གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལྕགས་ཐག་སོག་ལེ་ལག་ལེན་ཐོག་ འབབ་ཁུངས་བཟོ་དོ་ཡོདཔ།

༧/༦/༢༠༡༣   ༉ ལོ་ངོ་དག་པ་ཅིག་ཧེ་མར་ འབྲུག་ཤར་ཕྱོགས་ཀྱི་ གྲོང་གཡུས་མི་སེར་ཚུ་གིས་ ནགས་ཤིང་བརྡབ་ནི་དང་ བཏོག་ནིའི་དོན་ལུ་ སྟ་རེ་ལག་ལེན་འཐབ་ཨིན་རུང་ ད་རེས་ནངས་པ་ ལྕགས་ཐག་སོག་ལེ་ཚུ་ པ་ཝར་ཅེན་ལག་ལེན་འཐབ་དོ་ཡོདཔ་ཨིན་པས།
དཀར་མདོག་གིས་ མོ་རོང་ལུ་ ལྕགས་ཐག་སོག་ལེ་གིས་སྦེ་ ཨེན་ཏ་དྲ་བའི་བསྒང་།


སྟ་རེ་གི་ཚབ་ལུ་ པེ་ཊཱོལ་མར་ཁུའི་ཐོག་ ལག་ལེན་འཐབ་མི་ ལྕགས་ཐག་སོག་ལེ་ཚུ་ མཐའ་ཟུར་གྱི་ གྲོང་གསེབ་མི་སེར་ཚུ་གི་དོན་ལུ་ འབབ་ཁུངས་བཟོ་མི་ ལག་ཆ་ཡོངས་གྲགས་ཅན་ཅིག་ལུ་ གྱུར་ཡོདཔ་ད་ གྲོང་མི་ཚུ་གིས་ པ་ཝར་ཅེན་ འབག་ཐོག་ལས་ རྫོང་ཁག་གཞན་ཚུ་ནང་ ནགས་ཤིང་བརྡབ་ནི་དང་ ཡང་ཅིན་ ཤིང་དུམ་བཏོག་ནི་ པང་ལེབ་དང་ ཨེན་ཏ་དྲ་ནི་ལ་སོགས་པའི་ ཁག་འབག་གི་ ལཱ་འཚོལ་བར་ འགྱོ་དོ་ཡོདཔ་ཨིན་པས།
ཤར་ཕྱོགས་རྫོང་ཁག་ མང་ཤོས་ཅིག་ནང་ ལཱ་འབད་མི་ སྐྱེས་ལོ་༢༡ ལང་མི་ བཀྲིས་དོན་གྲུབ་དང་ ཁོ་གི་ཆ་རོགས་༢ བསམ་གྲུབ་ལྗོངས་མཁར་གྱི་ས་གནས་ མོ་རོང་ལུ་འོང་སྟེ་ ཟླཝ་༢ སོང་ཡོདཔ་ད་ མོ་རོང་དེ་ བསམ་གྲུབ་ལྗོངས་མཁར་ལས་ བཀྲིས་སྒང་ཁ་ཐུག་ལུ་ སྣུམ་འཁོར་ནང་འོངམ་ད་ དུས་ཡུན་སྐར་མ་༤༥ དེ་ཅིག་ འགོརཝ་ཨིན་པས།
བསམ་གྲུབ་ལྗོངས་མཁར་ལུ་ ཁོང་ཆ་རོགས་གསུམ་གྱིས་ ཨོ་རོང་དང་ མོ་རོང་ཚོད་བསྲེ་ཚོགས་པའི་ཁྲི་འཛིན་གྱི་ ཤིང་དུམ་བཏོག་ནི་གི་ ཁག་འབག་ལེན་ཡོདཔ་ད་ བཀྲིས་དོན་གྲུབ་ལུ་ ཁྲི་འཛིན་གྱིས་ ཤིང་བཏོག་ནི་གི་ ལཱ་ཡོད་པའི་སྐོར་ བརྒྱུད་འཕྲིན་ཐོག་ལུ་ སླབ་ཡོདཔ་ཨིན་པས།
བཀྲིས་དོན་གྲུབ་ཀྱིས་ སློབ་རིམ་༡༢ པ་མཇུག་བསྡུ་བའི་ཤུལ་ལུ་ ཁོ་རའི་ཕམ་རྒས་མི་གཉིས་ བལྟ་ནིའི་དོན་ལས་ ཁྱིམ་ནང་སྡོད་ཡོདཔ་ད་ ང་ལུ་ དཔེ་ཆ་འཕྲོ་མཐུད་ལྷབ་ནི་གི་ སྤྲོ་བ་མེད་པའི་ཁར་ ཁྱིམ་ནང་དེ་སྦེ་ར་ སྡོད་ནི་དེ་ཡང་ མི་འཚམས་པས་མནོ་སྟེ་ འཐུས་མི་༦ འབད་མི་ བཟའ་ཚང་གསོ་སྐྱོང་འབད་ནིའི་དོན་ལུ་ ལཱ་འབད་ནི་ འགོ་བཙུགས་ཅི་ཟེར་ ཁོ་གིས་ སླབ་ཨིན་པས།
ཁོ་གིས་ དྲན་ཚོར་འབད་མིའི་ནང་ སྤྱི་ལོ་༢༠༡༡ ལུ་ ཁོ་རའི་ གཡུས་ཚན་གྱི་ ཆ་རོགས་ཚུ་ ལྕགས་ཐག་སོག་ལེ་ཉོ་ཐོག་ལས་ ཚོང་འབྲེལ་འཐབ་སར་ མཐོང་གསལ་བྱུང་ཡོདཔ་ལས་ ཁོ་གིས་ཡང་ ཁོ་རའི་ ཉེ་ཚན་ཚུ་ལས་ ཏི་རུ་བསྐྱི་སྟེ་ པ་ཝར་ཅེན་ཅིག་  རིན་གོང་དངུལ་ཀྲམ་༣༢,༠༠༠ སྤྲོད་དེ་ ཉོ་ཡི་ཟེར་ཨིན་པས།
བཀྲིས་དོན་གྲུབ་ཀྱིས་ ལག་ཆ་དེ་གི་ཐོག་ལས་ འབབ་ཁུངས་འཇམ་ཏོང་ཏོ་སྦེ་ བཟོ་ཚུགས་པས་ཟེར་ བཤད་པའི་ཁར་ ལྕགས་ཐག་སོག་ལེ་དེ་གིས་ ཏི་རུ་མགྱོགས་དྲགས་སྦེ་ བཟོ་ཚུགསཔ་མ་ཚད་ ས་ཞིང་ནང་ ལཱ་འབད་ནི་བ་ ཤིང་བཏོག་ནི་དེ་ ལེ་ཤ་གིས་ དྲག་པས་ཟེར་ སླབ་ཨིན་པས།
པ་ཝར་ཅེན་ལག་ལེན་པ་རེ་གིས་ ཤིང་བཏོགཔ་ད་ ཉིནམ་རེ་ལུ་ དངུལ་ཀྲམ་༦,༠༠༠ དེ་རེ་ ཐོབ་ཨིན་ཟེར་ དཀར་མདོག་གིས་ བཤད་པའི་ཁར་ ཁོང་ལུ་ ཤིང་བཏོག་ནི་དང་ དྲ་ནི་གི་ ལཱ་མངམ་འཐོབ་པ་ཅིན་ ཟླཝ་རེ་ལུ་ འོང་འབབ་དངུལ་ཀྲམ་༥༠,༠༠༠ དང་༦༠,༠༠༠ གི་བར་ན་ བཟོ་ཚུགས་པས་ཟེར་ སླབ་ཨིན་པས།
འདི་འབདཝ་ད་ ང་བཅས་ཀྱི་ལཱ་འདི་ ས་གོ་ཅིག་ནང་མེན་པར་ སྤོའི་ར་འགྱོ་སྟེ་ འབད་དགོཔ་ལས་ ཁྱིམ་ནང་ཟླཝ་ལས་བཅད་དེ་ སྡོད་ནི་མི་ཐོབ་པས་ཟེར་ ཆ་རོགས་གསུམ་པ་ སྐྱེས་ལོ་༢༧ ལང་མི་ བསྟན་འཛིན་རྡོ་རྗེ་གིས་ སླབ་ཨིན་པས།
བཀྲིས་ཀྱི་ཆ་རོགས་ཚུ་ མོང་སྒར་ལས་ཨིནམ་ད་ ཁོང་ཆ་ཁྱབ་ ལཱ་སར་འོང་སྟེ་ ཟླཝ་༣ ལང་ཡོདཔ་བཞིན་དུ་ ཁོང་གིས་འབད་བ་ཅིན་ ཁོང་གི་གཡུས་ཚན་ནང་ ཁྱིམ་གུང་༡༠ ཡོད་མིའི་ནང་ ཉུང་ཤོས་ར་ ལྕགས་ཐག་སོག་ལེ་རེ་ཡོད་ཟེར་ཨིན་པས།
ད་རེས་ནངས་པ་ གཡུས་ཁའི་ན་གཞོན་ལེ་ཤ་ཅིག་གིས་ར་ པ་ཝར་ཅེན་ཉོ་དོ་ཡོདཔ་ད་ སོག་ལེ་རེ་ལུ་ དངུལ་ཀྲམ་༤༢,༠༠༠ རེ་ གནསཔ་ཨིན་པས།
ཨིན་རུང་ ལྕགས་ཐག་སོག་ལེ་ ལག་ལེན་འཐབ་མི་ཚུ་གིས་ དེ་ལུ་བརྟེན་པའི་ མཐའ་འཁོར་གནས་སྟངས་ལུ་ གནོད་ཉེན་ཡོད་པའི་སྐོར་ མི་ཤེས་དོ་ཡོདཔ་ད་ ཏི་རུའི་དོན་ལུ་ ཤིང་བཏོག་ནི་གི་ ལཱ་དེ་ལུ་ར་ གཙོ་བོར་བཏོནམ་ཨིན་ཟེར་ ཁོང་གིས་ སླབ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment