གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་ཕུན་སུམ་ཚོགས་པ་ལུ་ ཤོབ་རྐྱབ་པའི་ཁ་ཉེས་ཕོག་ཡོདཔ།

༡༠/༦/༢༠༡༣   ༉ འབྲུག་ཕུན་སུམ་ཚོགས་པ་གིས་ འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་དག་པ་ཅིག་ ཚོགས་པའི་འདེམས་ངོ་སྦེ་ དགོས་མཁོ་བཀོད་ཅི་ཟེར་ སླབ་མི་དེ་ མི་བདེན་ཟེར་མི་དེ་ཡང་ འབྲུག་ཕུན་སུམ་ཚོགས་པ་གིས་ འབྲུག་མི་ཚུ་ལུ་ ཤོབ་རྐྱབ་མས་ཟེར་ འདས་པའི་བདུན་མཐའ་ལུ་ འབྲུག་མཉམ་རུབ་ཚོགས་པ་གིས་ བརྡ་བརྒྱུད་ཚུ་ལུ་བཤད་ཅི།


འབྲུག་མཉམ་རུབ་ཚོགས་པའི་གཙོ་འཛིན་ རྡོ་རྗེ་ཆོས་སྒྲོན་གྱིས་ སླབ་མིའི་ནང་ འབྲུག་ཕུན་སུམ་ཚོགས་པ་དང་ མི་སེར་དམངས་གཙོ་ཚོགས་པ་༢ ཆ་ར་གིས་ མཉམ་རུབ་ཚོགས་པའི་འདེམས་ངོ་དག་པ་ཅིག་ དགོས་མཁོ་བཀོད་དེ་ ཚོགས་པ་ལུ་ གྲོས་འཆར་བཀོད་ཅི་ཟེར་ཨིནམ་ད་ དེ་ཡང་ འགོ་དང་པ་ར་ འབྲུག་ཕུན་སུམ་ཚོགས་པའི་འགོ་དཔོན་༣ གྱིས་ མཉམ་རུབ་ཚོགས་པའི་འདེམས་ངོ་༣ དེ་ཅིག་ དགོས་མཁོ་བཀོད་ཐོག་ལས་ གྲོས་འཆར་བཀོད་ཅི་ཟེར་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་ འགོ་དཔོན་༣ གྱི་གྲས་ལས་༢ བློན་པོ་བགྲེསཔ་ནཱན་ད་ལཱལ་རའི་དང་ ཤེས་རིག་བློན་པོ་བགྲེསཔ་ ཋ་ཀུར་སིང་པའུ་ཌེལ་༢ ཀྱིས་ མཉམ་རུབ་ཚོགས་པའི་འདེམས་ངོ་དག་པ་ཅིག་ ཕུན་སུམ་ཚོགས་པའི་དོན་ལུ་ དགོས་མཁོ་བཀོད་ཡོདཔ་མ་ཚད་ འདེམས་ངོ་ཁོང་ར་དང་ཡང་ ལོག་ཅི་ར་ འབྲེལ་བ་འཐབ་ཡོད་པའི་ སྒྲུབ་བྱེད་ཡོད་ཟེར་ཨིན་པས།
དེ་སྦེ་དགོས་མཁོ་བཀོད་པའི་མཐའ་མར་ མི་མང་ལུ་ཤོབ་རྐྱབ་སྟེ་ ཁ་མ་བཟེད་པའི་ཁར་ མཉམ་རུབ་ཚོགས་པ་ལུ་ ཁ་ཉེས་བཀལ་མི་དེ་ ཧ་ལས་དགོཔ་བྱུང་ཡི་ཟེར་ ཚོགས་པའི་གཙོ་འཛིན་གྱིས་བཤད་ཅི།
བློན་པོ་བགྲེསཔ་ ནཱན་ད་ལཱལ་རའི་གིས་ སླབ་མིའི་ནང་ མཉམ་རུབ་ཚོགས་པ་གིས་ སྤྱིར་བཏང་བཙག་འཐུའི་དོན་ལུ་ མཐར་འཁྱོལ་བྱུང་མ་ཚུགསཔ་ལས་ ཚོགས་པའི་འདེམས་ངོ་ཚུ་གིས་ ཕུན་སུམ་ཚོགས་པ་ལུ་ རྒྱབ་སྐྱོར་འབད་དགོ་པའི་ ཞུ་བསྐུལ་འབད་ཡོད་རུང་ འདེམས་ངོ་དེ་ཚུ་ ཚོགས་པ་ནང་འབྲེལ་གཏོགས་ཐོག་ འདེམས་ངོ་འབད་དགོ་པའི་ གྲོས་འཆར་བཀོད་བཀོདཔ་མེད་ཟེར་ཨིན་པས།
རྒྱལ་ཁ་ཐོབ་མི་ སྲིད་ཚོགས་༢ ཆ་ར་གིས་ འདེམས་ངོ་ཚུ་ལུ་ དགོས་མཁོ་བཀོད་དེ་ གྲོས་འཆར་བཀོད་མི་དེ་ འབྲུག་མཉམ་རུབ་ཚོགས་པ་གིས་འབད་བ་ཅིན་ ཚོགས་པ་གིས་ འགོ་ཐོག་བཙག་འཐུའི་སྐབས་ མི་སེར་བརྒྱ་ཆ་༡༧ གྱིས་ རྒྱབ་སྐྱོར་འབད་ཡོདཔ་ལས་ ཚོགས་པ་ལུ་ ཚོགས་རྒྱན་བཙུགས་མི་དང་ རྒྱབ་སྐྱོར་བ་ཚུ་གིས་ ཁྱད་པར་བཟོ་ཚུགས་པའི་ འོས་འབབ་ཡོད་མི་ལུ་བརྟེན་ཨིན་མས་ཟེར་བཤད་ཅི།
བློན་པོ་བགྲེསཔ་ ཋ་ཀུར་སིང་པའུ་ཌེལ་གྱིས་འབད་བ་ཅིན་ ཁོ་གིས་ ཕུན་ཚོགས་གླིང་གི་འདེམས་ངོ་དང་གཅིག་ཁར་ འབྲེལ་བ་འཐབ་མི་དེ་ སློབ་དཔོན་དང་ སློབ་ཕྲུག་གི་འབྲེལ་བའི་ཐོག་ལུ་མ་གཏོགས་ ལོགས་སུ་སྦེ་ གནད་དོན་གཞན་ག་ནི་ཡང་མེད་ཟེར་ཨིནམ་ད་ གནད་དོན་གཞན་ཡོད་མེད་སྐོར་ ཕུན་ཚོགས་གླིང་གི་ འདེམས་ངོ་ཁོ་ར་གིས་ ཁ་གསལ་སླབ་ནི་འོང་ཟེར་བཤད་ཅི།
འབྲུག་མཉམ་རུབ་ཚོགས་པ་གིས་འབད་བ་ཅིན་ གལ་སྲིད་ འབྲུག་ཕུན་སུམ་ཚོགས་པ་གིས་ འཕྲོ་མཐུད་དེ་ གནད་དོན་དེ་གི་ཐོག་ལས་ མཉམ་རུབ་ཚོགས་པའི་ ལྟ་བ་དང་གཞི་རྩ་ལུ་ ཁ་ཉེས་བཀལ་བ་ཅིན་ ཕུན་སུམ་ཚོགས་པའི་འགོ་དཔོན་ཚུ་གིས་ མཉམ་རུབ་ཚོགས་པའི་འདེམས་ངོ་ཚུ་ལུ་ དགོས་མཁོ་བཀོད་ཡོད་པའི་ སྒྲུབ་བྱེད་ཚུ་ཡང་ གསལ་བཀོད་འབད་ནི་ཟེར་ སླབ་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment