གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་མང་གི་བསམ་འཆར།

༧/༦/༢༠༡༣   མི་ཁུངས་འདི་ རྒྱལ་ཁབ་རང་བཙན་གྱི་ སྲོག་ཤིང་ངོ་མ་ཅིག་ཨིནམ།
༉ ང་བཅས་རའི་ དཔལ་ལྡན་འབྲུག་པའི་རྒྱལ་ཁབ་ནང་ ནེམ་ཅིག་དགའ་ཏོག་ཏོ་དང་ སྐྱིད་ཏོང་ཏོ་སྦེ་ སྡོད་ནི་ཡོད་མི་དང་ མ་འོངས་པ་ལུ་ཡང་ དགའ་སྐྱིད་ཀྱི་ངང་ལུ་ སྡོད་དགོ་པ་ཅིན་ འདི་གི་སྲོག་ཤིང་བཟུམ་ཅིག་ རྒྱལ་ཁབ་ཀྱི་ མི་ཁུངས་འདི་ཨིནམ་ལས་ མི་ཁུངས་བདག་འཛིན་འབད་དགོཔ་འདི་ འབྲུག་མི་ཡོངས་ལུ་ཕོག་པའི་ འགན་ཁུར་ཅིག་ཨིན་ཟེར་ཞུ་ནི།


དེ་བཟུམ་སྦེ་ ང་བཅས་རའི་རྒྱལ་ཁབ་ རང་དབང་རང་བཙན་སྦེ་ བཞག་ནིའི་དོན་ལུ་ སྲོག་ཤིང་གཉིས་པ་བཟུམ་ཅིག་འདི་ ཁྲིམས་ལུགས་ཀུན་གྱི་གཞི་མ་ རྩ་ཁྲིམས་ཆེན་མོ་འདི་ མེན་ན་ཟེར་ཞུ་ནི། འདི་འབདཝ་ལས་ སྲིད་ཚོགས་ཀྱིས་གཙོས་པའི་ འབྲུག་མི་ག་ར་གིས་ གཞུང་སྒེར་གྱི་ ཕྱག་ལཱ་ག་ཅི་ར་གནང་རུང་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་ལས་ འགལ་བ་རྩ་ལས་མེདཔ་སྦེ་ གནང་པ་ཅིན་ ལྷག་པར་དུ་ རྒྱལ་ཁབ་རང་བཙན་ལུ་ ཕན་ཐོགས་ངེས་པའི་མཐོང་གསལ་ བྱུང་ལུགས་ཀྱི་ དྲན་གསལ་ཞུཝ་ཨིན།
གསུམ་པ་ལུ་ རྒྱལ་ཁབ་འདི་ རང་བཙན་དང་ སྒྲིང་སྒྲིང་སྦེ་ བཞག་དགོ་པ་ཅིན་ ལྷན་ཁག་དང་ལས་ཁུངས་ ལས་སྡེ་ཁག་སོ་སོའི་ ཁ་ཐུག་ལས་ གོང་འཕེལ་གྱི་ ཕྱག་ལཱ་ཚུ་ གནང་པའི་སྐབས་ འདི་གི་རྟིང་ཤུལ་བདའ་སྟེ་ ལཱ་ཚུ་ལམ་ལུགས་དང་ ཁྲིམས་ལུགས་དང་འཁྲིལ་ ངན་ལྷད་དང་བསྲེས་ལྷད་མེདཔ་སྦེ་ འགོ་འདྲེན་འཐབ་སྟེ་ཡོད་མེད་ ཧ་གོ་ནིའི་དོན་ལུ་ གཞུང་གི་ཁ་ཐུག་ལས་ གསང་བའི་ལྟ་རྟོག་པ་རེ་ བཙུགས་གནང་པ་ཅིན་ མི་སེར་ཚུ་གི་ བྱ་སྟབས་མ་བདེ་བའི་ སྐྱིད་སྡུག་ཚུ་དང་ དཀའ་ངལ་ཚུ་ གཞུང་ཞབས་ཀྱིས་ མཁྱེན་ཚུགས་པའི་ ཕན་ཁྱད་སྦོམ་འོང་ནི་མས་ཟེར་ཞུ་ནི།
དེ་གིས་མ་ཚད་ གཞུང་སྐྱོང་དང་ ལྡོག་ཕྱོགས་ག་ཨིན་རུང་ བཙགས་འཐུ་གྲུབ་སྟེ་ གོང་འཕེལ་གྱི་ཕྱག་ལཱ་ཚུ་ གནང་བའི་སྐབས་ དམིགས་བསལ་དུ་ ས་གནས་གཞུང་གི་ འགོ་འཁྲིདཔ་ཚུ་དང་ཕྱད་དེ་ གྲོས་བསྟུན་ཐོག་ གོང་འཕེལ་གྱི་ ཕྱག་ལཱ་ཚུ་གནང་པ་ཅིན་ གཞན་དང་མ་འདྲ་བའི་ ཕན་ཐོགས་འོང་ནི་མས་ཟེར་ཞུ་ནི།
འདི་གི་འཕྲོ་མཐུད་ལུ་ མཁྱེན་པའི་བདག་པོ་ཚུ་ལུ་ ཐུགས་ཀྱི་དྲན་གསོ་བཟུམ་ཅིག་སྦེ་ ཞུ་བ་ཅིན་ རང་སོའི་རྒྱལ་ཁབ་ཀྱི་ སྲིད་བྱུས་དང་ ཁྲིམས་དང་མ་འཁྲིལ་བར་ རྒྱལ་ཁབ་སྤངས་ཏེ་འོང་མི་ ཕྱི་མི་ཚུ་ལུ་ འབྲུག་གི་མི་ཁུངས་གནང་ཡང་ མི་གནང་འོང་ གནང་ནི་ལུ་ འོས་འབབ་ཅིག་ རྩ་ལས་ར་ མི་མཐོངམ་མས་ཟེར་ ཞུ་ནི་དང་ མི་ཁུངས་མེད་མི་ལུ་ མི་ཁུངས་དང་ དབང་ཚད་མེད་མི་ལུ་ དབང་ཚད་གནང་ནི་འདི་ རང་གིས་སྦེ་ རང་གི་ རྒྱལ་ཁབ་ནང་ དགྲ་བྱང་ཕྱད་འབོ་དོ་བཟུམ་ལུ་ འགྱུར་ནི་མས་ཟེར་ བལྟ་རྒྱ་མཐོང་རྒྱ་ཆུང་ཞིང་ བློ་རྒྱ་ཆུང་བ་རང་གི་ བསམ་འཆར་ལུ་ འོས་འབབ་མེད་པའི་ སྐྱོན་གཟིགས་མི་ཚུ་གིས་ བཟོད་གསོལ་བཞེས་གནང་ཟེར་ ཞུ་ནི་ཨིན།
ཀརྨ་རྒྱལ་མཚན།
 
སྤྱི་འོག་ཚོགས་པ། ལྷོང་མཚོ། ཐིམ་ཕུ།

No comments:

Post a Comment