གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དཔེ་ཆ་མ་ཤེས་རུང་ མ་ཎི་བགྱང་ནི་དང་ ཞབས་ཏོག་ཞུ་ནིའི་ཕན་ཐོགས་ཡོདཔ།

༥/༦/༢༠༡༣   ༉ སྤ་རོ་ ལུགས་གཉིས་རྒེད་འོག་ རྫོང་དར་ཁ་ལས་ སྐྱེས་ལོ་༥༥ ལང་མི་ ཚེ་རིང་ལྷམོ་གིས་ ལོ་ངོ་༡༡ དེ་ཅིག་གི་ཧེ་མར་ ནང་པའི་ཆོས་ལྷབ་ནི་ལུ་ དམིགས་གཏད་བསྐྱེད་དེ་ སྤ་རོ་ བྱེ་ལེ་ལའི་ ཉེ་འདབས་ལུ་ཡོད་པའི་ སྐྱིད་ལ་དགོན་པ་ལུ་ སོང་ཡོདཔ་ཨིན་རུང་ མོ་ར་ ལོ་ན་རྒས་མི་ལུ་བརྟེན་ དཔེ་ཆ་མ་ཤེསཔ་ཨིན་པས།
དེ་གི་སྐབས་ དགོན་པའི་བླམ་གྱིས་ མོ་ར་ ལོ་ན་འ་ནེམ་ཅིག་ལངམ་ད་ དཔེ་ཆ་ལྷབ་ནི་ལུ་ རྩ་འགེངས་ཏེ་ དུས་ཚོད་འཕྲོ་བརླགས་མ་བཏང་པར་ མ་ཎི་བགྱང་ཟེར་ སླབ་མི་དང་འཁྲིལ་ མོ་གིས་ མ་ཎི་བགྱང་ནི་ལུ་ ཤུགས་བཏོན་ཡོདཔ་ཨིན་པས།

ཚེ་རིང་ལྷམོ་གིས་ ར་འེསི་ཀུ་ཀར་ནང་ ལྟོ་འབད་བའི་བསྒང་།


ངོ་ཚ་སུ་ཅིག་སྦེ་ བློ་སླབ་མི་ ཨམ་སྲུ་དེ་གིས་འབད་བ་ཅིན་ མོ་གིས་ དགོན་པ་ལུ་ལྷོད་དེ་ ཀ་ཁ་དང་ སྦྱོར་ཀློག་དུམ་གྲ་ཅིག་ ལྷབ་ཡོདཔ་ཨིན་རུང་ ཤེས་མ་ཚུགས་པའི་ཤུལ་ལུ་ བླམ་གྱིས་གསུངས་མི་དང་འཁྲིལ་ མ་ཎི་བགྱང་ནི་ འགོ་བཙུགས་ཅི་ཟེར་ཨིན་པས།
མོ་རའི་གཡུས་ཁར་སྡོད་མི་ བུམོ་དེ་གིས་ རྒྱགས་སྐལ་ཚུ་ཡང་ བསྐྱལ་ཡོདཔ་ཨིན་རུང་ ཤུལ་ལས་ ད་རེས་ཀྱི་ སྐྱིད་ལ་དགོན་པ་ ཨ་ནེམོ་གཞི་རིམ་བཤད་གྲྭའི་དབུ་འཛིན་གྱིས་ མོ་ལུ་ བསྟུན་གྲོས་ལེགས་ཤོམ་ཅིག་ འཚོལ་ཡོདཔ་ཨིན་པས།
དེ་ཡང་ བཤད་གྲྭའི་ནང་ ཐབ་ཚངཔ་ཅིག་ མེད་མི་ལུ་བརྟེན་ ཨ་ཎེམ་ཚུ་ལུ་ བཞེས་སྒོ་འབད་བྱིན་ནི་དང་ མོ་ར་ཡང་ རྒྱགས་སྐལ་ཚུ་ ཁྱིམ་ནང་ལས་ འབག་འོང་མ་དགོ་པར་ བཤད་གྲྭ་ནང་ལས་ར་ བཟའ་རུང་བཏུབ་སྦེ་ སླབ་ཡོདཔ་ཨིན་པས།
དེ་དང་འཁྲིལ་ མོ་གིས་ཡང་ ངོས་ལེན་འབད་དེ་ ད་རེས་ བཤད་གྲྭའི་གཉེར་ཚང་ཚུ་ བདག་འཛིན་འཐབ་ཐོག་ལས་ བཞེས་སྒོ་ཚུ་ འབད་བྱིན་དོ་ཡོདཔ་ཨིན་པས།
ཚེ་རིང་ལྷམོ་གིས་ བཤད་གྲྭའི་ཨ་ནེམོ་ཚུ་ལུ་ དུས་གསུམ་གྱི་ གསོལ་ཚོགས་འབད་དེ་ དྲངས་པའི་ཤུལ་ལུ་ མོ་ར་ དགོན་པའི་ལྷ་ཁང་ནང་སོང་སྟེ་ མ་ཎེ་བགྱང་དོ་ཡོདཔ་ད་ བཤད་གྲྭའི་དབུ་འཛིན་ མཁན་པོ་ཡོན་ཏན་རྒྱལ་མཚན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ ཚེ་རིང་ལྷམོ་གིས་ མ་ཎི་ལེགས་ཤོམ་སྦེ་ བགྱངམ་མས་ཟེར་ཨིན་པས།
མོ་གིས་ ཐབ་ཚང་པའི་ལཱ་འབད་མི་ལུ་ དགོན་པ་སྡོད་མི་ཚུ་གིས་ ཏི་རུ་བསྡུ་ཐོག་ལས་ ཟླ་རིམ་གྱི་དངུལ་ཕོགས་ དངུལ་ཀྲམ་༢,༠༠༠ རེ་ བྱིན་དོ་ཡོདཔ་ད་ ཏི་རུ་ཚུ་ཡང་ མོ་རའི་དོན་ལུ་ ཉེ་བར་མཁོ་བའི་ ཅ་ཆས་ཚུ་ཉོ་བའི་ཁར་ ཆ་ཤས་ཅིག་ མོ་རའི་ མ་འོངས་གནས་སྟངས་ཀྱི་ ཉེན་འཚུབས་དོན་ལུ་ དངུལ་ཁང་ནང་ གསོག་འཇོག་འབད་དེ་ བཞག་དོ་ཡོདཔ་མ་ཚད་ ལོ་བསྟར་བཞིན་དུ་ མོ་གིས་ དར་ཤིང་བརྒྱ་རེ་ འཕྱརཝ་ཨིན་པས།
ཚེ་རིང་ལྷམོ་གིས་ བཤད་མིའི་ནང་ ཧེ་མ་འབད་བ་ཅིན་ དགོན་པ་ལུ་ གློག་མེའི་མཐུན་རྐྱེན་མེདཔ་ལས་ ཐབ་ཁར་ མེ་འཕུ་བའི་སྐབས་ དུ་པ་གིས་ མིག་ཏོ་ཚ་སྟེ་ ལཱ་ཁག་རྐྱབ་ཡོདཔ་ཨིན་རུང་ ད་རེས་ གློག་མེ་ལུ་བརྟེན་ བཞེས་སྒོ་ཚུ་ གློག་ཆས་ར་འེསི་ཀུ་ཀར་ཚུ་ནང་ འབད་ཚུགས་ནི་དེ་གིས་ འཇམ་ཏོང་ཏོ་ལུ་ གྱུར་སོ་ཡི་ཟེར་ཨིན་པས།
མོ་ར་ རྨགཔ་དང་གཅིག་ཁར་ ཁ་འབྱལ་བའི་ཤུལ་ལུ་ དགོན་པ་ལུ་སོང་ཡོདཔ་བཞིན་དུ་ ད་རེས་ མ་ཎི་བགྱང་ནི་དང་ དགོན་པའི་དོན་ལུ་ བཞེས་སྒོ་འབད་ནིའི་ གོ་སྐབས་ཐོབ་ནི་དེ་གིས་ སྐལ་བ་བཟང་ནུག་ཟེར་ གདོང་དགའ་འཛུམ་དང་བཅསཔ་སྦེ་ སླབ་པའི་ཁར་ མོ་ར་མ་ཤི་ཚུན་ དགོན་པ་དེ་ནང་ར་ སྡོད་ནི་ཨིན་ཟེར་ཨིན་པས།
མཁན་པོ་ཡོན་ཏན་རྒྱལ་མཚན་གྱིས་ འབད་བ་ཅིན་ ཨ་ནེམོ་ཚུ་གི་དོན་ལུ་ བཞེས་སྒོ་འབད་མི་ཅིག་ ངེས་པར་དུ་ དགོཔ་ཡོདཔ་ལས་ ཐབ་ཚངཔ་ཅིག་བཙུགས་ནི་སྦེ་ མནོ་བསམ་བཏང་ཡི་ཟེར་ཨིན་པས།
ཨིན་རུང་ ག་དེམ་ཅིག་སྦེ་ ཕྱི་ཁ་ལས་ ཐབ་ཚངཔ་སྦེ་བཙུགས་མི་དེ་གིས་ ཆོས་སེམས་ཀྱི་སྒོ་ལས་ ཕྱག་ཞུ་ནིའི་མནོ་བསམ་ ཡོད་ན་མ་གཏོགས་ དེ་མིན་ བྱ་སྟབས་མ་བདེཝ་ ལེ་ཤ་ཅིག་ར་ འཐོན་ནི་ཨིནམ་ལས་ མོ་དང་གཅིག་ཁར་ གྲོས་བསྟུན་འབད་ཡི་ཟེར་ཨིན་པས།
ཚེ་རིང་ལྷམོ་གིས་འབད་བ་ཅིན་ མོ་རའི་གཡུས་ཁར་སྡོད་མི་ བུམོ་དེ་ཡང་ ཨ་ལུ་ལེ་ཤ་ཅིག་ར་ གསོ་དགོཔ་ཡོདཔ་ལས་ ལཱ་ཁག་རྐྱབ་དོ་ཡོདཔ་ད་ ད་རེས་ མོ་ར་གིས་ དགོན་པའི་དོན་ལུ་ ཕྱག་ཞུ་བའི་ཁར་ མོ་ར་ཡང་ རྒྱགས་སྐལ་འབག་འོང་མ་དགོ་པར་ ཆོས་གྲལ་ལས་ བཞེས་སྒོ་བཟའ་ནི་ ཐོབ་མི་ལུ་བརྟེན་ སེམས་དགའ་ཡི་ཟེར་ཨིན་པས།
མོ་གིས་ ད་ལྟོ་ཚུན་ལུ་ མ་ཎེ་འབུམ་༡༥ དེ་ཅིག་ བགྱངས་ཡོདཔ་ད་ མ་ཎི་དུང་ཕྱུར་ཅིག་བགྱང་ནི་ལུ་ དམིགས་གཏད་བསྐྱེདཔ་ཨིན་པས།
མོ་གིས་ དྲོ་པ་ཨ་རྟག་ར་ ཆུ་ཚོད་༤ དེ་ཅིག་ལས་ལོང་སྟེ་ བཞེས་སྒོ་འབད་དོ་ཡོདཔ་ད་ ནུབ་མོ་ ཆུ་ཚོད་༡༡ དེ་ཅིག་ལུ་ ཉལ་དོ་ཡོདཔ་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment