གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཡུལ་ལྷ་གཞི་བདག་ཚུ་འཁྲུགས་མི་ལུ་བརྟེན་ ཆུ་རུད་ཐོན་པའི་ ཁ་ཉེས་བཀལ་ཡོདཔ།

༨/༦/༢༠༡༣   ༉ འཕྲལ་ཁམས་ཅིག་ཁར་ སྤུ་ན་ཁ་ དཀར་སྦིས་རྒེད་འོག་ནང་ ཆུ་རུད་ཐོན་མི་གིས་ འབྱ་ཞིང་ཨེ་ཀར་༦ དེ་ཅིག་ནང་ ལྕངམ་དང་ ཨེ་མ་འཛུགས་སྐྱོང་འབད་མི་ཚུ་ ཤུགས་སྦེ་ར་ མེདཔ་བཏང་མི་དེ་ལུ་ གཡུས་ཁའི་མི་ཚུ་གིས་ འབད་བ་ཅིན་ སྲིད་ཚོགས་ཚུ་གི་ འུར་བྱེལ་ལུ་བརྟེན་ཏེ་ཨིནམ་སྦེ་ ཉེས་འཛུགས་འབད་དོ་ཡོདཔ་ཨིན་པས།
དཀོན་མཆོག་གིས་ ཁོ་རའི་ཆུ་ཞིང་ནང་ བྱེམ་དང་རྡོ་ རག་རོག་ཚུ་གིས་ གང་ནུག་ཟེར་ སྟོན་པའི་བསྒང་།


མི་སེར་སོ་ནམ་པ་ཚུ་གིས་ སླབ་མིའི་ནང་ སྤྱི་ལོ་༢༠༠༨ ལུ་ཡང་ སྲིད་ཚོགས་བཙག་འཐུ་འབད་བའི་སྐབས་ ཤར་ཕྱོགས་དང་ ནུབ་ཕྱོགས་རྫོང་ཁག་ཚུ་ནང་ དེ་བཟུམ་མའི་ རང་བཞིན་གྱི་རྐྱེན་ངན་ ས་ཡོམ་རྐྱབ་སྟེ་ སྡོད་ཁྱིམ་ལེ་ཤ་ཅིག་ མེདཔ་བཏང་ཡི་ཟེར་ཨིན་པས།
དུས་ཅི་ སྤྱི་ལོ་༢༠༡༣ གྱི་ བཙག་འཐུ་འགོ་འདྲེན་འཐབ་ནི་ འགོ་བཙུགསཔ་ཅིག་ར་ རྒེད་འོག་དེ་ནང་ ཆུ་རུད་ཐོན་མི་དེ་ སྲིད་དོན་ཚོགས་པ་ཚུ་དང་ ཁོང་གི་རྒྱབ་སྐྱོར་པ་ཚུ་གིས་ རྒྱལ་ཁ་འཐོབ་ནིའི་དོན་ལུ་ རང་སོའི་ གཡུས་ཚན་གྱི་ ཡུལ་ལྷ་དང་ གནས་བདག་གཞི་བདག་ཚུ་ལུ་ གསོལ་ཁ་ཕུལ་ཏེ་ འཕྲིན་བཅོལ་འབད་མི་ལུ་བརྟེན་ གནས་བདག་ཚུ་ འཁྲུགས་ནི་དེ་གིས་ དེ་བཟུམ་གྱི་ རྐྱེན་ངན་བྱུང་དོ་བཟུམ་ཅིག་སྦེ་ མཐོངམ་མས་ཟེར་ཨིན་པས།
ཝ་ཁུ་འདམ་ཆུ་གཡུས་ཚན་ལས་ བཙན་སྐྱོགས་ཀྱིས་ སླབ་མིའི་ནང་ གནད་དོན་གཞན་ཡང་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ བཙག་འཐུའི་སྐབས་ལུ་ གཡུས་ཁར་ ལོ་བསྟར་གྱི་ རིམ་གྲོ་འབད་མི་དང་ ལྷ་གསོལ་ནི་ དེ་ལས་ དམངས་ཀྱི་རིམ་གྲོ་ཚུ་ འབད་མ་ཆོགཔ་བཟོ་མི་དེ་གིས་ཡང་ ཨིནམ་འོང་ནི་མས་ཟེར་ཨིན་པས།
དཀར་སྦིས་ས་ འདམ་ཆུ་གཡུས་ཚན་ནང་འབད་བ་ཅིན་ དུས་ཅི་ ལོ་བསྟར་གྱི་རིམ་གྲོ་ རྒྱལ་བའི་གསུང་རབས་བཀའ་འགྱུར་ལྷག་ནི་དང་ འབུམ་ལྷག་ནི་ དེ་ལས་ རི་བོ་བསངས་མཆོད་ཚུ་ བཏང་མ་ཚུགས་ཟེར་ཨིནམ་ད་ མ་གཞི་ རིམ་གྲོ་ཚུ་ རང་ཟླ་༤ པ་ ས་ག་ཟླ་བའི་ནང་ འབད་ནི་ཡོད་ཟེར་ཨིན་པས།
སྤྱི་ཟླ་༦ པའི་ཚེས་༤ གི་དྲོ་པ་ རྒེད་འོག་དེ་ནང་ ཆུ་རུད་ཐོན་པའི་སྐབས་ ཁྱིམ་གུང་པ་༤༠ དེ་ཅིག་གི་ ཆུ་ཞིང་ཨེ་ཀར་༦ ལྷགཔ་ཅིག་ འཕྱགས་བདའ་བའི་ཁར་ དེ་ནང་ཡོད་པའི་ ལྕངམ་དང་ ཨེ་མ་ཚུ་ཡང་ ལེ་ཤ་ཅིག་ རྡོ་དང་བྱེམ་གྱི་ རག་རོག་ཚུ་གིས་ མེདཔ་བཏང་ཡོདཔ་ཨིན་པས།
རྐྱེན་ངན་ཤུགས་སྦེ་ཕོག་མི་ཅིག་ འོག་ཁུ་དམ་ཆུ་གཡུས་ཚན་ལས་ སྐྱེས་ལོ་༥༤ ལང་མི་ ཨཔ་དཀོན་མཆོག་ཨིནམ་ད་ ཁོ་གི་ལྕང་ལཱ་རྐྱབ་ནིའི་དོན་ལུ་ ཆུ་ཞིང་ཌིས་༥༠ གྲ་སྒྲིག་འབད་བཞག་མི་དེ་ ཆུ་རུད་ཀྱིས་འཕྱག་བདའ་མི་ལུ་བརྟེན་ ད་རེས་ ཞིང་ཁར་རྡོ་དང་ཤིང་རག་རོག་ཅིག་ལས་བརྒལ་ གཞན་ག་ནི་ཡང་མཐོང་མི་ཚུགས་དོ་ཡོདཔ་ཨིན་པས།
ཁོ་གི་ཞིང་དེ་ སྤུ་ན་ཁ་ལས་ མགར་ས་ལུ་འགྱོ་སའི་ གཞུང་ལམ་གྱི་འོག་ལུ་ཡོདཔ་ད་ གནོད་སྐྱོན་དེ་ ཆུ་ཞིང་གི་ སྦོ་ལོགས་ཁར་ཡོད་མི་ སྦྱིས་ཆུ་བྲེས་ནི་དེ་གིས་ ཆུ་རུད་ཐོན་ཡོདཔ་ད་ དཀོན་མཆོག་གིས་ སླབ་མིའི་ནང་ ཟླཝ་༤ དེ་ཅིག་གི་ཤུལ་ལས་ ཁོ་གི་བཟའ་ཚང་གིས་ རྒྱ་གར་ལས་ ནང་འདྲེན་འབད་མི་ རྒྱ་ཆུམ་ལུ་བརྟེན་དགོ་ནི་ཨིན་མི་དེ་ཡང་ ཆུ་ཞིང་དེ་ རྩ་བ་ལས་ར་ མེདཔ་བཏང་ནི་དེ་གིས་ ལྕང་ལཱ་རྐྱབ་ཚུགས་པའི་ གོ་སྐབས་མིན་འདུག་ཟེར་ཨིན་པས།
དཀོན་མཆོག་བཟུམ་སྦེ་ རྐྱེན་ངན་བྱུང་མི་ ཁྱིམ་གུང་པ་༤༠ ལས་ མང་ཤོས་ཅིག་གིས་ དུས་ཅི་ ལྕང་ལཱ་རྐྱབ་མི་ཚུགས་ནི་ཨིནམ་ད་ དེ་ཡང་ ལ་ལུ་གི་ཞིང་ནང་ བྱེམ་དང་རྡོ་ རག་རོག་ཚུ་གིས་གང་བའི་ཁར་ ལ་ལུ་ཅིག་ ཆུ་རུད་ཀྱིས་ འཕྱགས་བདའ་མི་ལུ་བརྟེན་ ཆུ་ཞིང་གི་དབྱིབས་ར་ མེདཔ་ཐལ་ཡོདཔ་ཨིན་པས།
ཡོངས་བསྡོམས་ལུ་ རྒེད་འོག་དེ་ནང་ འབྱ་ཞིང་ཨེ་ཀར་༦ དེ་ཅིག་ མེདཔ་བཏང་ཡོད་མི་ལས་ ཨེ་མ་ཞིང་ཨེ་ཀར་༣ དེ་ཅིག་ལུ་ གནོད་སྐྱོན་རྐྱབ་ཡོདཔ་ད་ མ་གཞི་ དུས་ཚོད་འ་ནེམ་ཅིག་ཁར་ གཡུས་མི་ཚུ་གིས་ ཐིམ་ཕུ་ཚོད་བསྲེ་ཁྲོམ་ཁར་ ཨེ་མ་ཚོང་བསྒྱུར་འཐབ་སྟེ་ དངུལ་གྱི་འོང་འབབ་ ལེགས་ཤོམ་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ དུས་ཅི་ ཆུ་རུད་ཐོན་མི་གིས་ ཁོང་གི་འོང་འབབ་ལུ་ ཐོ་ཕོག་ཡོདཔ་ཨིན་པས།
རྫོང་ཁག་བདག་སྐྱོང་གི་ཧོངས་ལས་ ཉམས་རྒུདཔ་ཚུ་ལུ་ གློ་བུར་གྱི་གྲོགས་རམ་བཟུམ་ཅིག་སྦེ་ ཨེ་མ་ཚོང་འབྲེལ་འབད་བའི་སྐབས་ སྣུམ་འཁོར་གྱི་ སྐྱེལ་འདྲེན་གླ་ཆ་ཚུ་ སྤྲོད་ནི་ཨིནམ་ད་ དེ་ཡང་ ཨེ་མ་མེདཔ་མ་ཐལ་མི་ཚུ་ བཀག་ཐབས་འབད་ནིའི་དོན་ལུ་ཨིནམ་ད་ འཐུས་བྱིན་མི་ལུ་བརྟེན་ མི་ཚུ་གིས་ ཨེ་མ་ག་དེ་དྲག་དྲག་བཏོགས་ཏེ་ ཚོང་བསྒྱུར་འཐབ་ནི་ལུ་ སེམས་ཤུགས་བསྐྱེད་དོ་ཡོདཔ་ཨིན་པས།
རྫོང་བདག་ཕུརཔ་ཚེ་རིང་གིས་ སླབ་མིའི་ནང་ རྐྱེན་ངན་གྱི་སྙན་ཞུ་དེ་ སོ་ནམ་ལྷན་ཁག་ལུ་ ཕུལ་བའི་ཤུལ་ལས་ རྒུད་འཐུས་ཀྱི་དོན་ལུ་ གྲོས་གཞི་བཙུགས་ནི་ཨིན་པའི་ཁར་ ས་ཞིང་མེདཔ་ཐལ་མི་ཚུ་གི་དོན་ལུ་འབད་བ་ཅིན་ ས་ཚབ་སྤྲོད་ནི་ཟེར་ཨིན་པས།
དེ་མ་ཚད་ ཆུ་རུད་ཀྱིས་ རིང་ཚད་ཕིཊ་༢༥༠ འབད་མི་ ཞིང་ཆུའི་གཡུར་བ་༢ མེདཔ་བཏང་ཡོདཔ་མ་ཚད་ སོ་ནམ་ཞིང་ལམ་༤ ལྷགཔ་ཅིག་ཡང་ མེདཔ་བཏང་ནུག།
རྫོང་ཁག་གི་ རྐྱེན་ངན་འཛིན་སྐྱོང་འགོ་དཔོན་ ཚེ་དབང་ཕུན་ཚོགས་ཀྱིས་ སླབ་མིའི་ནང་ ཆུ་རུད་དེ་ འདས་པའི་བདུན་ཕྲག་ནང་ ཆརཔ་ཤུགས་སྦེ་ རྐྱབ་མི་ལུ་བརྟེན་ རོང་ཆུ་ཚུ་བྲེས་ཏེ་ ཐོན་ནུག་ཟེར་ ཨིན་པའི་གནས་

སྤུ་ན་ཁ་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment