གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྲིད་དོན་ཚོགས་པ་༢ མིན་པར་གསུམ་ མཉམ་བསྡོམས་འབད་བའི་དོགས་སྣང་།

༡༧/༦/༢༠༡༣  ༉ ང་བཅས་ བཙག་འཐུའི་ནང་ ཕམ་སོ་རུང་ སེམས་ཕམ་དགོཔ་མེད་རུང་ ངེ་གི་ ཚ་གྱང་སྦོམ་ཤོས་ར་ ཤོབ་རྐྱབ་སྟེ་ ཚོགས་རྒྱན་ཉོ་ཆོག་ཆོ་ཡོད་མི་ཚུ་ལུ་ གོ་སྐབས་མི་བྱིན་ག་མནོ་བའི་ དོགས་སྣང་ཡོད་ཟེར་ འབྲུག་ཕུན་སུམ་ཚོགས་པའི་གཙོ་འཛིན་ འཇིགས་མེད་འཕྲིན་ལས་ཀྱིས་ བཤདཔ་ཨིན་པས།
ལོད་སྦིས་ས་ལུ་ འབྲུག་ཕུན་ཚོགས་པའི་ གཙོ་འཛིན་གྱིས་ མི་སེར་ཚུ་ལུ་ དོགས་སེལ་འབད་བའི་བསྒང་།


དེ་ཡང་ སྤྱི་ཟླ་༦ པའི་ཚེས་༡༥ ལུ་ ལོད་སྦིས་ས་རྒེད་འོག་ལྟེ་བའི་ནང་ མི་སེར་༡༠༠ དེ་ཅིག་ སྤུངས་འཛོམས་འབད་མི་ཚུ་ལུ་ གཙོ་འཛིན་གྱིས་ བསྐུལ་བསྒྲགས་འབད་ཡོདཔ་ད་ དེ་གི་ཧེ་མར་ སྤུ་ན་ཁ་དཀར་སྦིས་ས་དང་ འཕྲིན་ལས་སྒང་གི་ མི་སེར་ཚུ་དང་ མཇལ་ཕྲད་འབད་ནུག།
རྒྱལ་ཁབ་དང་ མི་སེར་ལུ་ ཧིང་ལས་ར་ ཤ་ཚ་སྟེ་ ཕྱག་ཞུ་ནི་གི་ རེ་བ་བསྐྱེད་མི་ མི་ཉུང་སུ་ཅིག་ལས་ མི་འོང་ནི་ཨིན་པའི་ བརྡ་མཚོན་སྟོནམ་མས་ཟེར་ བློན་ཆེན་བགྲེསཔ་གིས་ གསལ་བཤད་འབད་ནུག།
འབྲུག་མཉམ་རུབ་ཚོགས་པའི་ འདེམས་ངོ་ཚུ་ མི་སེར་དམངས་གཙོ་ཚོགས་པའི་ནང་ འཛུལ་ཡོད་པའི་སྐོར་ བཤདཔ་དང་འབྲེལ་ ཕུན་སུམ་ཚོགས་པའི་ གཙོ་འཛིན་གྱིས་འབད་བ་ཅིན་ འཕྲལ་ཁམས་ཅིག་ཁར་ མི་སེར་དམངས་གཙོ་ཚོགས་པའི་ནང་འཛུལ་མི་ མཉམ་རུབ་ཚོགས་པའི་ བཀྲིས་སྒང་བཀང་ལུང་-ཨུ་མཛོ་རོང་འདེམས་ཁོངས་ཀྱི་ འདེམས་ངོ་ཅིག་གིས་ སྲིད་ཚོགས་གསུམ་ཆ་ར་ གཅིག་ཨིན་ལུགས་སླབ་པའི་ ལོ་རྒྱུས་གོ་མི་ལུ་ལྟཝ་ད་ སྲིད་དོན་ཚོགས་པ་༡ སྲིད་ཚོགས་༣ ལུ་ ཁག་དབྱེ་ཡོད་པའི་ དོགས་སྣང་བྱུངམ་མས་ཟེར་ཨིན་པས།
འབྲུག་མཉམ་རུབ་ཚོགས་པ་དང་ མི་སེར་དམངས་གཙོ་ཚོགས་པ་༢ སྲིད་ཚོགས་གཅིག་ཨིན་མི་ལས་ སྲིད་ཚོགས་༢ སྦེ་དབྱེ་ཡོདཔ་ ངེས་བདེན་ཨིནམ་བཞིན་དུ་ སྲིད་དོན་ཚོགས་པ་༢ ཀྱི་ མིང་ཐོག་ལུ་ འདེམས་ཁོངས་རེའི་ནང་ འདེམས་ངོ་༢ ཡོད་མི་ཚུ་གིས་ རྒྱལ་ཁམས་ཀྱི་ བསྐུལ་བསྒྲགས་མ་དངུལ་༢༦༠,༠༠༠ རེ་ ལེན་ཡོད་ཟེར་ གཙོ་འཛིན་གྱིས་ མི་སེར་ཚུ་ལུ་ དྲན་གསོ་སྦེ་སླབ་ནུག།
ཁོང་གིས་ སྲིད་ཚོགས་མཉམ་བསྡོམས་འབད་འབདཝ་མེད་ཟེར་ སླབ་ཨིན་རུང་ སྲིད་ཚོགས་༡ གི་ འདེམས་ངོ་ཚུ་ སྲིད་ཚོགས་གཞན་ནང་ འཛུལ་ཞུགས་འབད་མི་དེ་གིས་ མཉམ་བསྡོམས་འབད་ཡོདཔ་བཟུམ་སྦེ་ར་ མཐོང་སྣང་བྱུངམ་མས་ཟེར་ འཇིགས་མེད་འཕྲིན་ལས་ཀྱིས་ བཤད་པའི་ཁར་ འཕྲལ་ཁམས་ཅིག་ཁར་ སྲིད་ཚོགས་གཞན་གྱི་ འདེམས་ངོ་ཅིག་གིས་ ཞལ་འཛོམས་འཚོགསཔ་ཨིན་ཟེར་ སླབ་ཐོག་ལས་ ཐོ་བཀོད་འབད་བར་འབོ་མི་ ཚོགས་རྒྱན་སྐྱུར་མི་ཚུ་ལུ་ ཏི་རུ་སྤྲོད་ནི་འབདཝ་ད་ བཙག་འཐུ་འགོ་དཔོན་གྱིས་ བདའ་ཟུན་ནུག་ཟེར་ཨིན་པས།
དེ་མ་ཚད་ ཁོང་གིས་ འབྲུག་ཕུན་སུམ་ཚོགས་པའི་ འཛོལ་བ་ཆུང་ཀུ་ཚུ་གི་ སྐྱོན་སློང་ཐོག་ལས་ ཧེ་མའི་གཞུང་གིས་ ད་ཚུན་གྱི་བར་ན་ མཛད་མི་ཚུ་ མི་སེར་ཚུ་ལུ་ བརྗེད་བཅུག་ནི་གི་ དཔའ་བཅམ་མས་ཟེར་ཨིན་པས།
སྲིད་ཚོགས་གཞན་གྱིས་ ཞི་གཡོགཔ་ཚུ་གི་ དངུལ་ཕོགས་བརྒྱ་ཆ་༢༠ ཡར་སེང་རྐྱབ་ནི་གི་ ཁས་བླངས་འབདཝ་ཨིན་རུང་ ང་གིས་འབད་བ་ཅིན་ གཞུང་ལུ་ དངུལ་ཕོགས་སེང་ནི་གི་ དབང་ཚད་མེདཔ་ལས་ དང་པ་ར་ དངུལ་ཕོགས་ལྷན་ཚོགས་གཞི་བཙུགས་འབད་དགོ་ཟེར་ འབྲུག་ཕུན་སུམ་ཚོགས་པའི་ གཙོ་གཛིན་གྱིས་ དོགས་སེལ་འབད་བའི་ཁར་ ཕུན་སུམ་ཚོགས་པའི་ ཁ་ཐུག་ལས་ གཞི་གཡོགཔ་ཚུ་གི་དངུལ་ཕོགས་ དུས་མཚམས་ལུ་ ཡར་སེང་རྐྱབ་ནིའི་དོན་ལུ་ འཆར་གཞིའི་ནང་ དངུལ་ཕོགས་ལྷན་ཚོགས་གཞི་བཙུགས་འབད་ནི་སྦེ་ བཙུགས་ཏེ་ཡོད་ཟེར་ བཤད་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་གི་ ལཱ་ཁག་འགན་ཁུར་ཚུ་ ཧེ་མ་བ་ལྷགཔ་སྦེ་ ཡར་སེང་སོང་སྟེ་ཡོདཔ་ལས་ ཁོང་གི་ དངུལ་ཕོགས་ཡང་ ཡར་སེང་རྐྱབ་ནི་གི་ དུས་ཚོད་ན་ཐན་རན་ཡོད་ཟེར་ གཙོ་འཛིན་གྱིས་ བཤད་པའི་ཁར་ སྲིད་ཚོགས་གཞན་གྱིས་ དྲག་ཁག་གསུམ་གྱི་ དམག་མི་ཚུ་གི་ དངུལ་ཕོགས་དང་ ཐོབ་ལམ་ཚུ་ ཡར་སེང་རྐྱབ་ནི་ཨིན་པའི་སྐོར་ ཁས་བླངས་འབད་ཡོད་མི་ལུ་ དོགས་སེལ་འབད་མིའི་ནང་ དམག་མི་ཚུ་ལུ་ དངུལ་ཕོགས་ཡར་སེང་རྐྱབ་ནི་གི་ ཁྱད་དབང་དེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་མ་གཏོགས་ གཞུང་སྐྱོང་ཚོགས་པ་ལུ་ དབང་ཚད་མེད་ཟེར་ཨིན་པས།
ད་རུང་ སྲིད་ཚོགས་གཞན་གྱིས་ འབྲུག་ཕུན་སུམ་ཚོགས་པ་གིས་ བུ་ལོན་འབོར་ཆེ་ཏོག་ཏོ་སྦེ་ བཟོ་ནུག་ཟེར་ ཁ་ཉེས་བཀལ་ཐོག་ལས་ མི་སེར་ཚུ་ལུ་ གོ་བ་བརྡ་ལོག་སྤྲོད་ནུག་ཟེར་ཨིནམ་ད་ གཙོ་འཛིན་གྱིས་ ཆུ་ཁ་གློག་མེ་ལས་འགུལ་ལུ་ དཔེ་བཞག་སྟེ་ སླབ་མིའི་ནང་ ལས་འགུལ་དེ་ རྒྱ་གར་ལས་ བསྐྱིན་འགྲུལ་བརྒྱ་ཆ་༤༩ ལེན་ཐོག་ལས་ གཞི་བཙུགས་འབད་ཡོདཔ་ལས་ ད་རིས་འབདཝ་ད་ བསྐྱིན་ཚབ་ཚུ་ ལོག་བཏབ་པ་གིས་མ་ཚད་ རྒྱལ་ཁབ་ཀྱི་འོང་འབབ་ འབོར་ཆེ་དྲགས་སྦེ་ བཟོ་དོ་ཟེར་ཨིན་པས།
སྲིད་ཚོགས་གཞན་གྱིས་ ཕུན་སུམ་ཚོགས་པ་ལུ་ འཐུས་ཤོར་བྱུང་མིའི་སྐོར་ལས་ ཁ་ཉེས་འདྲ་མིན་སྣ་ཚོགས་བཀལ་ཏེ་ བསྒྱུར་བཅོས་ཀྱི་དོན་ལུ་ ཁོང་གི་ཚོགས་པ་གདམ་ཁ་རྐྱབ་དགོཔ་སྦེ་ སླབ་མི་དེ་ སྤྱིར་བཏང་སྲིད་དོན་ལམ་ལུགས་ཅིག་ཨིན་རུང་ མི་སེར་རང་གིས་ ཐག་བཅད་ཐོག་ལས་ ཕན་ཐོགས་ཡོད་མི་དང་ ལྕོགས་གྲུབ་ཅན་དེ་ གདམ་ཁ་གནང་དགོ་ཟེར་ འཇིགས་མེད་འཕྲིན་ལས་ཀྱིས་ ཚོགས་རྒྱན་སྐྱུར་མི་ཚུ་ལུ་ དྲན་གསོ་འབད་ནུག།
འདི་འབདཝ་ལས་ ཁྱེད་མི་སེར་ཚུ་གི་ ལག་པར་ཡོད་མི་ ཐོབ་དབང་རྩ་ཅན་དེ་ ལོག་སྤྱོད་འབད་ནི་མི་འོང་ཟེར་ གཙོ་འཛིན་གྱིས་ བཤད་པའི་ཁར་ གལ་སྲིད་ མི་སེར་ཚུ་གིས་ ཚོགས་རྒྱན་བཙོང་ནིའི་དོན་ལུ་ གདམ་ཁ་རྐྱབ་པ་ཅིན་ འབྲུག་གི་མ་འོངས་གནས་སྟངས་དེ་ ག་ཅི་བཟུམ་འགྱོ་འོང་ག་ སླབ་མི་ཤེས་ནི་ཨིནམ་ལས་ བཙག་འཐུའི་སྐབས་ ཏི་རུ་བྱིན་ཐོག་ལས་ མི་སེར་དགའ་བཅུག་མི་ཚུ་ལུ་ ཚོགས་རྒྱན་བཙུགས་ནི་ མི་འོང་ཟེར་ དྲན་བསྐུལ་འབད་ནུག།
ད་རིས་ མི་སེར་ཚུ་གིས་ ཏི་རུ་ལུ་ལྟ་སྟེ་ ཚོགས་རྒྱན་བཙུགས་པ་ཅིན་ སྤྱི་ལོ་༢༠༡༨ ཀྱི་བཙག་འཐུ་དེ་ ཏི་རུའི་དབང་དུ་ཐལ་ཏེ་ ག་ཅི་གིས་ཡང་ བཀག་ཆ་འབད་མི་ཚུགས་ཟེར་ ཕུན་སུམ་ཚོགས་པའི་ གཙོ་འཛིན་གྱིས་ བཤད་པའི་ཁར་ གལ་སྲིད་ ཚོགས་པ་གིས་ ཚོགས་རྒྱན་ཉོ་ཐོག་ལས་ རྒྱལ་ཁ་འཐོབ་པ་ཅིན་ གཞུང་སྐྱོང་ནིའི་ནང་ འཐུས་ཤོར་བྱུང་རུང་ མི་སེར་གྱི་ ཁ་ཐུག་ལས་ སླབ་ནི་གི་ དབང་ཚད་ག་ནི་ཡང་ མེདཔ་འགྱོ་འོང་ཟེར་ བཤད་ནུག།
འདེམས་ངོ་ཅིག་གིས་ ཏི་རུ་སྤྲོད་ཐོག་ལས་ ཚོགས་རྒྱན་བཙུགས་གནང་ཟེར་ སླབ་པར་འོང་མི་དེ་ མི་སེར་ཚུ་ལུ་ ཤ་ཚ་ཧིང་ཚ་ཡོདཔ་མེན་པར་ ཁྱེད་ཆ་ཁྱབ་ སྤྱང་ཀ་དང་ འབྱུང་ཁུངས་མེདཔ་བཟོ་ནིའི་དོན་ལུ་ ཨིན་ཟེར་ གཙོ་འཛིན་གྱིས་ དོགས་སེལ་འབད་ནུག།
དེ་ལས་ རྒྱལ་ཁབ་ནང་ རྒྱ་གར་གྱི་ཏི་རུ་ རུ་པིའི་དཀའ་ངལ་ཐོན་མི་དེ་ འབྲུག་ཕུན་སུམ་ཚོགས་པ་ལུ་བརྟེན་མེན་པར་ ནང་འདྲེན་མངམ་དང་ རང་སོའི་ཟད་འགྲོ་ཚུ་ རྒྱ་ཆེཝ་སྦེ་ ཡར་སེང་སོང་ནི་དེ་གིས་ཨིན་ཟེར་ གཙོ་འཛིན་གྱིས་ བཤད་པའི་ཁར་ འབྲུག་ལུ་ གློག་མེ་ལས་འགུལ་༡༠ བསྒྲུབས་པའི་བསྒང་ལས་ རུ་པི་མ་ལང་པའི་ དཀའ་ངལ་ཚུ་ སེལ་ཐོག་ལས་ མི་སེར་ཚུ་གིས་ རུ་པི་ག་དེ་སྦེ་ ཟད་འགྲོ་གཏང་ནི་ཨིན་ན་ཡང་ མ་ཤེསཔ་འགྱོ་འོང་ཟེར་ གསལ་བཤད་འབད་ནུག།
ཁོ་གིས་འབད་བ་ཅིན་ འབྲུག་ཕུན་སུམ་ཚོགས་པ་གིས་ དབུལ་ཕོངས་བརྒྱ་ཆ་༢༣ ལས་༡༢ ལུ་ མར་ཕབ་རྐྱབ་པའི་ཁར་ སྤྱི་ལོ་༢༠༢༠ ལུ་ དབུལ་ཕོངས་རྩ་ལས་མེདཔ་བཟོ་ནི་གི་ དམིགས་ཡུལ་ཨིན་ཟེར་ ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment