གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཞལམ་སྒང་གི་དོན་ལུ་ སྨན་ཁང་གསརཔ་བསྒྲུབས་ཡོདཔ།

༦/༦/༢༠༡༣   ༉ ཧེ་མ་འབད་བ་ཅིན་ གཞལམ་སྒང་ཁྲོམ་གྱི་མི་སེར་ཚུ་ སོ་བཅོས་དང་ མིག་ཏོ་སྨན་བཅོས་འབད་ནི་ གློག་པར་བཏབ་ནིའི་དོན་ལུ་ འོད་སྦིས་ལབ་རྩ་སྨན་ཁང་ནང་ འགྱོ་དགོཔ་ཨིན་རུང་ ད་ལས་ཕར་ ཞབས་ཏོག་ཚུ་ རྫོང་ཁག་གི་ ཁྲོམ་ཁར་ལས་ར་ འཐོབ་ཚུགས་ནི་ཨིན་པས།
དེ་ཡང་ ད་རེས་འཕྲལ་ཁམས་ལུ་བསྒྲུབས་མི་ སྨན་ཁང་ཆུང་བ་ སྡེ་རིམ་༡ པ་དེ་ལུ་བརྟེན་ཨིནམ་ད་ སྨན་ཁང་དེ་ཡང་ གཞལམ་སྒང་འབྲིང་རིམ་སློབ་གྲྭ་གོང་མའི་ ཉེ་འདབས་ཀྱི་ས་གནས་ ཕུར་ཀྲུ་ལུང་པ་ཟེར་ས་ལུ་ བཟོ་སྐྲུན་འབད་ཡོདཔ་ཨིན་པས།

གཞལམ་སྒང་གི་ སྨན་ཁང་གསརཔ།


སྨན་ཁང་དེ་ནང་ ནདཔ་༡༠ གྱི་ ཉལ་ཁྲི་ཡོདཔ་ད་ ས་ཁོངས་དང་ བཟོ་བཀོད་ལུ་བལྟ་བ་ཅིན་ ས་ཆ་གོ་ཡངས་ཏོག་ཏོ་ཅིག་སྦེ་ མཐོངམ་ཨིན་པས།
རྫོང་ཁག་གསོ་བའི་འགོ་དཔོན་ སངས་རྒྱས་བསྟན་འཛིན་གྱིས་ སླབ་མིའི་ནང་ ད་རེས་ བཟོ་སྐྲུན་གྱི་ལཱ་ཚུ་ མཇུག་བསྡུ་ཡོདཔ་ལས་ ཟླཝ་ཅིག་གི་ནང་འཁོད་ལུ་ར་ སྨན་ཁང་དེ་ནང་ སྤོ་བཤུད་འབད་ནི་ཨིན་ཟེར་ སླབ་མ་ཚད་ སྨན་ཁང་དེ་གིས་ མིག་ཏོ་དང་ སོ་ དེ་ལས་ གློག་པར་བཏབ་ནིའི་ཞབས་ཏོག་ཚུ་ ཧེ་མ་དང་ཕྱདཔ་ད་ ཐེབས་སྤྲོད་ཚུགས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ མ་གཞི་ སྨན་ཁང་རྙིངམ་དེ་ གཡུས་སྒོ་ཚུ་ནང་ཡོད་པའི་ སྨན་ཁང་སྡེ་རིམ་༢ པ་ཚུ་བཟུམ་སྦེ་ར་ ལག་ལེན་འཐབ་ཡོདཔ་ཨིན་རུང་ ཤུལ་ལས་ ཁྲོམ་ཁར་ མི་རློབས་ཡར་སེང་སོང་མི་དང་ གསོ་བའི་གནད་དོན་ཚུ་ གྱངས་ཁ་ཡར་སེང་ཐོག་ ཐོན་མི་ལུ་བརྟེན་ ཌོག་ཊར་ཅིག་ཡང་བཙུགས་ཏེ་ སྨན་ཁང་སྡེ་རིམ་༡ པ་ལུ་ ཡར་སེང་འབད་ཡོདཔ་ཨིན་རུང་ གཞི་རྟེན་མཁོ་ཆས་ཚུ་ རྒྱ་བསྐྱེད་མ་འབད་བས་ཟེར་ཨིན་པས།
རྫོང་ཁག་གསོ་བའི་འགོ་དཔོན་ སངས་རྒྱས་བསྟན་འཛིན་གྱིས་འབད་བ་ཅིན་ སྨན་ཁང་དེ་ཡང་ འཆར་གཞི་༩ པའི་ནང་ལས་ བཟོ་སྐྲུན་འབད་ནི་ འགོ་བཙུགས་ཡོདཔ་ད་ འཆར་གཞི་༡༠ པའི་ནང་ གྲུབ་ཚུགས་ཅི་ཟེར་ཨིན་པས།
སྨན་ཁང་གསརཔ་དེ་ནང་ སྒྲིང་ཁྱིམ་ཁང་ཚན་༤ སྦེ་ཡོདཔ་ད་ དེ་ནང་ གསོ་བའི་ལས་བྱེདཔ་སྡོད་ས་དང་ རྫོང་ཁག་གཞན་ཚུ་ནང་བཟུམ་སྦེ་ ནང་པའི་སྨན་ཁང་ཚུ་ཡང་ གཞི་བཙུགས་འབད་ནི་ཨིན་པས།
གཞལམ་སྒང་ཁྲོམ་ཁ་ལས་ སྨན་ཁང་ནང་ འགྱོ་ནིའི་དོན་ལུ་ འཁོར་ལམ་ཡང་ རྩི་ནག་བཏང་ཐོག་ལས་ བསལ་ཡོདཔ་ད་ སྨན་ཁང་དེ་ནང་ ནདཔ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཅིག་ཡང་ འོང་ནི་ཨིན་པས།
གཞལམ་སྒང་རྫོང་བདག་ ཀརྨ་འབྲུག་པ་གིས་འབད་བ་ཅིན་ འདས་པའི་ལོ་ཚུ་ནང་ སྨན་ཁང་ཆུང་བའི་ཁར་ རྒྱ་སྐྱེད་འབད་སའི་ ས་ཁོངས་མེད་ནི་དེ་གིས་ གསོ་བའི་ཞབས་ཏོག་བྱིན་ནིའི་ནང་ དཀའ་ངལ་ཐོན་ཡོདཔ་ཨིན་རུང་ ད་ལས་ཕར་ གནས་སྟངས་བདེ་དྲགས་ཅིག་ལུ་ འགྱུར་འོང་ཟེར་ཨིན་པས།
ད་རེས་ཀྱི་ སྨན་ཁང་རྙིངམ་དེ་ དགོས་མཁོ་དང་འཁྲིལ་ རྫོང་ཁག་གི་ ཡིག་ཚང་གཞི་བཙུགས་ཀྱི་དོན་ལུ་ ལག་ལེན་འཐབ་ནི་ཨིན་ཟེར་ཨིན་པས།
རྫོང་བདག་གིས་ བཤད་མིའི་ནང་ སྨན་ཁང་རྙིངམ་དེ་ནང་ ཌོག་ཊར་སྡོད་ས་དང་ ལས་བྱེདཔ་ཚུ་སྡོད་སའི་ ཁྱིམ་མེད་མི་ལུ་བརྟེན་ ཞབས་ཏོག་སྤྲོད་ནི་ལུ་ དཀའ་ངལ་ཐོན་རུང་ ད་རེས་ དཀའ་ངལ་དེ་ བསལ་ཚུགས་ཏེ་ཡོད་ཟེར་ ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment