གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཤོ་ཏ་ཟེ་རྩེད་མི་༡༡ ལུ་ བཙོན་ཁྲིམས་ཟླཝ་༣ རེ་ བཀལ་ཡོདཔ།

༧/༩/༢༠༡༢   ༉ དུས་ཅི་ སྤྱི་ཟླ་༨ པའི་ཚེས་༤ ལུ་ ཐིམ་ཕུའི་སྒྲིང་ཁྱིམ་ཅིག་ནང་ ཤོ་ཏ་ཟེ་རྩེད་མི་ བདེ་ཆེན་བཟང་མོ་གིས་གཙོས་པའི་ མི་གྲངས་༡༡ ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་མི་ཚུ་ལུ་ རྫོང་ཁག་ཁྲིམས་འདུན་གྱིས་ བཙོན་ཁྲིམས་ཟླཝ་༣ རེ་ བཀལ་ཡོདཔ་ཨིན་པས།


ཨིན་རུང་ ཁོང་ཆ་ཁྱབ་ ཉེས་ལས་ལོག་ཅི་ར་ འབད་མི་མེན་པའི་ཁར་ ཨ་རྟག་ར་ ཁྲིམས་འགལ་འབད་མི་ཡང་མེནམ་ལས་ དོགས་པ་ཅན་ཚུ་གིས་ ཁྲིམས་འཐུས་བཏབ་ཆོགཔ་སྦེ་ བཟོ་ཡོདཔ་ཨིན་པས།
དེ་ལས་ དོགས་པ་ཅན་ དཀར་འཛོམས་དང་ རྒྱལ་མཚན་༢ ལུ་ཡང་ ཁྲིམས་སྲུང་འགག་པ་གིས་ ཉེས་འཛུགས་འབད་དེ་ ཁྲིམས་ཀྱི་འདུན་སར་ བསྐྱལ་ཡོད་རུང་ ཁོང་༢ ཀྱིས་ ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་བའི་སྐབས་ ཆ་རོགས་ཚུ་ རྩེདམོ་རྩེད་སར་ ལྟདམོ་ལྟ་སྟེ་ སྡོད་ཡོདཔ་མ་གཏོགས་ ཤོ་དང་ཏ་ཟེ་ཚུ་ མ་རྩེད་ཟེར་ སླབ་ཡོདཔ་མ་ཚད་ ཆ་རོགས་༡༡ གིས་ཡང་ རྒྱབ་སྐྱོར་འབད་མི་ལུ་བརྟེན་ ཉེས་གྲོལ་འབད་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ དོགས་པ་ཅན་ དབང་འདུས་དང་ རྡོ་རྗེ་མཁའ་འགྲོ་༢ ཁྲིམས་སྲུང་འགག་པ་གིས་ ཉེས་འཛུགས་འབད་བ་གིས་མ་ཚད་ ཁྲིམས་འདུན་ལས་ འཛིན་བཟུང་འབད་ནིའི་ བཀའ་འཕྲིན་ཞུ་སྟེ་འབད་རུང་ འཛིན་བཟུང་འབད་མ་ཚུགསཔ་ལས་ ལོག་ཤུལ་ལས་ བཟུང་ཐོབ་པའི་སྐབས་ ཉེས་འཛུགས་སོ་སོར་ འབད་ནི་སྦེ་ ཞུ་མི་དང་འཁྲིལ་ཏེ་ ཁྲིམས་འདུན་གྱིས་ རྩོད་གཞི་དེ་ ཕར་ཕུད་རྐྱབ་ཡོདཔ་སྦེ་ འཁྲུན་ཆོད་ནང་ གསལ་བཀོད་འབད་ནུག།
ཁོང་ཆ་ཁྱབ་ དུས་ཅི་ སྤྱི་ཟླ་༨ པའི་ཚེས་༤ ལུ་ བདེ་ཆེན་བཟང་མོའི་ཁྱིམ་ནང་ མི་གྲངས་༡༥ ཤོ་ཏ་ཟེ་རྩེད་བའི་སྐབས་ ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་ཡོདཔ་ད་ ཤོ་ཏ་ཟེ་རྩེད་ནི་དེ་ འབྲུག་གི་ ཉེས་འགེལ་ཁྲིམས་དེབ་ཀྱི་ དོན་ཚན་༣༩༣ པ་ལས་ འགལ་བ་ཨིན་པའི་གནས་ཚུལ།


ཉི་མ་དབང་འདུས།

No comments:

Post a Comment