གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་རྩིས་ནང་ མི་༣ ཐེབས་རྐྱབ་ཡོད་པའི་སྐོར་གྱི་རྩོད་གཞི་ ཁྲིམས་འདུན་ལུ་གཏང་ནི།

༦/༦/༢༠༡༣   ༉ གཞལམ་སྒང་རྫོང་ཁག་ ཝམ་གླིང་གཡུས་ཚན་གྱི་ ཁྱིམ་གུང་གཅིག་གི་ མི་རྩིས་ནང་ མི་༣ ཐེབས་བཙུགས་ནུག་ཟེར་ ཉོགས་བཤད་བཀོད་ཡོད་མིའི་གྲས་ལས་ མི་ཅིག་དེ་ ཉོགས་བཤད་བཀོད་མི་ ཁོང་རའི་བུ་ཨིནམ་སྦེ་ ཞི་བའི་ཐོ་བཀོད་དང་ མི་རྩིས་ལས་ཁུངས་ཀྱི་ མི་རྩིས་འགོ་དཔོན་དང་ རྫོང་ཁག་གིས་ ངོས་འཛིན་འབད་ཡོདཔ་ཨིན་པས།


མ་གཞི་ གཞན་མི་ཕོ་སྐྱེས་གཉིསཔོ་གི་ ར་ཁུངས་ཚུ་ཡང་ ཐོབ་ཚར་ནི་ལུ་ལྷོད་ཡོདཔ་ཨིན་རུང་ ཧེ་མ་ མི་རྩིས་འགོ་དཔོན་ཚུ་ལུ་ བུཚ་༢ ཀྱི་ ཨ་པ་ཨིན་ཟེར་སླབ་མི་ གཞལམ་སྒང་ཁྲོམ་ཁ་སྡོད་མི་ ཕོ་སྐྱེས་དེ་གིས་ ངག་བརྗོད་གཏན་འཁེལ་སྦེ་མེན་པར་ སོར་ཡི་ར་བྱིན་མི་ལུ་བརྟེན་ ཐོགས་ལུས་ཡོདཔ་ཨིན་པས།
ནང་སྲིད་ལྷན་ཁག་འོག་གི་ ཞི་བའི་ཐོ་བཀོད་དང་ མི་རྩིས་ལས་ཁུངས་ཀྱིས་ ཉམས་མྱོང་ཅན་གྱི་ མི་རྩིས་འགོ་དཔོན་དང་ རྫོང་ཁག་གི་ འགོ་དཔོན་ཚུ་གིས་ ཞིབ་དཔྱད་ཚུ་ མཐིལ་ཕྱིན་འབད་དེ་ སྙན་ཞུ་ཚུ་ རྫོང་ཁག་ནང་ བཏང་ཡོདཔ་ཨིན་པས།
ཐིམ་ཕུ་གི་ མི་རྩིས་འགོ་དཔོན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ མི་༣ ཐེབས་བཙུགས་ཡོདཔ་སྦེ་ ཉོགས་བཤད་བཀོད་ཡོད་རུང་ དེ་ཁར་ གཅིག་ཁོ་རའི་བུ་ཨིནམ་སྦེ་ ངོས་འཛིན་བྱུང་ཡོདཔ་ད་ དེ་ཡང་ ཨ་ཀུ་གིས་ ཁོ་གི་ བུ་གི་མི་རྩིས་དེ་ སྤུ་ན་ཁ་དང་ གཞལམ་སྒང་གཉིས་ཆ་རའི་ནང་ རྐྱབ་ཡོད་མི་ལུ་བརྟེན་ཏེ་ བྱུང་ནུག་ཟེར་ཨིན་པས།
སྐྱེས་ལོ་༧༦ ལང་མི་ ཨ་ཀུ་ཁོ་ར་ སྤུ་ན་ཁ་ལས་ཨིན་རུང་ ཁོ་གིས་ གཞལམ་སྒང་ལས་ཨིན་མི་ ཕུར་པ་དབང་མོ་དང་གཅིག་ཁར་ གཉེན་རྐྱབ་ཡོདཔ་བཞིན་དུ་ ད་ལྟོ་ ཐིམ་ཕུ་ ལྕང་སྒང་ཁ་ལུ་ སྡོད་དོ་ཡོདཔ་ཨིན་པས།
མི་རྩིས་འགོ་དཔོན་དང་ རྫོང་ཁག་གི་འགོ་དཔོན་ཚུ་གིས་ ཞིབ་དཔྱད་སྙན་ཞུ་ཚུ་ རྫོང་ཁག་ནང་ སྤྲོད་ཚར་རུང་ ཕོ་སྐྱེས་གཉིསཔོ་དེ་ ཨ་ཀུའི་གནས་ཚང་གི་ ཁྱིམ་ནང་ མི་རྩིས་ག་དེ་སྦེ་ ཐོ་བཀོད་འབད་ཡི་ག་ ཟེར་སླབ་ནི་དེ་ ཧ་ར་ཧ་བས་ཟེར་ཨིནམ་ད་ དེ་མ་ཚད་ གནད་དོན་དེ་ ཁྲིམས་ཀྱི་འདུན་སར་ གཏང་ནི་མས་ཟེར་ཨིན་པས།
ཁོང་ཕོ་སྐྱེས་ གཞན་མི་༢ པོ་དེ་ མི་གཞན་མིའི་ མི་རྩིས་ནང་ ག་དེ་སྦེ་ ཐོ་བཀོད་འབད་ཡོདཔ་ཨིན་ནའི་སྐོར་ལས་ ཁྲིམས་འདུན་གྱིས་ གྲོས་ཐག་བཅད་འོང་ཟེར་ཨིན་པས།
མི་རྩིས་འགོ་དཔོན་ཚུ་གིས་ བཤད་མིའི་ནང་ ཕོ་སྐྱེས་༢ པོ་དེ་གི་ཨ་པ་དེ་ ཧེ་མ་གཞལམ་སྒང་ཁྲོམ་ཁར་སྡོད་མི་ ཕོ་སྐྱེས་༡ ཨིན་ཟེར་ སླབ་དོ་ཡོདཔ་ཨིན་རུང་ ད་ལྟོ་འབད་བའི་བསྒང་ལས་ ཁོ་གི་ ནུ་གཅུང་གི་ ཨ་ལུ་ཨིན་ཟེར་ཡང་ སླབ་མས་ཟེར་ཨིན་པས།
དེ་འབདཝ་ད་ ཧེ་མ་ མི་རྩིས་ཐོ་བཀོད་འབད་བའི་བསྒང་གི་ འགོ་དཔོན་ ཤིང་མཁར་རྒེད་འོག་གི་ རྒཔོ་དང་ སྤྱི་མི་ཚུ་ལས་ ངག་བརྗོད་ཚུ་ ག་ར་ལེན་ཚར་ཡི་ཟེར་ཨིན་པས།
རྫོང་ཁག་གིས་ གནད་དོན་དེ་ ཁྲིམས་སྲུང་འགག་པ་ལུ་ བཏང་ཡོདཔ་ད་ ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་ཚུ་ འབད་ཞིནམ་ལས་ ཞིབ་དཔྱད་སྙན་ཞུ་ཚུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ནང་ གཏང་ཞིནམ་ལས་ ཁྲིམས་ཁང་ནང་ལས་ རྩོད་གཞི་ཕྱེ་ནི་མས་ཟེར་ཨིན་པས།
དེ་བཟུམ་མའི་ འཛོལ་བ་ཐོནམ་ད་ལུ་ ག་གི་འཛོལ་བ་ཨིན་ན་དང་ ག་ལུ་འགན་ཁག་ཕོགཔ་ཨིན་ན་ མི་རྩིས་ འགོ་འདྲེན་འཐབ་མི་ འགོ་དཔོན་ལུ་ འགན་ཁུར་ཕོགཔ་ཨིན་ན་ཟེར་ དྲིས་བཀོད་འབད་བའི་ལན་ལུ་ མི་རྩིས་འགོ་དཔོན་གྱིས་འབད་བ་ཅིན་ དེ་བཟུམ་མའི་ འཛོལ་བ་དང་ ནོར་བ་ཚུ་ ཐོན་མི་བཅུག་ནིའི་དོན་ལུ་ མི་རྩིས་འགོ་འདྲེན་འཐབ་པའི་སྐབས་ མི་རྩིས་ཚོགས་པ་ཟེར་ གཡུས་ཁ་ལས་ མི་རྒས་ཤོས་དང་ རྒེད་འོག་གི་ འགོ་དཔོན་ཚུ་ འབོ་བཞགཔ་ཨིན་ཟེར་ཨིན་པས།
མི་རྩིས་ རྐྱབ་པའི་སྐབས་ ཁྱིམ་ནང་གི་ ནང་མི་གཙོ་ཅན་དེ་གིས་ ཁ་གསལ་བྱིན་མི་དེ་ འཛོལ་བ་དང་ ནོར་བ་ག་ཅི་ཡང་ མེད་པར་ ངེས་བདེན་ཨིན་ཟེར་ བདེན་རྟགས་ལུ་ མི་རྩིས་ཚོགས་པ་ཚུ་ལས་ ལག་རྗེས་ཚུ་ཡང་ ལེན་དོ་ཡོདཔ་ལས་ ཤུལ་ལས་ འཛོལ་བ་ཐོན་པ་ཅིན་ ཚོགས་པ་ཚུ་གི་འགན་ཁུར་ཨིན་ཟེར་ མི་རྩིས་འགོ་དཔོན་ཚུ་གིས་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment