གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བེང་ཀོག་གི་ སློབ་གྲྭ་ཅིག་གིས་ སློབ་གྲྭའི་གསལ་བཤད་ལས་རིམ་ འགོ་འདྲེན་འཐབ་ཡོདཔ།

༡༡/༦/༢༠༡༣   ༉ བེང་ཀོག་ལུ་ ཨེ་མེ་རི་ཀཱན་ ཨིས་ཀཱུལ་ཨཱོཕ་ བེང་ཀོག་ཟེར་མི་ སློབ་གྲྭ་དེ་ནང་ ད་ལྟོ་ དཔེ་ཆ་ལྷབ་མི་ འབྲུག་པའི་སློབ་ཕྲུག་ཨ་ལུ་༡༡ དེ་ཅིག་ཡོདཔ་ད་ སློབ་གྲྭ་དེ་ནང་ འབྲུག་པའི་ཨ་ལུ་ཚུ་ དཔེ་ཆ་བལྟ་བར་ འོང་བཅུག་ནིའི་དོན་ལུ་ སློབ་གྲྭའི་མདོ་ཆེན་དང་ སློབ་དཔོན་ཚུ་གིས་ འབྲུག་པའི་ཨ་ལུའི་ཕམ་ཚུ་ལུ་ སློབ་གྲྭའི་སྤུས་ཚད་ཀྱི་སྐོར་ལས་ ཁ་ཙ་ འབྲུག་ཟ་ཁང་ནང་ གསལ་བཤད་ལས་རིམ་ཅིག་ འགོ་འདྲེན་འཐབ་ཅི།
ཨེ་མེ་རི་ཀཱན་ ཨིས་ཀཱུལ་ཨཱོཕ་ བེང་ཀོག་གི་ སློབ་གྲྭའི་དབང་འཛིན་ཚུ་གིས་ སློབ་གྲྭའི་གསལ་བཤད་ལས་རིམ་ཅིག་ འགོ་འདྲེན་འཐབ་པའི་བསྒང་།


སློབ་གྲྭ་དེ་ གཞི་བཙུགས་འབད་དེ་ ལོ་ངོ་༣༠ ལང་ཡོདཔ་བཞིན་དུ་ སློབ་གྲྭ་དེ་ནང་ སློབ་ཕྲུག་བསྡོམས་༨༠༠ དང་ སློབ་དཔོན་༨༥ དེ་ཅིག་ ཡོདཔ་ཨིན་པས།
སློབ་གྲྭ་དེ་ནང་ སློབ་ཕྲུག་ཨ་ལུ་ སྐྱེས་ལོ་༢ ལས་ འགོ་བཙུགས་ཏེ་ ལེན་དོ་ཡོདཔ་ད་ སློབ་རིམ་གྱི་ཐད་ཁར་ བློ་གསར་སློབ་རིམ་ལས་འགོ་བཙུགས་ཏེ་ སློབ་རིམ་༡༢ པ་ཚུན་ཡོདཔ་ཨིན་པས།
སློབ་རིམ་༡༢ པ་ མཇུག་བསྡུ་ཞིནམ་ལས་ སློབ་ཕྲུག་དྲག་ཤོས་ལ་ལུ་ཅིག་ སློབ་གྲྭའི་ཁ་ཐུག་ལས་ ཟད་འགྲོ་བཏང་སྟེ་ ཕྱིའི་རྒྱལ་ཁབ་ཚུ་ནང་ འཕྲོ་མཐུད་སློབ་སྦྱོང་འབད་བར་ བཏངམ་ཨིན་ཟེར་ སློབ་གྲྭའི་མདོ་ཆེན་ ལ་ཁ་ན་ ཊ་བི་ཌི་ཀུལ་གྱིས་ བཤདཔ་ཨིན་པས།
སློབ་གྲྭའི་གསལ་བཤད་ལས་རིམ་ནང་ ཐིམ་ཕུ་ལས་ སློབ་དཔོན་དག་པ་ཅིག་དང་ ཨ་ལུའི་ཕམ་ཚུ་གིས་ བཅའ་མར་གཏོགས་ཡོདཔ་ཨིན་པས།
སློབ་གྲྭའི་དབུ་འཛིན་ཅིག་གིས་ སློབ་དཔོན་ཚུ་ལུ་ སླབ་མིའི་ནང་ འབྲུག་པའི་ ཨ་ལུའི་ཕམ་མང་ཤོས་ར་ རང་གི་ཨ་ལུ་ཚུ་ལུ་ ཟད་འགྲོ་སྦོམ་བཏང་སྟེ་ ཕྱིའི་རྒྱལ་ཁབ་ཚུ་ནང་ དཔེ་ཆ་ལྷབ་པར་གཏང་ནི་དེ་ ལཱ་ཁག་རྐྱབ་དོ་ཡོདཔ་ལས་ ཁོང་གི་ སློབ་གྲྭའི་ཁ་ཐུག་ལས་ སློབ་གཉེར་གྲོགས་རམ་བྱིན་དགོཔ་དེ་ ཁག་ཆེ་བས་ཟེར་ཨིན་པས།
སློབ་གྲྭ་ནང་ འཛུལ་ཞུགས་མདོ་ཆེན་ཐཱོ་མཱསི་གིས་ སླབ་མིའི་ནང་ ད་ལྟོ་ ཁོང་གི་སློབ་གྲྭ་ནང་ སློབ་སྦྱོང་འབད་དོ་ཡོད་མི་ འབྲུག་པའི་ཨ་ལུ་ཚུ་ བྱ་སྤྱོད་དང་ དཔེ་ཆ་ཚུ་ ག་ཅིའི་ཐད་ལས་འབད་རུང་ ལེགས་ཤོམ་ཡོད་ནི་དེ་གིས་ ཁོང་ཆ་ཁྱབ་ འབྲུག་རྒྱལ་ཁབ་ནང་ ཨ་ལུའི་ཕམ་ཚུ་ལུ་ སེམས་ཤུགས་བསྐྱེད་བཅུག་པར་འོང་ཡི་ཟེར་ ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment