གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཞལམ་སྒང་ལུ་ སྐྱ་བཏོག་ཁང་མེད་པའི་དཀའ་ངལ།

༧/༦/༢༠༡༣   ༉ གཞལམ་སྒང་ལུ་ འདས་པའི་ལོ་༡ དེ་ཅིག་གི་རིང་ ལས་འཛིན་ཅིག་ནང་ལཱ་འབད་སྡོད་མི་ པདྨ་གིས་སླབ་མིའི་ནང་ ཁོ་ར་ གཞལམ་སྒང་ལུ་ལྷོད་དེ་ ཟླཝ་དག་པ་ཅིག་ལང་པའི་སྐབས་ སྐྱ་རིངམོ་ཐལ་ཡོད་རུང་ སྐྱ་བཏོག་ཁང་མེད་པའི་ དཀའ་ངལ་ཐོན་ཡི་ཟེར་ཨིན་པས།
གཅིག་གིས་གཅིག་གི་ སྐྱ་བཏོག་པའི་བསྒང་།


དེ་བསྒང་ ཁོ་ར་ གཞལམ་སྒང་ལུ་ གསརཔ་ཅིག་འབད་ནི་དེ་གིས་ སྐྱ་བཏོག་ཤེས་མི་ཚུ་ ངོ་མ་ཤེསཔ་ལས་ ཚར་ཅིག་འབདཝ་ད་ དགེ་ལེགས་ཕུག་ལུ་སོང་སྟེ་ སྐྱ་ར་ཏོག་ལས་ར་ བཏོགས་བཏང་ཡི་ཟེར་ཨིན་པས།
དེ་དང་འཁྲིལ་ མི་མང་ཤོས་ཅིག་གིས་ར་ སྐྱ་བཏོག་ཤེས་མི་ ངོ་ཤེསཔ་ཚུ་འབད་སར་སོང་སྟེ་ སྐྱ་བཏོགས་དོ་ཡོདཔ་ཨིན་རུང་ སྐྱ་བཏོག་ཐངས་དང་ བཟོ་རྣམ་ཚུ་ ལེགས་ཤོམ་སྦེ་དགོ་མི་ཚུ་གིས་ དགེ་ལེགས་ཕུག་ལུ་ འགྲོ་འགྲུལ་འབད་བའི་ཞོར་ཁར་ བཏོགས་དོ་ཡོདཔ་ཨིན་པས།
གཞལམ་སྒང་ཁྲོམ་ཁར་ ཚོང་རྐྱབ་སྡོད་མི་ ཚེ་རིང་གིས་འབད་བ་ཅིན་ ཁོ་གིས་ རེས་གཟའ་ཉི་མ་དང་ ཟླ་བའི་སྐབས་ལུ་ གཞལམ་སྒང་འབྲིང་རིམ་སློབ་གྲྭ་གོང་མ་ནང་སོང་སྟེ་ སློབ་ཕྲུག་ཚུ་ལུ་ སྐྱ་བཏོག་བཅུགཔ་ཨིན་ཟེར་ཨིན་པས།
ཚེ་རིང་བཟུམ་སྦེ་ རྫོང་ཁག་ནང་ལཱ་འབད་སྡོད་མི་ མང་ཤོས་ཅིག་གིས་ར་ སློབ་གྲྭ་ནང་ ཨ་ལུ་ཚུ་ ངལ་གསོ་འབད་སྡོདཔ་ད་ སྐྱ་བཏོག་པར་ འགྱོ་དོ་ཡོདཔ་ཨིན་པས།
གཞལམ་སྒང་རྫོང་ཁག་ནང་ ལཱ་འབད་མི་ཅིག་གིས་འབད་བ་ཅིན་ ཁོ་ར་འཕྲལ་འཕྲལ་སྦེ་ར་ དགེ་ལེགས་ཕུག་དང་ ཀྲོང་གསར་རྫོང་ཁག་ཚུ་ནང་ འགྲོ་འགྲུལ་འབད་དགོཔ་ཐོན་དོ་ཡོདཔ་ལས་ དེ་བསྒང་ སྐྱ་བཏོགས་ཏེ་ འོངམ་ཨིན་ཟེར་ཨིན་པས།
དེ་མེན་རུང་ སྐྱ་བཏོགས་ཤེས་མི་ར་ཡོད་པ་ཅིན་ སྐྱ་ག་དེ་སྦེ་ར་བཏོགས་རུང་ ལྟ་ནི་མེད་ཟེར་ཨིན་པས།
མི་ཚུ་གིས་ སླབ་མིའི་ནང་ མ་གཞི་ ཁྲོམ་ཁར་བཟོ་བཟོ་ཁང་ཅིག་ ཡོདཔ་ཨིན་རུང་ དེ་གིས་ ཕོ་སྐྱེས་ཀྱི་སྐྱ་ཚུ་ ལེགས་ཤོམ་སྦེ་ བཏོགས་མི་ཤེས་པས་ཟེར་ཨིན་པས།
གཞལམ་སྒང་རྫོང་བདག་ ཀརྨ་འབྲུག་པ་གིས་འབད་བ་ཅིན་ འབྲུག་མི་ཚུ་གིས་ སྐྱ་བཏོགས་ནིའི་ལཱ་ལུ་ སྤྲོ་བ་མི་བསྐྱེད་དོ་ཡོདཔ་ད་ གལ་སྲིད་ དང་འདོད་སྐྱེད་མི་རེ་ཐོན་པ་ཅིན་ དེ་བཟུམ་མའི་ཞབས་ཏོག་ཚུ་ ཁྲོམ་ཁར་ངེས་པར་དུ་ དགོཔ་ཡོདཔ་ལས་ རྫོང་ཁག་གི་ཁག་ཐུག་ལས་ ཆ་རོགས་འབད་ནི་ཨིན་ཟེར་ཨིན་པས།
རྫོང་བདག་གིས་ བཤད་མིའི་ནང་ ག་དེམ་ཅིག་སྦེ་ སྐྱ་བཏོག་ཁང་གཞི་བཙུགས་འབད་བ་ཅིན་ སློབ་གྲྭ་ཚུ་གིས་རྩིས་པའི་ ཁྲོམ་ཁར་སྡོད་མི་ ལེ་ཤ་ཅིག་ཡོདཔ་ལས་ ཚོང་ལམ་ལེགས་ཤོམ་འགྱོ་འོང་ཟེར་ ཨིནམ་མ་ཚད་ ད་རེས་ཀྱི་ གནས་སྟངས་ནང་འབད་བ་ཅིན་ མི་ཚུ་ གཅིག་གིས་གཅིག་གི་ སྐྱ་བཏོགས་ཏེ་ར་ སྡོད་དོ་ཟེར་ཨིན་པས།
འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེའི་ ཁྲོམ་སྡེ་འཐུས་མི་ པདྨ་ཚེ་དབང་གིས་འབད་བ་ཅིན་ འདས་པའི་ལོ་ཚུ་ནང་ ལས་གཡོག་ལྷན་ཁག་གིས་ ན་གཞོན་ལེ་ཤ་ཅིག་ལུ་ར་ སྦྱོང་བརྡར་ཚུ་ བྱིན་ཏེ་ཡོདཔ་ཨིན་རུང་ ད་ལྟོ་ཚུན་ ག་གིས་ཡང་ སྐྱ་བཏོག་ཁང་ གཞི་བཙུགས་འབད་མི་མ་ཐོནམ་ད་ ད་རེས་ ཁམས་ འབྲུག་ཚོང་དང་བཟོ་གྲྭ་གིས་ཡང་ དང་འདོད་ཡོད་མི་ན་གཞོན་ཚུ་ལུ་ དེ་བཟུམ་མའི་ སྦྱོང་བརྡར་བྱིན་ནི་ཟེར་ སླབ་ཡོད་རུང་ སྤྲོ་བ་བསྐྱེད་མི་ ན་གཞོན་ག་ཡང་ མི་ཐོན་པས་ཟེར་ ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment