གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་གློག་བརྙན་ཚོགས་པ་ མཐའ་བཅད་ཆུང་བའི་ནང་ལྷོད་ཡོདཔ།

༡༡/༦/༢༠༡༣   ༉ ཁ་ཙ་ བདུན་ཕྲག་༡༡ སྡེ་ཚན་དེ་ འབྲུག་གློག་བརྙན་ཚོགས་པ་གིས་ ཕམ་བཏང་མི་དང་འབྲེལ་ ཁྲི་ལོ་༢༥ འི་མདའ་རྩེད་འགྲན་བསྡུར་ སྡེ་ཚན་ཁ་པའི་ ནོག་ཨའུཊ་སྐོར་ཐེངས་མཇུག་བསྡུ་ཡོདཔ་ཨིན་པས།
སྐོར་ཐེངས་༧ པའི་ནང་ འབྲུག་གློག་བརྙན་ཚོགས་པ་གིས་ སྐུགས་༢༥ ཐོབ་སྟེ་ སྐུགས་དང་པ་ཆོད་པའི་སྐབས་ བདུན་ཕྲག་༡༡ སྡེ་ཚན་གྱིས་ སྐུགས་༡ ཡང་ ཐོབ་མ་ཚུགས་རུང་ དེན་ཕྲག་༡༡ གིས་ བཀག་རེག་༡༥ ཕོགཔ་ད་ འབྲུག་གློག་བརྙན་སྡེ་ཚན་གྱིས་ བཀག་རེག་༢༨ ཕོག་ཅི།



བྱང་ཕྱད་སྡེ་ཚན་གྱིས་ སྐུགས་དང་པ་ཆོདཔ་ད་ བདུན་ཕྲག་༡༡ གིས་ སྐུགས་༡ ཡང་ ཐོབ་མ་ཚུགས་མི་ལུ་བརྟེན་ ལྟདམོ་ལྟ་བར་འོང་མི་དང་ སྡེ་ཚན་ལུ་ རྒྱབ་སྐྱོར་འབད་མི་ཚུ་གིས་ འབྲུག་གློག་བརྙན་ཚོགས་པ་གིས་ ཉིན་མའི་ལྟོ་མ་རནམ་ལས་ ཕམ་གཏང་ཚུགས་ནི་བཟུམ་ཅི་ མཐོངམ་ལས་ སེམས་བག་གཡེང་ཐོག་ལས་ དགོད་བྲ་དང་ བཤད་ཐོ་བཏང་སྡོད་ཅི།
ཨིན་རུང་ སྡེ་ཚན་གྱིས་ དོ་འགྲན་འབད་དེ་ ཕྱི་རུ་ཆུ་ཚོད་༤ དང་སྐར་མ་༢༨ ཚུན་ རྩེད་འགྲན་འབད་དེ་ སྐུགས་༤ ཐོབ་ཡོདཔ་ལས་ མདའ་རྩེདཔ་དང་ རྒྱབ་སྐྱོར་པ་ཚུ་ སེམས་དགའ་སྤྲོ་དང་བཅས་པའི་སྒོ་ལས་ རང་སོའི་ཁྱིམ་ནང་ ལོག་སོང་ཡི།
རྒྱབ་སྐྱོར་འབད་མི་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ བདུན་ཕྲག་༡༡ གི་ རྩེད་འགྲན་འབད་མི་ཚུ་ ག་ར་ ལག་གསརཔ་ཨིན་པའི་ཁར་ ལྕང་གླིང་མི་ཐང་ནང་ མདའ་རྩེད་འགྲན་བསྡུར་འབད་ནི་དེ་ འགོ་ཐོག་ཨིནམ་ལས་ བློ་སྤོབས་དང་ དབང་རྟ་རླུང་རྟ་མེདཔ་བཟུམ་མའི་ སྣང་བ་ཤར་ཏེ་ མདའ་རྐྱབ་རུང་ འབའ་གི་ཟུར་ཁ་མ་གཏོགས་ འབའ་གུ་ཕོག་ནི་དེ་ དོ་འགྲན་ཅན་ཅིག་ བྱུང་ཡི་ཟེར་ཨིན་པས།
ལྟདམོ་ལྟ་བར་འོང་མི་ ཚེ་བརྟན་ལ་གིས་ བདུན་ཕྲག་༡༡ སྡེ་ཚན་གྱི་ མདའ་རྩེདཔ་ཚུ་ ཧེ་མ་བཅའ་མར་གཏོགས་མི་མེན་པར་ གདོང་གསརཔ་ཨིནམ་ད་ སྡེ་ཚན་ནང་ ལོ་རྒས་ཤོསམ་༢ དེ་ཅིག་མ་གཏོགས་ ག་ར་ན་གཞོན་ཙང་ཙ་ཨིནམ་ལས་ དོ་འགྲན་འབད་ཚུགས་ནི་ལུ་ དཀའ་ངལ་བྱུང་ནི་ཨིན་མི་དེ་ཡང་ བྱང་ཕྱད་སྡེ་ཚན་གྱི་མདའ་རྩེདཔ་ཚུ་ ཧེ་མ་ལས་ རྩེད་འགྲན་འབད་མི་ ཉམས་མྱོང་ཡོད་མི་ ཙང་ཙ་འདུག་ཟེར་ སླབ་ཨིན་པས།
ནངས་པ་ལས་འགོ་བཙུགས་ཏེ་ སྡེ་ཚན་ཀ་པ་ལས་ འབྲུག་གོང་འཕེལ་དངུལ་ཁང་དང་ ཤེར་སྐོལ་༢༠༠༠ སྡེ་ཚན་༢ ཀྱི་བར་ན་ དེ་ལས་ སྡེ་ཚན་ཁ་པ་ལས་ ལྟ་བཤལ་མཐུན་འབྲེལ་དང་ འབྲུག་ཤོབ་པིང་སྡེ་ཚན་༢ ཀྱི་བར་ན་ མཐའ་བཅད་ཆུང་བའི་ རྩེད་འགྲན་ འབད་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment