གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བཤད་གྲྭ་དང་ གྲྭ་ཚང་ཁག་གི་དགེ་སློང་ཚུ་ལུ་ ཀམ་པུས་ཊར་སྦྱོང་བརྡར་གྱིས་ཕན་ཁྱད།

༨/༩/༢༠༡༢   ༉ ཀྲོང་གསར་ ཤེས་རབ་གླིང་འབྲིང་རིམ་སློབ་གྲྭ་གོང་མའི་ ས་ཁོངས་ནང་སྦེ་ བཤད་གྲྭ་དང་ གྲྭ་ཚང་ཁག་གི་ དགེ་སློང་ཚུ་གི་དོན་ལུ་ ཉིན་གྲངས་༡༠ གྱི་རིང་ འགོ་འདྲེན་འཐབ་མི་ གློག་རིག་ཀམ་པུས་ཊར་གྱི་ སྦྱོང་བརྡར་ལས་རིམ་དེ་ ཁ་ཙ་ མཇུག་བསྡུ་ཡོདཔ་ཨིན་པས།
དགེ་སློང་ཚུ་ གློག་རིག་ཀམ་པུས་ཊར་གྱི་ སྦྱོང་བརྡར་འབད་བའི་བསྒང་།


སྦྱོང་བརྡར་ནང་ དབུས་ཕྱོགས་རྫོང་ཁག་གི་ གྲྭ་ཚང་དང་ བཤད་གྲྭ་ཚུ་ནང་ལས་ བསྡོམས་ཀྱིས་དགེ་སློང་༢༩ གིས་ བཅའ་མར་གཏོགས་ཡོདཔ་ད་ ལས་རིམ་དེ་ རྫོང་ཁ་གོང་འཕེལ་སློབ་སྦྱོང་ལྟེ་བ་གིས་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
ལས་རིམ་འགོ་འདྲེན་འཐབ་མི་ རཱཇ་ཀུ་མར་ གུ་རུང་གིས་ སླབ་དོ་བཟུམ་ འབད་བ་ཅིན་ སྦྱོང་བརྡར་དེ་ གཙོ་བོ་ར་ དགེ་སློང་ཚུ་ལུ་ གློག་རིག་ཀམ་པུས་ཊར་གྱི་ ཤེས་ཡོན་བྱིན་ཐབས་ལུ་ཨིན་པའི་ཁར་ ལས་རིམ་དེ་གིས་ ཉིན་བསྟར་གྱི་ བདག་སྐྱོང་དང་ འཛིན་སྐྱོང་དང་འབྲེལ་བའི་ ལཱ་ཚུ་ནང་ ཕན་ཐོགས་འབྱུང་ཚུགས་ཟེར་ཨིན་པས།
ཁོ་གིས་ སླབ་དོ་བཟུམ་ འབད་བ་ཅིན་ དེ་བཟུམ་མའི་ སྦྱོང་བརྡར་དེ་ དབང་འདུས་རྫོང་ཁག་ནང་ཡང་ འགོ་འདྲེན་འཐབ་ཅི་ཟེར་ ཨིནམ་ད་ ད་རུང་ ཤར་ཕྱོགས་རྫོང་ཁག་༦ གི་ དགེ་སློང་ཚུ་གི་དོན་ལུ་ཡང་ སྤྱི་ཟླ་༩ པའི་ཚེས་༡༠ ལས་ སྦྱོང་བརྡར་འགོ་བཙུགས་ནི་ཟེར་ཨིན་པས།
དེ་མ་ཚད་ བཅའ་མར་གཏོགས་མི་ཚུ་ལུ་ གློག་རིག་ལན་ལེན་འཐབ་ཐངས་དང་ མཛུབ་སྣོན་རྐྱབ་ཐངས་ དེ་ལས་ དཔེ་ཆ་བཟོ་བཀོད་འབད་ཐངས་ཚུ་གི་སྐོར་ལས་ སྦྱང་བ་བྱིན་ཡི་ཟེར་ཨིན་པས།
དགེ་སློང་༢༩ ཡོད་ས་ལས་༢༡ གིས་ ཧེ་མ་ གློག་རིག་ཀམ་པུས་ཊར་ ཚར་ཅིག་ཡང་ ལག་ལེན་མ་འཐབ་སྟེ་འབད་རུང་ ད་ལས་ཕར་ གྲྭ་ཚང་གི་ ཡིག་ཆ་ཚུ་ ཀམ་པུས་ཊར་ཐོག་ལས་ འབྲི་ཚུགས་ནི་མས་ཟེར་ཨིན་པས།
ཀྲོང་གསར་རབ་སྡེའི་ དགེ་སློང་བསོད་ནམས་ཡེ་ཤེས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ དེ་བཟུམ་མའི་ ཀམ་པུས་ཊར་སྦྱོང་བརྡར་དེ་གིས་ བཤད་གྲྭ་དང་ གྲྭ་ཚང་ཁག་ཚུ་ནང་ ལཱ་འགན་འབག་མི་ཚུ་ལུ་ ཕན་ཐོགས་འབྱུང་ཚུགས་ནི་མས་ཟེར་ཨིན་པས།
གཞལམ་སྒང་ རྟ་ལི་ཟངས་མདོག་དཔལ་རི་གྲྭ་ཚང་གི་ སློབ་དཔོན་ཀརྨ་དགེ་ལེགས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ སྦྱོང་བརྡར་དེ་གིས་ དཔེ་ཆ་བཟོ་བཀོད་འབད་དེ་ འབྲི་ནི་དང་ ཆོས་རྒྱུགས་སྐབས་ སྐུགས་བྱིན་ནི་ལུ་ སྟབས་བདེ་ནི་མས་ཟེར་ཨིན་པས།
ཚང་ཁ་བཤད་གྲྭའི་དབུ་འཛིན་ པདྨ་ཆོས་འཕེལ་གྱིས་ ཧེ་མ་ཡང་ ཀམ་པུས་ཊར་གྱི་སྦྱོང་བརྡར་ འབད་བའི་ཁར་ ད་རུང་ ད་རེས་ སྦྱོང་བརྡར་འབད་མི་ལུ་བརྟེན་ ཤུལ་ལས་ སློབ་ཕྲུག་ཚུ་ལུ་ སྦྱང་བ་བྱིན་ནི་ལུ་ ཕན་ཁྱད་འདུག་ཟེར་ཨིན་པས།
སྦྱོང་བརྡར་དེ་ ཨིང་སྐད་ནང་ འགོ་འདྲེན་འཐབ་ནི་དེ་གིས་ ཨིང་སྐད་ཀྱི་ ཤེས་ཡོན་མེད་མི་ དགེ་སློང་ཚུ་ལུ་དུམ་གྲ་ཅིག་ ལཱ་ཁག་རྐྱབ་ཡོད་རུང་ མང་ཤོས་ཀྱིས་ དང་འདོད་བསྐྱེད་དེ་ ལྷབ་སྦྱང་འབད་ཡོད་པའི་གནས་ཚུལ།

ཀྲོང་གསར་ལས་ བཀྲ་ཤིས་བསྟན་འཛིན།

1 comment:

  1. ཧེ་ཧེ་དགེ་སློང་ཚུ་གི་ཨིང་ཇི་མི་ཤེས་སྦེ་ལོ་ད་རི་ནང་པ་དགེ་སློང་ཚུ་ལུ་ཨིང་ཇི་སྦྱོང་ནི་གི་གོ་སྐབས་གཞུང་གིས་བྱིན་ཞིམ་ལས་མ་ཤེསཔ་ཨིནམ་པའི་ན་མ་བྱིན་པ་མ་ཤེསཔ་ཨིན་ན???
    འབྲུག་གི་དགེ་སློང་ཚུ་འབྲུག་གི་སློབ་སྦྱོང་འབད་མི་ན་གཞོན་ཚུ་གི་གྲངས་སུ་ཡོདཔ་ཨིན་ན???
    དེ་ཚུ་ལུ་སློབ་སྦྱོང་གི་དོན་ལུ་ཨིང་ཇི་སྦྱོང་མི་ན་གཞོན་ཚུ་ལུ་བྱིན་དོཝ་བཟུམ་གྱི་གོ་སྐབས་ཚུ་བྱིན་ཡོདཔ་ཨིན་ན???
    དེ་ཚུ་གི་གཟུགས་ཁ་ཁྲིམས་སྲུང་དགག་པའི་གོ་ལ་མེད་པའི་སྒོ་སྲུང་བཟུམ་སྦེ་མི་མཐོང་སྦེ་ག???
    དེ་ཚུ་ཨའི་གི་ཕོ་ནང་ལས་ཐོན་པའི་སྒང་ལས་རང་དགེ་སློང་སྦེ་སངྱས་ཀྱིས་གསུངས་བཞག་མི་ཚུ་ག་ར་འབད་ཚུགསཔ་སྦེ་འོང་འོངམ་ཨིན་ན???
    དེ་ཚུ་ལུ་འབྲུག་མིའི་མཐོང་ཡོད་ག་???
    རྒྱལ་ཁབ་གཞན་ཁ་ལུ་སློབ་སྦྱོང་འབད་བའི་སྒང་ཡོད་མི་ཚུ་ལུ་ཨིང་ཇིའི་སློབ་སྦྱོང་པ་ཚུ་ལུ་བྱིན་མི་འཐོབ་ཐང་ཚུ་ཡོདཔ་ཨིན???

    ReplyDelete