གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་སེར་དམངས་གཙོ་ཚོགས་པ་ལུ་ གནང་བ་མེད་པའི་ ཞལ་འཛོམས་འཚོགས་པའི་ཁ་ཉེས།

༡༢/༦/༢༠༡༣   ༉ ཁ་ཙ་ མོང་སྒར་ལུ་ མི་སེར་དམངས་གཙོ་ཚོགས་པ་གིས་ མི་སེར་༡༦༠ དེ་ཅིག་འབོ་སྟེ་ ཞལ་འཛོམས་འཚོགས་ཡོད་པའི་ ཉོགས་བཤད་ལྷོད་མི་ལུ་ རྫོང་ཁག་བཙག་འཐུ་རྩོད་རྙོགས་སེལ་ཐབས་ཚོགས་ཆུང་གིས་ ཞིབ་དཔྱད་འབད་བའི་བསྒང་ཡོདཔ་ཨིན་པས།


དེ་ཡང་ འབྲུག་ཕུན་སུམ་ཚོགས་པའི་ རྫོང་ཁག་འགོ་འདྲེན་པ་གིས་ བཙག་འཐུ་ལྷན་ཚོགས་ལས་ གནང་བ་མ་གྲོལ་ཚུན་ དེ་བཟུམ་མའི་ ཞལ་འཛོམས་འགོ་འདྲེན་འཐབ་མ་ཆོགཔ་སྦེ་ཡོད་རུང་ དབང་ཕྱུག་ཟ་ཁང་ནང་ ཞལ་འཛོམས་འགོ་འདྲེན་འཐབ་མི་དེ་ ག་ཅི་ཨིན་ན་ ཧ་གོ་མ་ཚུགསཔ་ལས་ རྩོད་རྙོགས་སེལ་ཐབས་ཚོགས་ཆུང་གིས་ ཞིབ་དཔྱད་གནང་དགོཔ་སྦེ་ ཉོགས་བཤད་ཡིག་གུ་བཙུགས་ནི་དེ་གིས་ཨིན་པས།
ཕུན་སུམ་ཚོགས་པའི་ འགོ་འདྲེན་པ་གིས་ སླབ་མིའི་ནང་ མི་སེར་དམངས་གཙོ་ཚོགས་པ་གིས་ ཞལ་འཛོམས་འགོ་འདྲེན་འཐབ་པའི་བསྒང་ལས་ར་ ངོས་ལེན་འགོ་དཔོན་ལུ་ འགྲུལ་འཕྲིན་ཐོག་ལས་ སྙན་ཞུ་འབད་ཡོདཔ་མ་ཚད་ ཉིན་མ་ཁམས་ཅིག་ཁར་ ཡིག་ཐོག་ལུ་ ཉོགས་བཤད་བཀོད་ཅི་ཟེར་ཨིན་པས།
རྫོང་ཁག་བཙག་འཐུ་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཉོགས་བཤད་ཡི་གུ་ ཐོབ་པའི་ཤུལ་ལུ་ ཞིབ་དཔྱད་འབད་བར་ སོང་བའི་བསྒང་ལས་ ཞལ་འཛོམས་དེ་ མཇུག་བསྡུ་ཚར་ནུག་ཟེར་ཨིནམ་ད་ རྫོང་ཁག་བཙག་འཐུ་འགོ་དཔོན་ སངས་རྒྱས་རྡོ་རྗེ་གིས་འབད་བ་ཅིན་ ཞལ་འཛོམས་དེ་འཚོགས་ཡོདཔ་ ངེས་བདེན་ཨིན་པས་ཟེར་ཨིན་པས།
འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཞལ་འཛོམས་འཚོགས་ནིའི་སྐོར་ལས་ མི་སེར་དམངས་གཙོ་ཚོགས་པ་གིས་ བཙག་འཐུ་འགོ་དཔོན་ཚུ་ལུ་ གནང་བ་ཞུ་བར་ མ་ལྷོད་ཟེར་ཨིནམ་ད་ དེ་བཟུམ་མའི་ ཞལ་འཛོམས་འགོ་འདྲེན་འཐབ་དགོ་པ་ཅིན་ གནང་བ་ལེན་དགོ་ཟེར་ སླབ་ཨིན་པས།
དེ་འབདཝ་ད་ མི་སེར་དམངས་གཙོ་ཚོགས་པའི་ རྫོང་ཁག་འགོ་འདྲེན་པ་གིས་ བཙག་འཐུ་ལྷན་ཚོགས་ལུ་ཕུལ་མི་ ངག་བརྗོད་དང་འཁྲིལ་བ་ཅིན་ ཞལ་འཛོམས་ནང་ བཅའ་མར་གཏོགས་མི་ཚུ་ ཚོགས་པའི་རྒྱབ་སྐྱོར་པ་ཚུ་མ་གཏོགས་ མི་སེར་གཞན་ག་ཡང་ འབོ་འབོཝ་མེད་ཟེར་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment