གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འདམ་སྦྱིས་ཀྱི་ མི་སེར་ཚུ་ལུ་ རྒུད་འཐུས་དང་ ས་ཚབ་མ་ཐོབ་པར་ཡོདཔ།

༦/༦/༢༠༡༣   ༉ མགར་ས་རྫོང་ཁག་ ཁ་སྨད་རྒེད་འོག་ འདམ་སྦྱིས་ལུ་ ཆུ་རུད་ཀྱིས་ འབྱ་ཞིང་ཨེ་ཀར་༡༥ འཕྱགས་བདའ་སྟེ་ ལོ་ངོ་༡ ཡར་སོ་རུང་ སའི་ཇོ་བདག་ ཁྱིམ་གུང་༩ གིས་ ད་ལྟོའི་བར་ན་ཡང་ གཞུང་ལས་ རྒུད་འཐུས་དང་ ཡང་ཅིན་ ས་ཚབ་མ་ཐོབ་པར་ཡོདཔ་ཨིན་པས།


ན་ཧིང་ སྤྱི་ཟླ་༦ པའི་ཚེས་༢༡ ལུ་ འདམ་སྦྱིས་ལུ་ ཆུ་རུད་ཐོན་ཏེ་ འབྱ་ཞིང་དང་ འཁོར་ལམ་ཚུ་ འཕྱགས་བདའ་ཡོདཔ་མ་ཚད་ སྡོད་ཁྱིམ་དང་ སྦ་སྒོར་ལེ་ཤ་ཅིག་མེདཔ་བཏང་པའི་ཤུལ་ལས་ རྫོང་ཁག་སྡེ་ཚན་ཁག་གི་ འགོ་དཔོན་དང་ རྒཔོ་ཡོད་མི་ ཚོགས་ཆུང་ཅིག་གིས་ ཆུ་རུད་ཐོན་སའི་ ས་ཁོངས་ནང་སོང་སྟེ་ བརྟག་ཞིབ་སྙན་ཞུ་ཅིག་ བསྡུ་སྒྲིག་འབད་ཞིནམ་ལས་ ནང་སྲིད་ལྷན་ཁག་དང་ རྐྱེན་ངན་འཛིན་སྐྱོང་ལས་ཁུངས་ དེ་ལས་ རྒྱལ་པོའི་གཟིམ་དཔོན་ཡིག་ཚང་ལུ་ ཕུལ་ཡི་ཟེར་ ཁ་སྨད་རྒཔོ་ ཀརྨ་ཚེ་རིང་གིས་ སླབ་ཨིན་པས།
ཨིན་རུང་ ད་ཚུན་གྱི་བར་ན་ ངོས་ལེན་ཅིག་ ག་ནི་ཡང་ མ་ཐོབ་ལས་ གནོད་སྐྱོན་བྱུང་མི་ སའི་ཇོ་བདག་ཚུ་གིས་ རྒུད་འཐུས་ ཡང་ཅིན་ ས་ཚབ་ག་ཅི་ཡང་ མ་ཐོབ་ཟེར་ རྒཔོ་ཀརྨ་ཚེ་རིང་གིས་ སླབ་པའི་ཁར་ ན་ཧིང་ བློན་ཆེན་བགྲེསཔ་མཆོག་ ལ་ཡ་ལུ་བྱོནམ་ད་ གྲོང་གསེབ་མི་སེར་ཚུ་གིས་ གནད་དོན་དེ་གི་སྐོར་ལས་ ཞུ་བའི་ཤུལ་ལུ་ སོ་ནམ་ལྷན་ཁག་གི་ ཞིབ་དཔྱད་སྡེ་ཚན་ཅིག་གིས་ ཆུ་རུད་ཐོན་སའི་ ས་ཁོངས་ནང་ ལན་ཐེངས་༢ བརྟག་ཞིབ་འབད་བར་ སོང་ཡོདཔ་ཨིན་པས།
ཞིབ་དཔྱད་སྡེ་ཚན་གྱིས་ ས་ཁོངས་དེ་ ཉམས་བཅོས་འབད་རུང་ ཟད་འགྲོ་ལྕི་དྲགས་ནི་ཨིནམ་མ་ཚད་ ཤུལ་ལས་ ཆུ་རུད་འཐོན་ནི་གི་ ཉེན་ཁ་འོང་ནི་མས་ཟེར་ སྙན་ཞུ་ཅིག་ འབྲེལ་ཡོད་དབང་འཛིན་ལུ་ ཕུལ་ནུག་ཟེར་ མགར་ས་རྫོང་བདག་ བསོད་ནམས་འཇིགས་མེད་ཀྱིས་ བཤདཔ་ཨིན་པས།
ཨིན་རུང་ སོ་ནམ་སྡེ་ཚན་གྱིས་ མི་སེར་ཚུ་ལུ་ རྒུད་འཐུས་དང་ ཡང་ཅིན་ ས་ཚབ་ལེན་ནི་མ་གཏོགས་ ཐབས་ཤེས་གཞན་མེདཔ་སྦེ་ གྲོས་འཆར་ཕུལ་ནུག་ཟེར་ མགར་ས་རྫོང་བདག་གིས་ སླབ་ཨིན་པས།
དེ་འབདཝ་ད་ ཉེ་འདབས་ཀྱི་ ས་གནས་ཚུ་ནང་ ས་ཆ་སྟོངམ་མེདཔ་ལས་ ས་ཚབ་དགོ་པ་ཅིན་ མཐའ་ཟུར་གྱི་ ས་གནས་ཐག་རིང་ས་ལས་ཕར་ འགྱོ་དགོཔ་ལས་ མི་སེར་ཚུ་ བརྟག་ཞིབ་སྙན་ཞུ་ལུ་ལྟ་སྟེ་ སེམས་མ་དགའ་བར་འདུག་ཟེར་ རྒཔོ་ཀརྨ་ཚེ་རིང་གིས་ བཤདཔ་ཨིན་པས།
འཕྲལ་ཁམས་ཅིག་ཁར་ གནོད་སྐྱོན་བྱུང་མི་ ཁྱིམ་གུང་༣ གྱིས་ ས་ཚབ་དགོ་ནི་དང་༢ ཀྱིས་ ཆུ་ཞིང་དེ་ སྐམ་ཞིང་ལུ་ བསྒྱུར་བཅོས་འབད་ནིའི་དོན་ལུ་ གྲོས་འཆར་བཙུགས་ཡོད་ཟེར་ རྒཔོ་གིས་ བཤད་པའི་ཁར་ ཁྱིམ་གུང་གཞན་ཚུ་ གཞུང་གི་ངོས་ལེན་ལུ་ སྒུག་སྡོད་ནུག་ཟེར་ སླབ་ཨིན་པས།
འབྱ་འཛུགས་སྐྱོང་འབད་ནི་ལུ་ ཆུ་ཞིང་མེདཔ་ལས་ ཁྱིམ་ཚང་ཚུ་ ལཱ་འབདཝ་ད་ བལྟ་སྡོད་ནི་མ་གཏོགས་ འབད་ཐབས་གཞན་ག་ནི་ཡང་མིན་འདུག་ཟེར་ གནོད་སྐྱོན་བྱུང་མི་ཅིག་གིས་ སླབ་ཨིན་པས།
ད་རུང་ ཆུ་རུད་ཀྱིས་ མ་དངུལ་དངུལ་ཀྲམ་ས་ཡ་༢.༩༩ ཟད་འགྲོ་བཏང་ཐོག་ལས་བཏོན་མི་ ཆུ་གཡུར་དེ་ཡང་ ཆུ་རུད་ཀྱིས་ འཕྱགས་བདའ་ཡོད་པའི་གནས་ཚུལ།

No comments:

Post a Comment