་འགྲོ་ཚུ་ ཚུལ་མཐུན་གཏང་པ་ཅིན་མ་གཏོགས་ ལོགས་སུ་སྦེ་ དཔེར་ན་ འདས་པའི་བཙག་འཐུའི་ཉམས་མྱོང་ནང་ གོམས་འདྲིས་ལྟ་སྐོར་སྐབས་ སྲིད་ཚོགས་ཚུ་གིས་ ཟད་འགྲོ་རྒྱ་ཆེ་དྲགས་སྦེ་བཏང་ཡོད་པའི་ མངོན་གསལ་བྱུང་ཡི་ཟེར་ཨིན་པའི་གནས་ཚུལ།


བསམ་གཏན་ཡེ་ཤེས།

No comments:

Post a Comment