གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གནམ་གཤིས་བརྟག་དཔྱད་ཞིབ་འཚོལ་ནང་འབྲེལ་གཏོགས།

༡༢/༦/༢༠༡༣   ༉ ཤུལ་མའི་ཟླཝ་ནང་ལས་ ཨེ་མི་རི་ཀ་ལུ་ཡོད་པའི་ ཀ་རུ་ན་གཞི་ཚོགས་ཀྱིས་ གྲོགས་རམ་འབད་མི་ རིན་གོང་ཡུ་ཨེསི་ཌོ་ལར་༡༥༠,༠༠༠ གནས་མི་ ཚན་རིག་འཕྲུལ་ཆས་ཚུ་ ལག་ལེན་འཐབ་ཐོག་ལས་ རྒྱལ་ཁབ་ནང་འཁོད་ཀྱི་ སློབ་གྲྭ་༢༠ ལས་ སློབ་དཔོན་དང་ སློབ་ཕྲུག་ཚུ་གིས་ གནམ་གཤིས་འགྱུར་བགྲོད་ ལྟ་རྟོགས་འབད་ནིའི་ གོ་སྐབས་འཐོབ་ནི་ཨིན་པས།
གནམ་གཤིས་བརྟག་དཔྱད་འབད་སའི་ ས་ཁོངས་ གཞི་བཙུགས་ཀྱི་དོན་ལུ་ ངོས་འཛིན་འབད་ནི་ཨིན་མི་ སླབ་གྲྭ་ཚུ་གི་ ས་ཁྲ།


འཕྲུལ་ཆས་ཚུ་ ལག་ལེན་འཐབ་མི་ སློབ་དཔོན་དང་ སློབ་ཕྲུག་ཚུ་ གནམ་གཤིས་འགྱུར་བགྲོད་ཀྱི་དོན་ལུ་ དཔེ་ཚད་བཟུམ་ཅིག་སྦེ་ ལག་ལེན་འཐབ་བཏུབ་ནི་དང་ བུམ་ཐང་ལུ་ཡོད་པའི་ ཨོ་རྒྱན་དབང་ཕྱུག་རང་བཞིན་གནས་སྟངས་ཉམས་སྲུང་སློབ་སྦྱོང་སྤེལ་ཁང་གིས་ ཤེས་རིག་ལྷན་ཁག་དང་ གནམ་གཤིས་ལྟ་རྟོག་ལས་ཁུངས་༢ དང་ མཉམ་འབྲེལ་ཐོག་ལས་ འགོ་འདྲེན་འཐབ་མི་ ཞིབ་འཚོལ་དེ་ རྒྱལ་ཁབ་ནང་ འགོ་དང་པ་ཨིན་པས།
ད་རེས་ ཤར་ཕྱོགས་རྫོང་ཁག་གི་ སློབ་གྲྭ་ཚུ་ནང་ ལྟ་སྐོར་འབད་བའི་བསྒང་ཡོད་མི་ སྤེལ་ཁང་ལས་ བཅོ་ལྔ་ཚེ་རིང་གིས་ སླབ་མིའི་ནང་ ཁོང་གིས་ ས་གནས་ཁག་ཚུ་ནང་ ཁ་སྟོར་ཏེ་ཡོད་མི་ སློབ་གྲྭ་༤༢ ནང་ ལས་འགུལ་ལག་ལེན་གྱི་དོན་ལུ་ འོས་འབབ་ལྟ་ཞིབ་ཅིག་ འབད་བའི་བསྒང་ཡོད་ཟེར་ཨིནམ་ད་ ཨིན་རུང་ མཐའན་མཇུག་ལུ་ འོས་འབབ་ལྡན་པའི་སློབ་གྲྭ་༢༠ མ་གཏོགས་ གདམ་ཁ་མི་རྐྱབ་ཟེར་ཨིན་པས།
སྤྱི་ཟླ་༦ པའི་ཚེས་༡༠ ལུ་ བཅོ་ལྔ་གི་ སྡེ་ཚན་དེ་གིས་ མོང་སྒར་རྒྱལ་པོའི་ཞིང་སློབ་གྲྭ་ནང་ལས་སྦེ་ འོས་འབབ་ལྟ་ཞིབ་འབད་ནི་ འགོ་བཙུགས་ཡོདཔ་ད་ གཞན་མི་སྡེ་ཚན་ཅིག་གིས་ རྒྱལ་ཁབ་ཀྱི་ ནུབ་ཕྱོགས་རྫོང་ཁག་ཚུ་ནང་ ལྟ་ཞིབ་འབད་ནི་ འགོ་བཙུགས་ཡོདཔ་ཨིན་པས།
ལྟ་ཞིབ་ཀྱི་ལཱ་ཚུ་ མཇུག་བསྡུ་བའི་ཤུལ་ལུ་ ངོས་འཛིན་འབད་མི་ གནམ་གཤིས་གནས་སྟངས་ཀྱི་ ས་ཁོངས་སློབ་གྲྭ་ཚུ་ནང་ དྲོད་ཤུགས་དང་ ལོ་བསྟར་ཆར་ཆུའི་ ཚད་གཞི་ཚུ་ ཐོ་བཀོད་འབད་ནིའི་དོན་ལུ་ གློག་རིག་ཀམ་པུས་ཊར་དང་ ཇི་པི་ཨེསི་འཕྲུལ་ཆས་ཚུ་ གཞི་བཙུགས་འབད་ནི་ཨིན་པས།
བཅོ་ལྔ་གིས་ བཤད་མིའི་ནང་ དེ་བཟུམ་མའི་ ལས་འགུལ་དེ་ གནམ་གཤིས་བརྟག་དཔྱད་འབད་ནི་ རྐྱངམ་གཅིག་མེན་པར་ མི་སྡེ་དང་འབྲེལ་བ་ཅན་གྱི་ གནམ་གཤིས་བརྟག་དཔྱད་འབད་སའི་ ས་ཁོངས་བཟོ་ནི་དང་ དེ་ནང་ སློབ་དཔོན་དང་ སློབ་ཕྲུག་ཚུ་གིས་ འབྲེལ་གཏོགས་འབད་ནི་ ཨིནམ་བཞིན་དུ་ དེ་ཚུ་ལུ་ འཕྲུལ་ཆས་ཚུ་ ལག་ལེན་འཐབ་ནིའི་ནང་ སྦྱོང་བརྡར་ཚུ་ཡང་ བྱིན་ནི་ཨིན་ཟེར་ཨིན་པས།
གནམ་གཤིས་ལྟ་རྟོག་ས་ཁོངས་ཚུ་ནང་ མཚན་རིག་གི་འཕྲུལ་ཆས་ཚུ་ཡང་ ལེ་ཤ་ཅིག་ར་ གཞི་བཙུགས་འབད་ནི་ཨིནམ་བཞིན་དུ་ སློབ་དཔོན་གྱི་ངོ་ཚབ་ཚུ་ བསྐོ་བཞག་འབད་ནི་ཨིནམ་ལས་ གནམ་གཤིས་སྔོན་བཤད་འབད་ནིའི་དོན་ལུ་ བརྡ་དོན་སྤྲོད་ཐོག་ལས་ གནམ་གཤིས་གནས་སྟངས་ཀྱི་སྐོར་ལས་ ལྷབ་སྦྱང་འབད་ཚུགས་ཟེར་ཨིན་པས།
བཅོ་ལྔ་གིས་ སླབ་མིའི་ནང་ ད་ལྟོ་ཚུན་ སློབ་དཔོན་དང་ སློབ་ཕྲུག་ལེ་ཤ་ཅིག་གིས་ གནམ་གཤིས་གནས་སྟངས་ ལྟ་ཞིབ་འབད་ནིའི་ནང་ འབྲེལ་གཏོགས་འབད་ནི་ལུ་ སྤྲོ་བ་ཡོད་ཟེར་སླབ་སྟེ་ ངོས་ལེན་ལེགས་ཤོམ་བྱུང་སྟེ་ཡོད་ཟེར་ཨིན་པས།
སྤེལ་ཁང་གི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ མ་གཞི་ སློབ་གྲྭ་ལ་ལུ་ཅིག་ འགྲུལ་འཁོར་ལམ་མེད་སར་ ཡོདཔ་ཨིན་རུང་ ཞིབ་འཚོལ་དེ་ནང་ ས་ཆའི་ཆགས་ཚུལ་གྱི་ ཁག་ཆེ་ཧིང་ལུ་ལྟ་སྟེ་ འབྲེལ་གཏོགས་འབད་བཅུག་ནི་ཨིན་ཟེར་ཨིན་པས།
ལོ་བསྟར་ཐོ་བཀོད་འབད་མི་ གནམ་གཤིས་ཀྱི་དཔེ་ཚད་ཚུ་ བསྡུ་སྒྲིག་འབད་ཐོག་ལས་ སྤེལ་ཁང་ལུ་སྤྲོད་དགོཔ་ད་ དེ་དང་འཁྲིལ་ སྤེལ་ཁང་གིས་ ཞིབ་འཚོལ་འབད་དེ་ སྙན་ཞུ་བཟོ་ནི་ཨིན་པས།
ལས་འགུལ་དེ་གི་དོན་ལུ་ འབྲུག་གཞི་ཚོགས་ཀྱིས་ ཀ་རུ་ན་གཞི་ཚོགས་ལས་ མ་དངུལ་གྱི་རྒྱབ་སྐྱོར་ ལེན་ཡོདཔ་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment