གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བསམ་གྲུབ་ལྗོངས་མཁར་ལུ་ ལས་བྱེདཔ་༥ ལས་འཕྲོག་བཅོམ།

༡༨/༦/༢༠༡༣   ༉ སྤྱི་ཟླ་༦ པའི་ཚེས་༡༥ གི་ཕྱི་རུ་ གདོང་སྤུར་མི་༤ གིས་ གོ་མཚོན་དཔག་ཐོག་ལས་ འབྲུག་ཤར་ཕྱོགས་ཨེསི་ཌི་ཕི་རོ་སི་ལི་ཀཱོན་འཕྲུལ་ཁང་གི་ ལས་བྱེདཔ་༥ ལས་ རུ་པི་༡༣༢,༠༠༠ དང་ དངུལ་ཀྲམ་༣,༠༠༠ འཕྲོག་བཅོམ་འབད་ཡོདཔ་ཨིན་པས།
བྱུང་རྐྱེན་དེ་ཡང་ ལས་བྱེདཔ་ཚུ་ བསམ་གྲུབ་ལྗོངས་མཁར་ཁྲོམ་ཁར་ ཡིག་ཚང་གཙོ་ཁང་ལས་ ཀི་ལོ་མི་ཊར་༨ དེ་ཅིག་གི་ས་ཁར་ཡོད་མི་ སི་ལི་ཀཱོན་འཕྲུལ་ཁང་ནང་ ཚོང་སྡེའི་སྣུམ་འཁོར་བོ་ལི་རོ་བདའ་འགྱོཝ་ད་ བྱུང་ཡོདཔ་ཨིན་པས།



བསམ་གྲུབ་ལྗོངས་མཁར་ཁྲོམ་དང་ འཕྲུལ་ཁང་གི་བར་ན་ ལམ་ཀི་ལོ་མི་ཊར་༨ བདའ་སྟེ་ གཞིས་ཆགས་མེད་པའི་ཁར་ ས་མཚམས་སྒོ་ཡངས་དྲགས་ཡོད་ནི་དེ་གིས་ ས་མཚམས་ཕྱི་ནང་གཉིས་ཆ་རའི་ནང་ འཇམ་ཏོང་ཏོ་སྦེ་ འཛུལ་ཚུགས་དོ་ཡོདཔ་ཨིན་པས།
ཁོང་ཆ་ཁྱབ་ འཕྲུལ་ཁང་ནང་ མ་ལྷོད་པའི་ ལམ་ཀི་ལོ་མི་ཊར་ཕྱེད་དེ་ཅིག་ཁར་ ཕོ་སྐྱེས་༤ གིས་ ཁོང་གི་སྣུམ་འཁོར་དེ་ བཀག་ཡོདཔ་ད་ བསམ་གྲུབ་ལྗོངས་མཁར་གྱི་ ཁྲིམས་སྲུང་འགག་པ་གིས་ སླབ་མིའི་ནང་ མི་བཀྲ་མ་ཤིསཔ་ཚུ་ གདོང་སྤུར་ཏེ་ཡོདཔ་བཞིན་དུ་ ཁོང་༣ གྱིས་ རེམ་བོ་གྱི་ཅུང་འབག་ཡོདཔ་མ་ཚད་ མི་༤ པ་གིས་ ཀྲོབ་མདའ་དཔག་ཐོག་ལས་ འཇིགས་སྐྲག་སྟོན་ནུག་ཟེར་ཨིན་པས།
མཚོན་ཆ་འབག་མི་ཚུ་གིས་ ལས་བྱེདཔ་ཚུ་ལས་ དངུལ་རྐྱང་གིས་མ་དོ་བར་ ཁོང་གི་ འགྲུལ་འཕྲིན་ཚུ་ཡང་ འཕྱོག་འབག་ཡོདཔ་ད་ འཕྲོག་བཅོམ་གྱི་ཤུལ་ལས་ ལས་བྱེདཔ་ཚུ་ འཕྲུལ་ཁང་ནང་ འཕྲོ་མཐུད་དེ་ འགྱོ་མ་བཅུག་པར་ ཁོང་རའི་ཁྲོམ་ཁར་ བང་བཙོང་སྟེ་ ལོག་འགྱོ་བཅུག་ཡོདཔ་ཨིན་པས།
འཕྲོག་བཅོམ་འབད་མི་ཚུ་ བྱོག་སོང་པའི་ཤུལ་ལུ་ ཁོང་གིས་ འཕྲུལ་ཁང་ནང་ འགོ་དཔོན་གོངམ་ཚུ་ལུ་ བརྡ་སླབ་སྟེ་ ཁོང་གིས་སྦེ་ བསམ་གྲུབ་ལྗོངས་མཁར་གྱི་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོདཔ་ཨིན་པས།
ཨིན་རུང་ སྐྱེས་ལོ་༢༧ ལས་༥༢ ཀྱི་བར་ན་འབད་མི་ ལས་བྱེདཔ་༥ པོ་ཆ་ར་ལུ་ གནོད་སྐྱོན་མ་རྐྱབ་པས།
བསམ་གྲུབ་ལྗོངས་མཁར་གྱི་ ཁྲིམས་སྲུང་འགག་པ་གིས་ མི་ཚུ་ལུ་ འཕྲོག་བཅོམ་འབད་སའི་ ལམ་བདའ་སྟེ་ ལམ་འགྲུལ་འབདཝ་ད་ སེམས་དྲནམ་བཏོན་དགོཔ་མ་ཚད་ ལམ་འགྲུལ་འབད་མི་ཚུ་གིས་ རྒྱ་གར་གྱི་ ལམ་བརྒྱུད་དེ་འགྱོཝ་ད་ གསང་ལམ་བདའ་སྟེ་ འགྱོ་ནི་ལས་ འཛེམ་དགོ་པའི་ཁར་ དངུལ་རྐྱང་འབོར་ཆེ་ཏོག་ཏོ་སྦེ་འབག་འགྱོ་ནི་མི་འོང་ཟེར་ དྲན་བསྐུལ་འབདཝ་ཨིན་པས།
འཕྲོག་བཅོམ་དེ་གི་སྐོར་ལས་ ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་བསྒང་ཡོདཔ་ཨིན་པའི་གནས་ཚུལ།



No comments:

Post a Comment