གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མོང་སྒར་དང་ ལྷུན་རྩེའི་འདེམས་ངོ་ཚུ་གིས་ འདེམས་ངོའི་ཡིག་ཆ་ཚུ་ སྤྲོད་དོ་ཡོདཔ།

༡༡/༦/༢༠༡༣   ༉ སྤྱི་ཚོགས་༢ པའི་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་དོན་ལུ་ དུས་ཡུན་ཟླཝ་༡ དེ་ཅིག་ལས་བརྒལ་ མེད་པ་ལུ་བརྟེན་ མོང་སྒར་དང་ ལྷུན་རྩེ་རྫོང་ཁག་གི་ མི་སེར་ཚུ་གིས་ སྤྱིར་བཏང་བཙག་འཐུའི་སྐབས་ལུ་ སྲིད་དོན་ཚོགས་པ་ཚུ་ ག་དྲག་གའི་སྐོར་ལས་ ལོ་རྒྱུས་ཚུ་ བཤད་དོ་ཡོདཔ་ཨིན་པས།
མོང་སྒར་འདེམས་ཁོངས་ཀྱི་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ ཀརྨ་ལྷ་མོ་དང་ དགྲ་མེད་རྩེ་­- སྔ་ཚང་གི་འདེམས་ངོ་ ཨྱོན་དབང་འདུས་ཀྱིས་ འདེམས་ངོའི་ཡིག་ཆ་ཚུ་ སྤྲོད་པའི་བསྒང་།


སྤྱིར་བཏང་བཙག་འཐུའི་དོན་ལུ་ དོ་འགྲན་འབད་མི་ སྲིད་དོན་ཚོགས་པ་༢ ཀྱི་ འདེམས་ངོ་ཚུ་གིས་ རང་སོའི་ གདམ་ངོ་གི་ ཡིག་ཆ་ཚུ་ བཙུགས་ནིའི་ཚེས་གྲངས་དེ་ ད་རིས་ མཇུག་ཨིནམ་ལས་བརྟེན་ ལྷུན་རྩེ་དང་ མོང་སྒར་རྫོང་ཁག་གི་ འདེམས་ངོ་མང་ཤོས་ཅིག་གིས་ ཁོང་རའི་ འདེམས་ངོ་ཚུ་གི་ཡིག་ཆ་ཚུ་ རང་སོའི་ངོས་ལེན་འགོ་དཔོན་ཚུ་ལུ་ ད་རིས་ སྤྲོད་ནི་ཨིན་པས།
མོང་སྒར་རྫོང་ཁག་ནང་ འདེམས་ཁོངས་༣ ཡོདཔ་ད་ མོང་སྒར་འདེམས་ཁོངས་ཀྱི་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ ཀརྨ་ལྷ་མོ་དང་ དགྲ་མེད་རྩེ་སྔ་ཚང་གི་འདེམས་ངོ་ ཨྱོན་དབང་འདུས་གཉིས་ཀྱིས་ འདེམས་ངོའི་ཡིག་ཆ་ཚུ་ ཁ་ཙ་ སྤྲོད་ཡོདཔ་ད་ གཞན་མི་ཚུ་གིས་ ད་རིས་ སྤྲོད་ནི་ལུ་ གྲ་སྒྲིག་ཡོདཔ་ཨིན་པས།
དེ་ཡང་ མོང་སྒར་འདེམས་ཁོངས་ཀྱི་འདེམས་ངོ་ འབྲུག་མཉམ་རུབ་ཚོགས་པའི་ གཙོ་འཛིན་འོག་མ་ འཇིགས་མེད་བཟང་པོ་གིས་ སྤྱིར་བཏང་བཙག་འཐུའི་དོན་ལུ་ མི་སེར་དམངས་གཙོ་ཚོགས་པའི་ འདེམས་ངོ་སྦེ་ ཐོན་ཡོདཔ་ལས་ ཁོ་གིས་ འདེམས་ངོའི་ཡིག་ཆ་སྤྲོད་ནིའི་དོན་ལུ་ ཁ་ཙ་ བུམ་ཐང་ལས་ མོང་སྒར་ལུ་ སོང་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ སྐྱེངས་མཁར་ཝེ་རིང་ལ་གི་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ རིག་འཛིན་རྒྱ་མཚོ་གིས་ ཁོ་རའི་ འདེམས་ངོ་གི་ཡིག་ཆ་ སྤྲོད་ནིའི་དོན་ལུ་ ད་རིས་ དྲོ་པའི་ཆུ་ཚོད་༡ དང་༢ ལས་ ཐིམ་ཕུ་ལས་ མོང་སྒར་ལུ་ འགྱོ་ནི་འགོ་བཙུགས་ཡོདཔ་ད་ དེ་ཡང་ ཁ་ཙ་ རྟ་ཤི་སྒ་ཆག་གི་ཉིནམ་ ཕོག་མི་ལུ་བརྟེན་ འགྲུལ་སྐྱོད་མ་འབད་ཟེར་ སླབ་ཨིན་པས།
སྐྱེངས་མཁར་ཝེ་རིང་ལ་གི་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ བསོད་ནམས་རྒྱ་མཚོ་དང་ དགྲ་མེད་རྩེ་སྔ་ཚང་གི་འདེམས་ངོ་ ཚེ་རིང་རྡོ་རྗེ་གིས་ཡང་ མ་གཞི་ ཡིག་ཆ་ཚུ་ ཁ་ཙ་ལས་ གྲ་སྒྲིག་སོང་ཡོདཔ་ཨིན་རུང་ ད་རིས་ སྤྲོད་ནི་ཨིན་ཟེར་ སླབ་ཡོདཔ་ད་ ཁོང་༢ བཟུམ་སྦེ་ སྲིད་ཚོགས་༢ ཀྱི་ འདེམས་ངོ་ཆ་མཉམ་གྱིས་ ཡིག་ཆ་ཚུ་ ཁོང་རའི་ ངོས་ལེན་འགོ་དཔོན་ལུ་ སྤྲོད་ནི་དེ་ གྲ་སྒྲིག་ཚུད་དེ་ ཡོད་ཟེར་ཨིན་པས།
དེ་བཟུམ་སྦེ་ ལྷུན་རྩེ་རྫོང་ཁག་གི་ འདེམས་ཁོངས་༢ ཀྱི་ འདེམས་ངོ་ཚུ་གིས་ཡང་ ཁོང་རའི་ ཡིག་ཆ་ཚུ་ ངོས་ལེན་འགོ་དཔོན་ལུ་ ད་རིས་ སྤྲོད་ནི་ཨིནམ་ད་ རྫོང་ཁག་གི་ ངོས་ལེན་འགོ་དཔོན་ སངས་རྒྱས་རྡོ་རྗེ་གིས་ སླབ་མིའི་ནང་ འདེམས་ངོ་ཚུ་གིས་ ཁོང་རའི་ཡིག་ཆ་ཚུ་ གྲ་སྒྲིག་ཡོད་ཟེར་ སླབ་ཡོདཔ་མ་ཚད་ ཡིག་ཆ་ཚུ་ ད་རིས་ འབག་འོང་ནི་སྦེ་ སླབ་སྟེ་ཡོད་ཟེར་ཨིན་པས།
རྫོང་ཁག་༢ ནང་ བཙག་འཐུ་ལྷན་ཚོགས་ཀྱི་ བཀའ་རྒྱ་མ་ལྷོད་ཚུན་ ད་རེས་སྐབས་ཅིག་ ཚོགས་པ་ཚུ་གིས་ཡང་ བསྐུལ་བསྒྲགས་འབད་ནི་མེདཔ་ད་ ངོས་ལེན་འགོ་དཔོན་ཚུ་གིས་ འདེམས་ངོ་ཚུ་གི་ཡིག་ཆ་ཚུ་ སྤྱི་ཟླ་༦ པའི་ཚེས་༡༢ ལས་ ཞིབ་དཔྱད་འབད་ནི་ འགོ་བཙུགས་ནི་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment