༡༠/༦/༢༠༡༣ ༉ འདས་པའི་བདུན་ཕྲག་༣ གྱི་རིང་ དགེ་ལེགས་ཕུག་ཁྲོམ་ཁར་ ཨར་རྐུན་ཐེངས་མང་རབས་ཅིག་འབད་མི་ རྒྱ་གར་གྱི་མི་ཁུངས་ སྐྱེས་ལོ་༡༦ ལང་མི་བུཚ་ཅིག་ སྤྱི་ཟླ་༦ པའི་ཚེས་༧ ལུ་ ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་ཡོདཔ་ཨིན་པས།
རྒྱ་གར་གྱི་ ས་མཚམས་ དཱད་ག་རི་ལུ་སྡོད་མི་ བུཚ་དེ་གིས་ དེ་ཚེ་ ནུབ་མོའི་ཆུ་ཚོད་༩.༣༠ དེ་ཅིག་ཁར་ ཨར་རྐུན་འབད་མི་ ཅ་ཆས་ཚུ་ གླ་འཁོར་ནང་སྦེ་ ས་མཚམས་བརྒལ་ཏེ་ འབག་འགྱོཝ་ད་ འཛིན་བཟུང་འབད་ནུག།
དོགས་ཅན་བུཚ་དེ་གིས་ ཉིན་མར་སྡོད་ཁྱིམ་༥ ནང་འཛུལ་ཏེ་ ཅ་ཆས་གློག་རིག་ལེབ་ཊོབ་དང་ དངུལ་རྐྱང་ འགྲུལ་འཕྲིན་མོ་བཱ་ཡེལ་ཚུ་ ཨར་རྐུན་འབད་ཡོདཔ་མ་ཚད་ གཟི་༡ མེདཔ་བཏང་ཡོདཔ་ཨིན་པས།
དགེ་ལེགས་ཕུག་གི་ ཁྲིམས་སྲུང་འགག་པའི་སྡེ་འཛིན་ ཉི་མ་ཚེ་རིང་གིས་ སླབ་མིའི་ནང་ དོགས་པ་ཅན་དེ་གིས་ ལཱ་གཡོག་འཚོལ་བར་ འགྱོཝ་ཨིན་ཟེར་ སླབ་ཐོག་ལས་ ཁྱིམ་ལྡེ་མིག་རྐྱབ་ཡོད་མིའི་ སྦོ་ལོགས་ཁ་ལས་ ལྡེ་མིག་བུ་ཚུ་འཚོལ་ཏེ་ ཨར་རྐུན་འབད་ནུག་ཟེར་ཨིན་པས།
བུཚ་དེ་གིས་ ཁྱིམ་གྱི་ལྡེ་མིག་ཚུ་ མེ་ཏོག་གི་ རྫམ་གྱི་འོག་ལས་དང་ སྣུམ་འཁོར་གྱི་ གྱིབ་འཁོར་སོར་ཐེབས་བཞག་སའི་ སྦོ་ལོགས་ཁར་ སྦ་བཞག་མི་ཚུ་ནང་ལས་ ཐོབ་ཅི་ཟེར་ ཁྲིམས་སྲུང་འགག་པ་ལུ་ སླབ་ཡོདཔ་ཨིན་པས།
དོགས་ཅན་དེ་གིས་ དང་པ་ར་ སྤྱི་ཟླ་༥ པའི་ཚེས་༡༥ ལུ་ གུ་རུང་སྣུམ་འཁོར་བཅོ་ཁང་གི་ སྦོ་ལོགས་ཁར་ འགྲུལ་འཕྲིན་མོ་བཱ་ཡེལ་དང་ གཟི་ཨརཝ་བརྐུ་བའི་ཤུལ་ལས་ དགེ་ལེགས་ཕུག་ཉ་གསོ་སྐྱོང་ཁང་དང་ ཏ་ལི་གྲྭ་ཚང་གི་ ཉེ་འདབས་ལུ་ཡོད་མི་ ཁྱིམ་ཚུ་ནང་ལས་ གློག་རིག་ལེབ་ཊོབ་དང་ དངུལ་རྐྱང་ཚུ་ ཨར་རྐུན་འབད་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་ལས་གོ་མི་ ལོ་རྒྱུས་དང་འཁྲིལཝ་ད་ སྤྱི་ཟླ་༦ པའི་ཚེས་༧ ལུ་ ས་གནས་ནང་ ཨར་རྐུན་ཐེངས་མང་རབས་ཅིག་ ཤོར་བའི་ཤུལ་ལས་ ས་མཚམས་སྒོ་ར་བརྒལ་ཏེ་ ཕུན་ཚོགས་གླིང་དང་ ཐིམ་ཕུ་ལུ་འགྱོ་མི་ སྣུམ་འཁོར་ག་ར་ ཞིབ་དཔྱད་རྐྱབ་དགོཔ་ ཐོན་ཡི་ཟེར་ཨིན་པས།
ས་མཚམས་སྒོ་ར་ཁར་སྡོད་མི་ ཁྲིམས་སྲུང་འགག་པ་གིས་ དོགས་ཅན་འཛིན་བཟུང་འབདཝ་ད་ གློག་རིག་ལེབ་ཊོབ་༥ དང་གཟི་ འགྲུལ་འཕྲིན་མོ་བཱ་ཡེལ་ཚུ་ འཕྱོག་བཟུང་འབད་ཡོདཔ་ཨིན་པས།
དོགས་ཅན་བུཚ་དེ་གིས་ ཨར་རྐུན་ཚུ་ ཁོ་ར་རྐྱངམ་གཅིག་གིས་ འབད་ཡོདཔ་སྦེ་ སླབ་དོ་ཡོདཔ་ཨིན་རུང་ ཁྲིམས་སྲུང་འགག་པ་གིས་ དྲི་དཔྱད་ནན་བསྐྱར་འབདཝ་ད་ བྱ་ངན་མཐའ་མཇུག་དེ་ འབད་བའི་སྐབས་ ཁོ་གི་ལྟོ་ཚང་ སྐྱེས་ལོ་༡༨ ལང་མི་ཅིག་གིས་ ཆ་རོགས་འབད་ཡོདཔ་སྦེ་ སླབ་ཡོདཔ་ཨིན་པས།
དོགས་ཅན་དེ་གིས་ ཁྲིམས་སྲུང་འགག་པ་ལུ་ བཤད་མི་དང་འཁྲིལཝ་ད་ ཁོ་གིས་ ཨར་རྐུན་འབད་ཡོད་མི་ ཅ་ཆས་ཚུ་ དཱད་ག་རི་ལུ་འབག་སྟེ་ དངུལ་ཀྲམ་༣,༠༠༠ ལས་༤,༠༠༠ གི་བར་ན་ བཙོང་ནི་སྦེ་ འཆར་གཞི་བརྩམས་ཅི་ཟེར་ཨིན་པས།
ཕྱི་མི་ནང་སྐྱོད་འགོ་དཔོན་ཚུ་གིས་འབད་བ་ཅིན་ དཱད་ག་རི་ལུ་ སྡོད་མི་ཚུ་ ལཱ་འབད་ཆོག་པའི་ ཆོག་ཐམ་ཡོད་པ་ཅིན་རྐྱངམ་གཅིག་ ས་མཚམས་ཀྱི་ སྒོ་ར་ཁ་ལས་ བཏངམ་མ་ཚད་ ལཱ་འབད་ཆོག་པའི་ ཆོག་ཐམ་དེ་ཡང་ ཁྲོམ་ཁ་མེན་པར་ མཐའ་ཟུར་ལུ་ འབད་འདོད་ཡོད་མི་ཚུ་ལུ་རྐྱངམ་གཅིག་ ལཱ་འབད་ཆོག་པའི་ གནང་བ་བྱིནམ་ཨིན་ཟེར་ ལུང་ཕྱོགས་མདོ་ཆེད་ ཚེ་དབང་སྟོབས་རྒྱས་ཀྱིས་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།
No comments:
Post a Comment