གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤ་རོ་ལུ་ རྐང་འཁོར་མོ་ཊར་བ་ཡེཀ་གི་ཐུག་རྐྱེན་ནང་ ཕོ་སྐྱེས་ཅིག་ལུ་ཤི་རྐྱེན།

༡༡/༦/༢༠༡༣   ༉ སྤྱི་ཟླ་༦ པའི་ཚེས་༨ ཀྱི་ ནུབ་མོའི་ཆུ་ཚོད་༡༠:༡༥ ལུ་ སྤ་རོ་སློབ་དཔོན་སློབ་སྦྱོང་སྤེལ་ཁང་ནང་ སྦྱོང་བརྡར་འབད་མི་ ལོ་ངོ་༤ པའི་ སྦྱོང་བརྡར་བ་ཅིག་ སྤ་རོ་གནསམོ་ཇོ་ལུ་ རྐང་འཁོར་མོ་ཊར་བ་ཡེཀ་གི་ ཐུག་རྐྱེན་བྱུང་མིའི་ནང་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།


དེ་ཡང་ སྐྱེས་ལོ་༢༣ ལང་མི་ ཚེ་འདས་ཕོ་སྐྱེས་དེ་ སྤུ་ན་ཁ་ དགོན་ས་ལས་ཨིནམ་ད་ ཁོ་ར་ ཐིམ་ཕུ་ལས་ སྤ་རོ་ལུ་ ལོག་འོང་པའི་སྐབས་ རྐྱེན་ངན་བྱུང་ནུག་ཟེར་ཨིན་པས།
ཚེ་འདས་ཕོ་སྐྱེས་དེ་ སྤ་རོ་གནསམོ་ཇོ་ལུ་ ཁོ་རའི་ ཆ་རོགས་དང་གཅིག་ཁར་ སྡོད་དོ་ཡོདཔ་ཨིན་པས།
སྤ་རོའི་ ཁྲིམས་སྲུང་འགག་པའི་ འགོ་དཔོན་ཅིག་གིས་ ཀུན་གསལ་ལུ་ བཤད་མི་དང་འཁྲིལཝ་ད་ མོ་ཊར་བ་ཡེཀ་དེ་ ཤུགས་ཚད་ལས་བརྒལ་ བཏང་མི་ལུ་བརྟེན་ ཐུག་རྐྱེན་བྱུང་ནུག་ཟེར་ཨིནམ་ད་ ག་དེམ་ཅིག་སྦེ་ ལྕགས་ཞྭམོ་དེ་ ལེགས་ཤོམ་སྦེ་ བཙུགས་བཙུགསཔ་ཨིན་པ་ཅིན་ ཤི་རྐྱེན་མི་འབྱུང་ནི་བཟུམ་ཅིག་འདུག་ཟེར་ཨིན་པས།
ཚེ་འདས་ཀྱི་ ལྕགས་ཞྭམོ་དེ་ རྐྱེན་ངན་བྱུང་སའི་ ས་གོ་ནང་ལས་ ཕིཊ་༥༠ གི་ས་ཁར་འདུག་ཟེར་ཨིནམ་ད་ ཚེ་འདས་ཀྱི་ མགུ་ཏོ་གཡོན་ཁ་ཐུག་ལུ་ རྨ་སྐྱོན་སྦོམ་སྦེ་ བྱུང་མི་ལུ་བརྟེན་ཏེ་ ཤི་རྐྱེན་བྱུང་ནུག་ཟེར་ཨིན་པས།
རྐྱེན་ངན་དེ་གི་སྐོར་ལས་ ས་གནས་ནང་ལས་འགྱོ་མི་ ཕོ་སྐྱེས་ཅིག་གིས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཚེ་འདས་ཀྱི་ འགྲུལ་འཕྲིན་མོ་བཱ་ཡེལ་དེ་ ཐོབ་པའི་ཤུལ་ལས་ ཁོ་རའི་ཕམ་སྤུན་ཆ་དང་ མདོ་ཆེན་ལུ་ འགྲུལ་འཕྲིན་བཏང་སྟེ་ དེ་ཚེ་ནུབ་མོ་ར་ ཕུངམ་དེ་ རྩིས་སྤྲོད་འབད་ཡི་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment