གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལུང་ནག་ནང་གི་ རྐང་ལམ་ཚུ་ གནོད་ཉེན་ཅན་ལུ་འགྱུར་ནི།

༡༠/༦/༢༠༡༣   ༉ སྤྱི་ཟླ་༧ པའི་ཚེས་༡༣ གྱི་ སྤྱིར་བཏང་བཙག་འཐུའི་དོན་ལུ་འགྱོ་མི་ བཙག་འཐུའི་འཐུས་མི་ཚུ་ མགར་ས་རྫོང་ཁག་གི་ ལ་མཐོ་སའི་ས་གནས་ ལུང་ནག་ནང་ལུ་འགྱོ་བའི་སྐབས་ ལམ་བདའ་སྟེ་ ས་རུད་ཆད་ཉེན་ཡོདཔ་ལས་ དྲནམ་བཏོན་དགོ་ཟེར་ འགོ་ཐོག་བཙག་འཐུའི་ སྒྲིག་གཡོག་ནང་སོང་སྟེ་ སྤྱི་ཟླ་༦ པའི་ཚེས་༦ ལུ་ ལོག་ལྷོད་མི་ འགོ་དཔོན་ཚུ་གིས་ སླབ་ཨིན་པས།
འགོ་ཐོག་བཙག་འཐུའི་ནང་སོང་མི་ བཙག་འཐུའི་སྡེ་ཚན་དེ་ ལམ་ཁཝ་གིས་བཅད་མི་ གངས་མཇུག་ལ་བརྒལ་ཏེ་ ལོག་འོང་པའི་བསྒང་།


དེ་བསྒང་ ཆར་ཆུ་ལུ་བརྟེན་ མི་ལམ་ཚུ་ བསུབ་ནི་གི་ ཉེན་ཁ་ཡང་ཡོད་ཟེར་ ལུང་ནག་ནང་གི་ བཙག་འཐུའི་སྡེ་ཁྲིད་འགོ་དཔོན་ མགར་སའི་འཕྲུལ་རིག་འགོ་དཔོན་འོགམ་ ཀུན་དགའ་གིས་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་རེས་ནངས་པ་ གནམ་བྱཱར་གྱི་ ཆར་ཆུ་དུས་ཚོད་དང་བསྟུན་ ཁཝ་བཞུ་ནི་ འགོ་བཙུགས་ཡོདཔ་ལས་ ལུང་ནག་ནང་ལུ་འགྱོ་སའི་ལམ་ཚུ་ བསུབ་ནི་དང་ འགྱེལ་ཏ་རྐྱབ་སི་སི་འོང་ཟེར་ཨིནམ་ད་ ང་བཅས་ འགོ་ཐོག་བཙག་འཐུའི་དོན་ལུ་སོང་མི་ བཙག་འཐུའི་ལས་བྱེདཔ་ཚུ་ ལུང་ནག་ནང་ལས་ ལོག་འོངམ་ད་ ས་རུད་ཀྱིས་ ལམ་ཁག་དག་པ་ཅིག་ བསུབས་ཡོདཔ་ལས་ ལམ་འཚོལ་མ་ཐོབ་པར་ ལཱ་ཁག་རྐྱབ་ཅི་ཟེར་ སྡེ་ཁྲིད་འགོ་དཔོན་གྱིས་ སླབ་ཨིན་པས།
འགོ་ཐོག་བཙག་འཐུའི་སྐབས་ ཉེན་སྲུང་དམག་མི་༡༢ དང་ སྡེ་ཁྲིད་འགོ་དཔོན་༡ ཚོགས་རྒྱན་འགོ་དཔོན་༣ གསོ་བའི་དྲུང་འཚོ་༡ འབདཝ་ད་ འཐུས་མི་༡༧ འབད་མི་ སྡེ་ཚན་དང་ དོས་འབག་མི་༧ སྤྱི་ཟླ་༥ པའི་ཚེས་༢༠ ལུ་ སྤ་རོ་དགོན་ཤ་རི་ལས་སྦེ་ ལུང་ནག་ནང་ལུ་ སོང་བའི་སྐབས་ བདུན་ཕྲག་༡ ལྷགཔ་ཅིག་ འགོར་ཡོདཔ་ཨིན་པས།
ལུང་ནག་ནང་ལུ་འགྱོ་བའི་སྐབས་ སྡེ་ཚན་དེ་ གངས་མཇུག་ལ་ལུ་ལྷོདཔ་ད་ ཁཝ་གིས་ ལམ་བསུབས་ཏེ་ དུས་ཡུན་ཆུ་ཚོད་༣ དེ་ཅིག་གི་རིང་ ལམ་བྱང་དཔ་ལས་ ཞག་གུར་སྤུབས་ཏེ་སྡོད་དགོཔ་ བྱུང་ཡོདཔ་ད་ གངས་མཇུག་ལ་བརྒལ་ཏེ་འགྱོཝ་ད་ འཐུས་མི་༣ ལ་དུག་ཕོག་སྟེ་ ཁ་ལས་སྐྱུགས་ཡོད་རུང་ ལུང་ནག་ནང་ལུ་ལྷོདཔ་ད་ གཟུགས་ཁམས་འཕྲོད་བསྟེན་གྱི་ དཀའ་ངལ་སྦོམ་མ་འབྱུང་ཟེར་ ཀུན་དགའ་གིས་ བཤད་ཅི།
ད་རུང་ ལུང་ནག་ནང་ལས་ ལོག་འོངམ་ད་ཡང་ གངས་མཇུག་ལ་དང་ ཚེ་རི་ཕུག་གི་བར་ན་ ལམ་བྱང་དཔ་ལས་ ཁྱེགས་ཆགས་མི་ གངས་གུ་ལས་འཛེགས་དགོཔ་ བྱུང་ཡི་ཟེར་ཨིནམ་ད་ རྒྱ་མཚོའི་གནས་ཚད་ལས་ མཐོ་ཚད་མི་ཊར་༤,༩༠༠ དེ་ཅིག་གི་ ས་ཁར་ཡོད་མི་ གངས་མཇུག་ཚུན་ དགོན་ཤར་རི་ལས་ རྐང་སྟོང་སྦེ་ ལམ་འགྲུལ་འབདཝ་ད་ ཉིན་གྲངས་༥ འགོརཝ་ཨིན་པས།
ལུང་ནག་ནང་ལུ་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་སྐྱུར་མི་༢༤༨ ཡོད་མི་ལས་ འགོ་ཐོག་བཙག་འཐུའི་ནང་༡༨༥ གིས་ ཚོགས་རྒྱན་བཙུགས་ཡོད་པའི་གནས་ཚུལ།

No comments:

Post a Comment