གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གནས་ཚུལ་མདོར་བསྡུས།

༧/༩/༢༠༡༢
ཁ་ཙ་ རྒྱ་གར་ཨོ་རི་ས་ལུ་ཕེབས་མི་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ ཀེ་ཨའི་ཨའི་ཊི་ཟེར་མི་ ཀ་ལིང་ག་བཟོ་གྲྭ་འཕྲུལ་རིག་སློབ་ཁང་ནང་ དྲུང་འཚོ་དང་ བཟོ་རིག་ སོ་དཔྱད་རིག་པའི་ མཐོ་རིམ་ཤེས་ཚད་ལྷབ་མི་ འབྲུག་པའི་སློབ་ཕྲུག་༢༥ དང་ མཇལ་ཕྲད་གནང་པའི་སྐབས་ སློབ་ཕྲུག་ཚུ་གིས་ ཀེ་ཨའི་ཨའི་ཊི་སློབ་ཁང་དང་ འབྲུག་གི་བར་ན་ མཐུན་ལམ་ཡོད་མི་དང་ གཙུག་ལག་སློབ་སྡེ་ལུ་ བརྩེ་བ་དང་ གུས་ཞབས་ཡོད་པའི་སྐོར་ ཌོ་ཀུ་མེན་ཊ་རི་གློག་བརྙན་ཅིག་ བློན་ཆེན་གྱི་དོན་ལུ་བཟོ་མི་དེ་ ཕུལ་ཡོདཔ་ཨིན་པས།ནངས་པ་ ཀེ་ཨའི་ཨའི་ཊི་གཙུག་ལག་སློབ་སྡེ་གིས་ བློན་ཆེན་མཆོག་ལུ་ ཀེ་ཨའི་ཨའི་ཊི་ཨོ་ན་ར་རི་ ཌོག་ཊ་རེཊ་ཟེར་མི་ ཆེ་བསྟོད་རྟགས་མ་དང་ སྤྱི་ལོ་༢༠༡༢ ཀྱི་ འགྲོ་བ་མིའི་གཟེངས་བསྟོད་རྟགས་མ་ཕུལ་ནི་ཨིན་པས།
བློན་ཆེན་མཆོག་ ཨོ་རི་ས་ལུ་ ཉིན་གྲངས་༤ གྱི་དོན་ལས་ གཟིགས་སྐོར་ལུ་ བྱོན་མི་དེ་ཡང་ ནང་པ་མ་ཧཱ་བོ་དྷི་ཚོགས་སྡེའི་ ལོ་བསྟར་ཡོངས་ཁྱབ་ཚོགས་འདུ་ཐེངས་༡༡༥ པའི་ནང་ བཅའ་མར་གཏོགས་གནང་པར་བྱོན་ཡོདཔ་ད་ བློན་ཆེན་དེ་ ཚོགས་སྡེའི་གཙོ་འཛིན་ཨིནམ་ལས་ དུས་ཅི་ གནས་ཡུན་ཚངམ་ཨིན་པའི་གནས་ཚུལ།

No comments:

Post a Comment