གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དམངས་གཙོ་ཚོགས་པའི་གཙོ་འཛིན་གྱིས་ ཐིམ་ཕུ་ལུ་ ཁས་བླངས་གསལ་བསྒྲགས།

༡༨/༦/༢༠༡༣   ༉ མི་སེར་དམངས་གཙོ་ཚོགས་པའི་ གཙོ་འཛིན་ཚེ་རིང་སྟོབས་རྒྱས་ཀྱིས་ ཁ་ཙ་ཐིམ་ཕུ་ ལྕང་དང་ ལྕམ་སྒང་ དེ་ལས་ སྨད་ཝང་རྒེད་འོག་ཚུ་ནང་ སྒོ་བཤལ་རྐྱབ་སྟེ་ ཁས་བླངས་གསལ་བསྒྲགས་འབད་ནི་ འགོ་བཙུགས་ཡོདཔ་ཨིན་པས།


ཚོགས་པའི་གཙོ་འཛིན་དང་ ལྷོ་ཐིམ་ཕུ་གི་ འདེམས་ངོ་རྟ་མགྲིན་དབང་མོ་ རྫོང་ཁག་འགོ་འདྲེན་པ་དང་ སྲིད་དོན་ཚོགས་པའི་ལཱ་འབད་མི་ དེ་ལས་ ཚོགས་པའི་རྒྱབ་སྐྱོར་པ་ཚུ་གིས་ ལྕམ་སྒང་རྒེད་འོག་དང་ ལྕང་ཇི་ཇི་ ཁ་ས་ཁ་ལུ་ ཁས་བླངས་གསལ་བསྒྲགས་འབད་བར་ སོང་ཡོདཔ་ཨིན་རུང་ ལྕམ་སྒང་ལུ་ མི་༦༠ དང་ ཁ་ས་ཁ་ལུ་ མི་༦༠ དེ་ལས་ ལྷུང་མཚོ་དང་ འོད་གསལ་སྤང་ལུ་ མི་༢༠ ལས་བརྒལ་ མ་འོངམ་ཨིན་པས།
ཚོགས་པའི་འགོ་འདྲེན་པ་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ས་གནས་དེ་ཚུ་ནང་ ཁས་བླངས་གསལ་བསྒྲགས་འབད་དགོ་པའི་ དམིགས་ཡུལ་གཙོ་བོ་ར་ མི་སེར་དམངས་གཙོ་ཚོགས་པ་གིས་ ག་ཅི་ར་འབད་ཚུགསཔ་ཨིན་ན་ མི་སེར་གྱིས་ ཧ་གོ་ཚུགསཔ་བཟོ་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
གནད་དོན་གཞན་མི་དེ་ ཚོགས་པ་མང་ཤོས་ཅིག་ར་ འབྲུག་ཕུན་སུམ་ཚོགས་པའི་ ཚོགས་པ་འབད་ནི་དེ་གིས་ ས་གནས་ཚུ་ནང་ མི་སེར་དམངས་གཙོ་ཚོགས་པའི་ ཚོགས་པ་གངམ་མེད་མི་ལུ་བརྟེན་ཏེ་ ཨིན་ཟེར་ཨིན་པས།
མི་སེར་དམངས་གཙོ་ཚོགས་པའི་ འཐུས་མི་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ འབྲུག་ཕུན་སུམ་ཚོགས་པའི་ ཚོགས་པ་ཚུ་གིས་ ཚོགས་པ་གཞན་མིའི་ འཛོམས་འདུ་རྐྱབ་པའི་སྐབས་ མ་འགྱོ་ཟེར་ སླབ་ནུག་ཟེར་ཨིན་པས།
གཡུས་སྒོ་ནང་ ཁས་བླངས་གསལ་བསྒྲགས་འབད་དགོ་པའི་དམིགས་ཡུལ་དེ་ར་ མི་ཚུ་གིས་ ཚོགས་པའི་ལྟ་བ་དང་ གཞི་རྩ་ཚུ་ ཧ་གོ་ཚུགས་ནི་གི་ དོན་ལུ་ཨིནམ་ལས་ ག་དེམ་ཅིག་སྦེ་ ཚོགས་པ་གཞན་མི་གིས་ འཛོམས་འདུ་ནང་ མ་སོང་ཟེར་སླབ་མི་དེ་ ངེས་བདེན་ཨིན་པ་ཅིན་ གཡུས་སྒོ་བཤལ་ཏེ་ ཁས་བླངས་གསལ་བསྒྲགས་འབད་མི་དེ་གིས་ བཅུད་ཅིག་ བཏོན་མི་ཚུགས་ནི་མས་ཟེར་ཨིན་པས།
ཁ་ཙ་ ཉིན་མ་ལྟོ་བཟའ་ཞིནམ་ལས་ ལྕང་ཇི་ཇི་གི་ ས་གནས་ཚུ་ནང་ ཚོང་པ་ཚུ་དང་གཅིག་ཁར་ ཁ་སྐད་མ་འདྲཝ་ དཔེར་ན་ ཤར་ཕྱོགསཔ་དང་ ལྷོ་མཚམས་ དེ་ལས་ རྫོང་ཁའི་ཐོག་ལས་སྦེ་ ཁོང་ཚུ་དང་འབྲེལ་བ་འཐབ་ཡོདཔ་ཨིན་པས།
ཚོགས་རྒྱན་སྐྱུར་མི་ མང་ཤོས་ར་ རྫོང་ཁག་གཞན་མི་གི་ཨིན་ཏེ་འབད་རུང་ རང་ར་སོ་སོའི་རྫོང་ཁག་གི་ འདེམས་ངོ་གི་ པར་ཚུ་ སྟོན་ཞིནམ་ལས་ ཚོགས་རྒྱན་བཙུགས་དགོཔ་ ཁག་ཆེ་ལུགས་ཚུ་གི་སྐོར་ལས་ བཤད་ཡོདཔ་ཨིན་པས།
ཚོགས་པའི་གཙོ་འཛིན་གྱིས་ ཚོང་པ་ཚུ་གི་ ཚོང་འབྲེལ་དང་ དེ་དང་འབྲེལ་བའི་ དཀའ་ངལ་ཚུ་གི་སྐོར་ལས་ དྲི་དཔྱད་འབད་ཡོདཔ་ཨིན་པས།
ཁོ་གིས་ མི་ག་དང་ཕྱད་དེ་འབད་རུང་ རྒྱལ་ཁབ་ནང་ མི་སེར་ལུ་ ཕན་ཐོགས་ནི་ཨིན་མས་ཟེར་ མནོ་མིའི་ཚོགས་པ་དེ་ལུ་ ཚོགས་རྒྱན་བཙུགས་དགོཔ་ཁག་ཆེ་ལུགས་ཚུ་གི་སྐོར་ལས་ བཤད་ཡོདཔ་ཨིན།
ལྕང་རྒེད་འོག་ནང་ གསལ་བསྒྲགས་མཇུག་བསྡུ་བའི་ཤུལ་ལས་ ཕྱི་རུའི་ཆུ་ཚོད་༥:༡༥ དེ་ཅིག་ཁར་ ཁ་ས་ཁ་ལུ་ སོང་ཡོདཔ་ད་ ཁ་ས་ཁ་གི་ མི་སེར་ཚུ་གིས་ འཐུང་ཆུ་མ་ལང་པའི་དཀའ་ངལ་དང་ ཞིང་ཆུ་ ལང་མ་ཚུགས་པའི་ སྐོར་ལས་ བཤད་ཡོདཔ་ཨིན་པས།
འགོ་ཐོག་བཙག་འཐུའི་ནང་ ཐིམ་ཕུ་གི་ འདེམས་ཁོངས་གཉིས་ཆ་ར་ནང་ལས་ འབྲུག་ཕུན་སུམ་ཚོགས་པ་གིས་ ལྷོ་ཐིམ་ཕུ་ལས་ ཚོགས་རྒྱན་༡༦༧༥ དང་ བྱང་ཐིམ་ཕུ་ལས་ ཚོགས་རྒྱན་༢༠༨༢ ཐོབ་སྟེ་ རྒྱལ་ཁ་ཐོབ་ཡོདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment