གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལྷུན་རྩེ་རྫོང་ཁག་ནང་ མི་མང་རྩོད་འགྲན་གྱི་ལས་རིམ་ འགོ་འདྲེན་འཐབ་ཡོདཔ།

༡༩/༦/༢༠༡༣   ༉ ལྷུན་རྩེ་རྫོང་ཁག་ནང་ འདེམས་ཁོངས་༢ ཡོད་པའི་གྲས་ལས་ སྒང་ཟུར་- སྨིན་རྗེ་གི་དོན་ལུ་ མི་མང་རྩོད་འགྲན་གྱི་ལས་རིམ་དེ་ སྤྱི་ཟླ་༦ པའི་ཚེས་༡༦ ལུ་ འགོ་འདྲེན་འཐབ་པའི་སྐབས་ སྨན་སྦིས་ལས་ དབང་ཕྱུག་གིས་ མི་སེར་དམངས་གཙོ་ཚོགས་པ་ནང་ འགོ་ཐོག་བཙག་འཐུའི་སྐབས་ལུ་ འདེམས་ངོ་ཚུ་ ལྕོགས་གྲུབ་ཅན་ཙང་ཙ་ར་ཡོད་ཟེར་ གོ་ཡི་ཟེར་ཨིན་པས།


ཨིན་རུང་ ད་རེས་འབདཝ་ད་ མཉམ་རུབ་ཚོགས་པ་ལས་ འདེམས་ངོ་༧ བཙུགས་མི་དེ་ ཁ་དང་ལགཔ་རྟགས་མ་མཐུནམ་ལས་ འདེམས་ངོ་སོར་མི་ཚུ་ལུ་ཡང་ གྲོས་བསྟུན་ཚུ་ག་དེ་སྦེ་འབད་ཡི་ག་དང་ སེམས་ཕམ་མ་བྱུང་ག་ཟེར་ ད་རེས་ མི་སེར་གྱི་བསམ་འཆར་ལས་ གླང་༢ ཀྱིས་ གླང་ཅིག་དང་གཅིག་ཁར་འཐབ་དོ་ཡོད་པའི་ ཚ་གྱང་བྱུངམ་མས་ཟེར་ཨིན་པས།
མི་སེར་དམངས་གཙོ་ཚོགས་པའི་ འདེམས་ངོ་ བློ་བཟང་རྡོ་རྗེ་གིས་ སླབ་མིའི་ནང་ མཉམ་རུབ་ཚོགས་པ་ལས་ འདེམས་ངོ་༧ བཙུགས་མི་དེ་ བདེན་ཟེར་ཨིནམ་ད་ དེ་ཡང་ ཁྲིམས་ལུགས་དང་འཁྲིལ་ རང་དབང་ཐོག་ལས་མེན་པར་ གྲོས་བསྟུན་ཐོག་ལས་ བསྟུན་གྲོས་སྦུག་ལུ་བཙུགས་ཏེ་ ལཱ་འབད་ཡོདཔ་ལས་ བློ་ཕམ་བྱུང་མི་ ག་ཡང་མེད་ཟེར་ཨིན་པས།
དེ་བཟུམ་སྦེ་ སྒང་ཟུར་རྒེད་འོག་ལས་ ཀརྨ་ཆོས་སྐྱིད་ཀྱིས་ གཞུང་སྐྱོང་ག་གིས་བཙག་འཐུ་འགྲུབ་རུང་ བསྐྱིན་འགྲུལ་གྱི་ རྒྱབ་སྐྱོར་ག་དེ་སྦེ་ འཐོབ་ཚུགསཔ་བཟོ་ནི་སྨོ་ཟེར་བའི་ལན་ལུ་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ ཀརྨ་རང་གྲོལ་གྱིས་ སླབ་མིའི་ནང་ ཚོང་པ་ཚུ་ལུ་ དཀའ་ངལ་ཡོད་མི་དེ་ འབྲུག་ཕུན་སུམ་ཚོགས་པའི་གཞུང་གིས་ བཀག་ཆ་མ་འབད་ཟེར་ཨིནམ་ད་ དེ་ཡང་ གཙུག་སྡེ་རང་སོའི་དབང་ཚད་ཡོདཔ་ལས་ རྒྱལ་གཞུང་དངུལ་ལས་དབང་འཛིན་དེ་ རྩ་ཁྲིམས་ཅན་གྱི་གཙུག་སྡེ་ཅིག་འབད་ནི་དེ་གིས་ གཞུང་ལུ་དབང་ཚད་མེད་ རང་དབང་ཐ་དད་ཨིན་མི་ལུ་ ལགཔ་བཙུག་མི་ཆོག་པའི་ གཙུག་སྡེ་ཅིག་འབད་ནི་དེ་གིས་ འབྲུག་ཕུན་སུམ་ཚོགས་པའི་གཞུང་ལུ་ བཀོད་རྒྱ་བྱིན་ནིའི་ དབང་ཚད་མེད་ཟེར་ཨིན་པས།
མི་སེར་དམངས་གཙོ་ཚོགས་པའི་ འདེམས་ངོ་ བློ་བཟང་རྡོ་རྗེ་གིས་འབད་བ་ཅིན་ རྩ་ཁྲིམས་ཆེན་མོ་དང་འཁྲིལ་ ཁྲོམ་སྡེ་ཡར་རྒྱས་བཏང་ཐབས་ལུ་ མི་སེར་དམངས་གཙོ་ཚོགས་པ་དེ་ བཙག་འཐུ་འགྲུབ་པ་ཅིན་ ཁྲོམ་དཔོན་བསྐོ་བཞག་འབད་ཞིནམ་ལས་ སྟབས་མ་བདེཝ་སེལ་ནི་དང་ འབྲུག་གི་རྒྱན་ཤོག་གི་ཚོང་འབྲེལ་ ལོག་སྒོ་ཕྱེ་ཐོག་ལས་ འོང་འབབ་བཟོ་སྟེ་ དངུལ་གྱི་བསྐྱིན་འགྲུལ་ཚུ་ ཕུལ་ནི་ཟེར་ཨིན་པས།
ཀརྨ་རང་གྲོལ་གྱིས་འབད་བ་ཅིན་ ཁྲོམ་དཔོན་དང་ འབྲུག་གི་རྒྱན་ཤོག་ལོག་འགོ་བཙུགས་ཏེ་ དཀའ་ངལ་སེལ་ནི་ཟེར་ ཞུ་མི་ལུ་ བདེན་པ་མེད་ཟེར་ཨིནམ་མ་ཚད་ མི་སེར་དམངས་གཙོ་ཚོགས་པ་གིས་ རྒྱལ་གཞུང་དངུལ་ལས་དབང་འཛིན་ནང་ སོང་ཞིནམ་ལས་ ལོག་བསྐྱིན་འགྲུལ་སྒོ་ཕྱེ་ཟེར་སླབ་ད་ འགྱོ་མི་བཏུབ་ཟེར་ཨིནམ་ད་ དེ་ཡང་ རྩ་ཁྲིམས་ཅན་གྱི་གཙུག་སྡེ་ རྒྱལ་ཁམས་ཀྱི་དངུལ་འབྲེལ་ལྟ་མི་ཅིག་ཨིནམ་ལས་ ལགཔ་དཀྲོག་ནིའི་དབང་ཚད་ མེད་ཟེར་ཨིན་པས།
སྒང་ཟུར་རྒེད་འོག་ལས་ ཚེ་རིང་དངོས་གྲུབ་ཀྱིས་ ཕུན་སུམ་ཚོགས་པ་ལུ་ ཀརྨ་རང་གྲོལ་ཁོ་ར་ མཁོ་མང་རྒེད་འོག་ལས་ཨིནམ་ལས་ གསལ་བཤད་ནང་ མཁོ་མ་ཅིག་ལས་མ་གཏོགས་ སྒང་ཟུར་ ཀུར་སྟོད་རྒེད་འོག་ཚུ་ ཡར་རྒྱས་འགྱོ་ཚར་བའི་དབང་ལུ་བཏངམ་ཨིན་ན་ཟེར་ སླབ་མིའི་ལན་ལུ་ ཀརྨ་རང་གྲོལ་གྱིས་ ད་ལྟོ་ཚུན་ དགོས་མཁོ་ག་ཏེ་ཡོད་ག་ འདྲ་མཉམ་ཐོག་ལས་ ཕྱག་ཞུ་ཡི་ཟེར་ཨིནམ་ད་ རྒེད་འོག་ཚུ་གི་གྲས་ལས་ སྒང་ཟུར་ལུ་ གོང་འཕེལ་གྱི་ཞབས་ཏོག་ལེ་ཤ་ཅིག་ ཕུལ་ཏེ་ཡོད་ཟེར་ཨིན་པས།
སྒར་ཟུར་རྒེད་འོག་ལས་ བསོད་ནམས་རྒྱལ་མཚན་གྱིས་འབད་བ་ཅིན་ མི་སེར་དམངས་གཙོ་ཚོགས་པ་གིས་ གནམ་གྲུ་ལས་འགོ་བཟུང་ ཁས་བླངས་ལེ་ཤ་ འབད་དོ་ཡོད་པའི་ཁར་ དངུལ་གྱི་དཀའ་ངལ་ཡང་ བསལ་ནི་ཟེར་ཨིནམ་ལས་ ག་དེ་སྦེ་བསལ་ནི་ཨིན་ན་ཟེར་ སླབ་མི་ལུ་ བློ་བཟང་རྡོ་རྗེ་གིས་འབད་བ་ཅིན་ ཟད་འགྲོ་ཚུ་ ཐད་ཀར་ག་དེ་སྦེ་བཏང་དགོཔ་ཨིན་ན་ཚུ་ ལྟ་ཞིནམ་ལས་ ཁོང་གིས་ཁས་བླངས་འབད་མི་ཚུ་ འགྲུབ་ཚུགས་ཟེར་ཨིན་པས།
སྒང་ཟུར་ལས་ ཀརྨ་གིས་ སིང་མ་ལ་ལམ་གྱི་སྐོར་ལས འབྲུག་ཕུན་སུམ་ཚོགས་པ་གིས་༢༠༡༡ ལས་འགོ་བཙུགས་ཡོད་རུང་ ཕྱོགས་༡ ལས་ ལམ་བསལ་ནི་མེད་མི་དེ་ ག་ཅི་ཨིན་ན་ མི་སེར་དང་ སེམས་ཅན་ག་ ཁག་ཆེཝ་ཨིན་ན་ ལྟ་དགོཔ་མེད་ག་ཟེར་ཨིན་མི་ལུ་ ཀརྨ་རང་གྲོལ་གྱིས་ སིང་མ་ལ་གི་ལམ་དེ་ འཆར་གཞི་ནང་ཡོད་རུང་ མི་༡ དང་༢ ཀྱིས་བཀག་མི་དེ་ རི་དྭགས་སེམས་ཅན་ཚུ་ལུ་ གནོདཔ་མས་ཟེར་ཨིན་པས།
རྒྱལ་ཁབ་ནང་ ལམ་བཏོན་མི་ཚུ་ག་ར་ རང་བཞིན་གནས་སྟངས་ལུ་ གནོད་པ་མེད་མི་མེདཔ་ལས་ ལམ་དེ་གིས་ ཤར་ཕྱོགས་རྫོང་ཁག་གི་མི་སེར་ཚུ་ལུ་ཡང་ ཕན་ཐོགས་སྦོམ་འབྱུང་ནི་ཨིནམ་ལས་ ལམ་དེ་ ལྷུན་རྩེ་གི་ མི་སེར་ཚུ་གི་ གཞི་རྟེན་འཐོབ་དབང་ བསལ་ཚུགསཔ་འབད་ནི་ཟེར་ཨིནམ་ད་ དེ་ཡང་ འཁོར་ལམ་ཀི་ལོ་མི་ཊར་༣༠ དེ་ཅིག་ལས་བརྒལ་ བསལ་ནི་མེད་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།
སྒང་ཟུར་རྒེད་འོག་ལས་ བསམ་གཏན་གྱིས་ མི་སེར་དམངས་གཙོ་ཚོགས་པ་ལུ་ དྲི་བ་བཀོད་མིའི་ནང་ ད་རེས་ནངས་པ་ དབང་ཚད་ཕྱིར་སྤེལ་གྱི་སྐབས་ མི་སེར་དམངས་གཙོ་ཚོགས་པ་གིས་ འབད་བ་ཅིན་ དབང་ཚད་དེ་ མི་༡ དང་ ༢ ལུ་ བཞག་ནི་མི་འོང་ཟེར་སླབ་ནི་འདུག་ མི་༡ དང་༢ ཟེར་མི་དེ་ ག་ཨིན་ན་ སླབ་གནང་ཟེར་སླབ་མི་ལུ་ མི་སེར་དམངས་གཙོ་ཚོགས་པའི་ འདེམས་ངོ་གིས་ འབད་བ་ཅིན་ དབང་ཚད་དེ་ མི་༡ དང་༢ ཀྱི་ལགཔ་ཁར་ལུས་པ་ཅིན་ ཟེར་བའི་ཚ་གྱང་མ་གཏོགས་ མི་དེ་གི་ ལག་པར་བཞག་ནུག་ཟེར་བའི་ གོ་བ་བརྡ་ལོག་ལེན་ནི་མི་འོང་ཟེར་ ཨིན་པའི་གནས་ཚུལ།

ལྷུན་རྩེ་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment