གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱལ་འཛིན་ཐགས་རིགས་སློབ་སྡེ་ སྒོ་འབྱེད་འབད་ཡོདཔ།

༧/༦/༢༠༡༣   ༉ སྤྱི་ཟླ་༦ པའི་ཚེས་༥ ལུ་ རྒྱལ་འཛིན་ཐགས་རིགས་སློབ་སྡེ་ སྒོ་འབྱེད་འབད་ཡོད་མི་གིས་ སྤྱི་ལོ་༢༠༡༢ ལོ་ནང་ རྒྱལ་ཁབ་ནང་ རྒྱལ་རབས་ཅན་གྱི་ དུས་སྟོན་ཚུ་གི་གྲས་ལས་ མི་དབང་འབྲུག་རྒྱལ་ལྔ་པ་ འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་གིས་ རྒྱལ་བཙུན་ཁབ་ཏུ་བཞེས་པའི་རྟེན་འབྲེལ་སྐབས་ བཞེས་མིའི་ན་བཟའ་དང་ ཞབས་ལྷམ་ཚུ་ མི་མང་གིས་ དངོས་སུ་སྦེ་ མཇལ་ཚུགས་ནི་ཨིན་པས།
མི་དབང་རྒྱལ་བཙུན་ ཨ་ཞེ་རྗེ་བཙུན་པདྨ་དབང་ཕྱུག་མཆོག་གིས་བཞེས་མི་ ཞབས་ལྷམ།


སློབ་སྡེའི་ནང་ རྒྱལ་བཙུན་ཨ་ཞེ་ རྗེ་བཙུན་པདྨ་དབང་ཕྱུག་མཆོག་གིས་ རྟེན་འབྲེལ་སྐབས་བཞེས་གནང་མིའི་ ཞབས་ལྷམ་མེ་ཏོག་ཅནམ་དང་ མི་དབང་མཆོག་གིས་ རྒྱལཔོ་རིམ་བྱོན་གྱིས་ བཞེས་མིའི་ན་བཟའ་ཚུ་ སློབ་སྡེའི་ནང་ མཇལ་ཚུགསཔ་ཨིན་པས།
དེ་མ་ཚད་ སློབ་སྡེ་ནང་ མང་ཤོས་ར་ སྐུ་འཁོར་ཚུ་གིས་ གསོག་འཇོག་གནང་ཡོད་མི་ཚུ་ཡོད་པའི་ཁར་ དེ་ཚུ་གི་གྲས་ལས་ ཅིག་དེ་ མི་དབང་འབྲུག་རྒྱལ་དང་པ་ གོང་ས་ཨོ་རྒྱན་དབང་ཕྱུག་མཆོག་གི་ན་བཟའ་ གོས་ཆེན་ཧོནམ་གུ་ གསེར་སྐུད་ཀྱིས་མེ་ཏོག་འཐུ་ཡོད་མི་ ལག་ཚེམ་རྐྱབ་ཡོད་པའི་གུ་ ནང་ཤབས་ཡང་ ཌེ་ནིམ་ཧོནམ་དང་ འཇའ་ བལ་གྱིས་ བཙེམ་ཡོད་མི་ཚུ་ ཡོདཔ་ཨིན་པས།
འབྲུག་རྒྱལ་དང་པའི་ཡབ་ གོང་ས་འཇིགས་མེད་རྣམ་རྒྱལ་གྱི་ དབུ་ཞྭ་ཡང་ཡོད་པའི་ཁར་ དུས་རབས་༡༨ ཀྱི་སྔ་ཆ་ལུ་ ལག་ལེན་འཐབ་མི་ དབུ་ཞྭ་བྱ་རོག་གདོང་ཅན་གྱི་ དབུ་ཞྭ་ཐོག་མ་དེ་ཡང་ སློབ་སྡེ་དེ་ནང་ གསལ་སྟོན་འབད་ཡོད་རུང་ ཞྭམོ་དེ་ རྒྱལ་བརྒྱུད་ཀྱི་དབུ་ཞྭ་མེན་པར་ དམག་གི་སྐབས་ལུ་ མཐུ་དང་ནུས་སྟོབས་ཀྱི་ དཔུང་རོགས་མཛད་མི་ ཁྱད་པར་ཅན་གྱི་ལྕགས་མོག་བཟུམ་སྦེ་ བརྩི་མཐོང་འབདཝ་ཨིན་པས།
ཞྭམོ་དེ་ཡང་ བླམ་བྱང་ཆུབ་བརྩོན་འགྲུས་ཀྱིས་ འཇིགས་མེད་རྣམ་རྒྱལ་ལུ་ ངོ་རྟགས་ཁྱད་པར་ཅན་དང་ མ་འོངས་ཁོ་རའི་བུ་བརྒྱུད་ཚུ་ལུ་ ཤུལ་ནོར་བཟུམ་ཅིག་སྦེ་ བཟོ་བཀོད་འབད་དེ་ རྟེན་འབྲེལ་མཛད་མཛདཔ་ཅིག་ཨིན་པས།
དུས་རབས་༡༩ འི་ནང་གི་ མཐིང་ཁབ་དང་ བར་མཚམས་ ལྷུན་རྩེ་ལས་འབག་འོང་མི་ ཕྱེ་ཕུར་རྒྱལ་མཚན་དང་ མི་དབང་རྒྱལ་སྲས་དང་ སྲསམོ་ཚུ་གི་ ན་བཟའ་ཚུ་ཡང་ མི་མང་གི་དོན་ལུ་ གསལ་སྟོན་འབད་དེ་ཡོདཔ་ཨིན་པས།
སློབ་སྡེ་དེ་ ཕེ་རིང་སྡེ་ཚན་གྱི་ ཌོག་ཊར་ ཕེ་ཌི་རིག་ པའུ་སཱན་གྱིས་ རྒྱལ་ཁབ་ཀྱི་རང་ལུགས་ཀྱི་ སྒྱུ་རྩལ་དང་ རིག་རྩལ་བཟང་པོ་ཡོད་མི་ལུ་ལྟ་སྟེ་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ བཟོ་སྐྲུན་འབད་ཡོདཔ་མ་ཚད་ ཌོག་ཊར་གྱིས་ ཕྱི་རྒྱལ་ལས་ཕར་ཡོད་མི་ འབྲུག་པའི་སྒྱུ་རྩལ་ཚུ་ཡང་ བསྡུ་བསྒྱོམ་འབད་དེ་ ལོག་རྒྱལ་ཁབ་ནང་ འབག་འོང་སྟེ་ སློབ་སྡེའི་ནང་ ཕུལ་ཡོདཔ་ཨིན་པས།
སློབ་སྡེ་ནང་ སྒྱུ་རྩལ་གྱི་རིགས་རྐྱངམ་གཅིག་ འགྲེམས་སྟོན་འབདཝ་མེན་པར་ ཐགས་སྦྱོང་འབད་མི་ཚུ་ཡང་ ཡོད་པའི་ཁར་ ཐགས་རིགས་ནང་ ལྷབ་སྦྱང་འབད་ནི་གི་ དང་འདོད་ཡོད་མི་ཚུ་ལུ་ ཚོས་གཞི་བཟོ་ཐངས་དང་ ཐགས་འཐག་ནི་གི་ གོ་སྐབས་ཚུ་ཡང་ བྱིན་ནི་ཨིན་པས།
ད་ལྟོ་ སློབ་སྡེའི་ནང་ ཤོ་ཐེངས་༣ པའི་ཨམ་སྲུ་ཚུ་གིས་ སློབ་སྦྱོང་འབད་དོ་ཡོདཔ་ད་ ཁོང་ཚུ་ལུ་ ཟླ་རིམ་གྱི་འཐུས་ཚུ་ཡང་ སློབ་སྡེ་གིས་ བྱིན་པའི་ཁར་ ཐགས་ལེགས་ཤོམ་སྦེ་ འཐག་ཤེས་མི་ཚུ་ལུ་ སློབ་སྟོན་པ་བཟུམ་སྦེ་ གསརཔ་འོང་མི་ཚུ་ལུ་ སྟོན་བྱིན་ནི་གི་ གོ་སྐབས་ཚུ་ཡང་ བྱིན་དོ་ཟེར་ སློབ་སྡེ་གི་ འགོ་དཔོན་ཅིག་གིས་ བཤད་ཅི།
སློབ་སྡེའི་བཀོད་ཁྱབ་འགོ་དཔོན་ རིག་འཛིན་ ཨོ་རྡོ་རྗེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ འབྲུག་པའི་སྒྱུ་རྩལ་གོང་འཕེལ་བཏང་པའི་ཁར་ ཐགས་རིགས་ནང་ སྤྲོ་བ་ཡོད་མི་ཚུ་ལུ་ ཐགས་འཐག་ནི་དང་ དེང་སང་གི་ དཔེ་བཀོད་ཚུ་བཟོ་ནིའི་ནང་ སྦྱང་བ་ཚུ་འབད་བཅུག་ནི་ཟེར་ཨིན་པས།
སློབ་སྡེའི་བཟོ་སྐྲུན་དེ་ཡང་ དབྱེ་ཁག་བཞི་སྦེ་ བཟོ་བཀོད་འབད་དོ་ཡོདཔ་ད་ དབྱེ་ཁག་གཉིས་པའི་དོན་ལུ་ རྒྱ་གར་གཞུང་དང་ གཞན་གྲོགས་རམ་འབད་མི་ཚུ་གིས་ ཡུ་ཨེས་ཌོ་ལར་ས་ཡ་༣ དེ་ཅིག་བྱིན་མི་གིས་སྦེ་ རྐྱབ་ཡོདཔ་ཨིན་པས།
ཌོག་ཊར་ ཕེ་ཌི་རིགས་ པའུ་སཱན་གྱིས་ ཡུ་ཨེས་ཌོ་ལར་ས་ཡ་༣ གྲོགས་རམ་འབད་མི་དེ་གིས་ འཕྲལ་མགྱོགས་ར་ བདག་སྐྱོང་སྡེ་ཚན་གྱི་དོན་ལུ་ བཟོ་སྐྲུན་འབད་ནི་ཨིནམ་ད་ དབྱེ་རིམ་བཞི་པའི་ནང་ མི་སྟོང་ཕྲག་ལྷགཔ་ཅིག་ཤོང་ཚུགས་པའི་ སྤྱི་དོན་ཁང་ཅིག་ བཟོ་སྐྲུན་འབད་ནི་ཨིན་པས།
སློབ་སྡེ་དེ་ གཞུང་ས་ཨེ་ཀར་༤.༧༥ ནང་ གླ་ཁར་ལེན་ཐོག་ལས་རྐྱབ་ཡོདཔ་ད་ འབྲུག་མི་ཚུ་གིས་ དེ་ནང་འགྱོ་བ་ཅིན་ འཛུལ་འཐུས་དངུལ་ཀྲམ་༡༠ དང་ སཱག་ལུང་ཕྱོགས་རྒྱལ་ཁབ་ཚུ་ལས་འོང་མི་ཚུ་གིས་ དངུལ་ཀྲམ་༢༥ དང་ ལྟ་བཤལཔ་ཚུ་ལུ་ དངུལ་ཀྲམ་༡༥༠ རེ་ སྤྲོད་དགོ་ནི་ཨིན་པས།
སློབ་སྡེ་དེ་ སྤྱི་ལོ་༢༠༠༥ ལུ་ ཁེ་མིན་ལས་ཚོགས་སྦེ་ འགོ་བཙུགས་ཡོདཔ་ད་ ཁ་ཙ་ སློབ་སྡེའི་ནང་ འབྲུག་པའི་སྒྱུ་རྩལ་གྱི་ འགྲེམས་སྟོན་འབད་ཡོད་པའི་གནས་ཚུལ།

བཀྲ་ཤིས་བསྟན་འཛིན།

No comments:

Post a Comment