གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཡིད་འཛིན་གྱིས་ སྡེ་ཚན་ ༦ ལས་ རྒྱལ་ཁ་ཐོབ་ཡོདཔ།

༡༠/༦/༢༠༡༣   ༉ ཁ་ཙ་ ཡིད་འཛིན་སྡེ་ཚན་གྱིས་ འབྲུག་ཨིསི་ཊར་སྡེ་ཚན་ལུ་ གཱོལ་༣ བཙུགས་ཏེ་ རྒྱལ་ཁ་ཐོབ་མི་དང་འབྲེལ་ ཐིམ་ཕུ་ ཕུཊ་བཱོལ་ལིག་རྩེད་འགྲན་འགོ་བཙུགས་པའི་ཤུལ་ལུ་ ཡིད་འཛིན་གྱིས་ བྱང་ཕྱད་སྡེ་ཚན་༦ དང་གཅིག་ཁར་ རྩེད་འགྲན་འབད་ཡོད་མི་ བྱང་ཕྱད་སྡེ་ཚན་ག་ར་ལས་ རྒྱལ་ཁ་ཐོབ་ཡོདཔ་ཨིན་པས།


སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབད་བའི་སྐབས་ ཕུཊ་བཱོལ་ལུ་ སྤྲོ་བ་ཡོད་མི་ ན་གཞོན་བུཚ་དང་བུམོ་ དགེ་སློང་ དེ་ལས་ རྒན་ཤོས་ཚུ་ ལྟདམོ་ལྟ་བར་འོང་ཡོདཔ་ལས་ རང་ཕྱོགས་ལུ་ དགའ་མི་སྡེ་ཚན་གྱི་ རྩེད་འགྲན་པ་ཚུ་ལུ་ རྩེད་འགྲན་ལེགས་ཤོམ་འབད་དགོ་པའི་སྐོར་དང་ རྩེད་འགྲན་འབད་མི་གིས་ མ་ཤེས་མི་ཚུ་ སྐྱོན་བརྗོད་འབད་དེ་ དོ་འགྲན་འབད་བཅུག་པའི་མཐོང་གསལ་བྱུང་ཡི།
དེ་བཟུམ་སྦེ་ དགའ་མི་སྡེ་ཚན་ལུ་ རྒྱབ་སྐྱོར་འབད་མི་ཚུ་གིས་ སྐྱོན་དང་ཡོན་ཏན་ཚུ་ ལེགས་ཤོམ་བཟོ་བཅོས་འབད་ནིའི་དོན་ལུ་ སླབ་ཡོད་རུང་ མ་དགའ་མི་ཚུ་གིས་ སྨད་པ་རྐྱབ་ཐོག་ལས་ སྐྱོན་བརྗོད་འབད་དེ་ སྡེ་ཚན་༢ ཀྱི་བར་ན་ འགྲན་བསྡུར་དེ་ དོ་འགྲན་སྦོམ་སྦེ་ར་ འབད་དགོཔ་ཐོན་ཡི།
སྡེ་ཚན་༢ ཀྱི་བར་ན་ བར་མཚམས་ངལ་གསོ་ཚུན་ གཱོལ་ག་གིས་ཡང་ བཙུགས་མ་ཚུགསཔ་ལས་ རྒྱལ་ཕམ་ཕྱེ་ནི་ལུ་ དོགས་པ་སྦོམ་ཆགས་དགོཔ་ཐོན་རུང་ བར་མཚམས་ཀྱི་ཤུལ་ལས་ ཡིད་འཛིན་ལས་ དཀོན་མཆོག་རྒྱལ་མཚན་དང་ ཀུན་ལེགས་རྡོ་རྗེ་༢ ཀྱིས་ བྱང་ཕྱད་སྡེ་ཚན་ལུ་ དུས་ཡུན་སྐར་མ་༥༩ དང་༦༠ འི་ནང་ གཱོལ་བཙུགས་ཡོདཔ་ལས་ བྱང་ཕྱད་སྡེ་ཚན་ལུ་ རྒྱབ་སྐྱོར་འབད་མི་ཚུ་ ཁུ་སིམ་སིམ་སྦེ་ སྡོད་དགོཔ་བྱུང་ཡི།
འབྲུག་ཨིསི་ཊར་ལས་ ཀརྨ་འཕྲིན་ལས་ཀྱིས་ དུས་ཡུན་སྐར་མ་༧༩ ནང་ ཡིད་འཛིན་ལུ་ གཱོལ་༡ བཙུགས་པའི་ཤུལ་ལས་ རྩེད་འགྲན་འབད་མི་དང་ རྒྱབ་སྐྱོར་འབད་མི་ཚུ་ སྤྲོ་བ་ཐེབས་བསྐྱེད་དེ་ རྒྱབ་སྐྱོར་འབདཝ་བཞིན་དུ་ རྩེད་འགྲན་པ་ཚུ་གིས་ གཱོལ་༢ བཙུགས་ཏེ་ གཱོལ་འདྲན་འདྲ་བཟོ་ནིའི་དོན་ལས་ རྩ་འགེངས་ཏེ་ རྩེད་འགྲན་འབད་ཡི།
འབྲུག་ཨིསི་ཊར་གྱིས་ གཱོལ་༢ པ་བཙུགས་མ་ཚུགས་པའི་བར་ན་ ཡིད་འཛིན་ལས་ ཡེ་ཤེས་རྡོ་རྗེ་གིས་ དུས་ཡུན་སྐར་མ་༨༧ ལུ་ གཱོལ་༡ བཙུགས་ཡོད་རུང་ སྡེ་ཚན་གྱིས་ འབྲུག་ཨིསི་ཊར་སྡེ་ཚན་ ཕམ་མ་ཚུགས་པར་ དོ་འགྲན་ལེ་ཤ་འབད་དགོཔ་བྱུང་ཡི།
ཡིད་འཛིན་གྱིས་ རྒྱལ་ཁ་ཐོབ་ཡོདཔ་ལས་ ད་ལྟོ་ སྐུགས་༡༦ ཐོབ་སྟེ་ ཨང་༡ པ་ཐོན་ཡོདཔ་ད་ གཟིམ་སྒྲ་གིས་ སྐུགས་༡༣ ཐོབ་སྟེ་ཨང་༢ པ་ རྫོང་རིགས་ཀྱིས་ སྐུགས་༩ ཐོབ་སྟེ་ ཨང་༣ པ་ དེ་ལས་ འབྲུག་ཨིསི་ཊར་དང་ འབྲུག་ཡུ་ནའི་ཊེཌ་སྡེ་ཚན་༢ ལུ་ སྐུགས་༤ འདྲན་འདྲ་ཐོབ་ཡོདཔ་ཨིན་པས།
རེས་གཟའ་ལྷག་པ་ལུ་ ཡིད་འཛིན་དང་ ཐིམ་ཕུ་ཡུ་ནའི་ཊེཌ་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབད་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment