གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོའི་ཚབ་ཐོབ་ཡོདཔ།

༡༤/༦/༢༠༡༣   ༉ སྲིད་དོན་ཚོགས་པ་གཉིས་ཀྱི་ འདེམས་ངོ་གཉིས་ལུ་ སྤྱིར་བཏང་བཙག་འཐུ་ནང་ དོ་འགྲན་འབད་ནི་གི་དོན་ལུ་ འབྲེལ་ཡོད་ཡིག་ཆ་ཚུ་ཚངམ་སྦེ་ སྤྲོད་མ་ཚུགསཔ་ལས་ འདེམས་ངོ་རེ་ ཆ་གནས་གྲུབ་མ་ཚུགས་པར་ཡོད་མི་ལས་ མི་སེར་དམངས་གཙོ་ཚོགས་པ་གིས་ ཚབ་ཐོབ་ཡོདཔ་ཨིན་པས།
བཀྲིས་བསྟན་འཛིན།


ཨིན་རུང་ འབྲུག་ཕུན་སུམ་ཚོགས་པ་གིས་ ད་ལྟོ་ ཚབ་ག་བཙུགས་ནི་ཨིན་ན་ གཏན་འཁེལ་མེདཔ་ད་ འབྲུག་སྤྱིར་དབང་ཚོགས་པའི་ ན་ནོང་ཤུ་མར་འདེམས་ཁོངས་ཀྱི་ པདྨ་དབང་ཕྱུག་དེ་ མི་སེར་དམངས་གཙོ་ཚོགས་པའི་ འདེམས་ངོའི་ཚབ་ཨིན་པས།
ཁོ་གིས་ འཇིགས་མེད་འབྲུག་པ་གི་ཚབ་སྦེ་ འཛུལ་ནི་ཨིནམ་བཞིན་དུ་ འབྲུག་སྤྱིར་དབང་ཚོགས་པ་ལས་ ཕྱིར་བཏོན་འབད་དེ་ མི་སེར་དམངས་གཙོ་ཚོགས་པ་ནང་ ཐོ་བཀོད་འབད་ནི་གི་དོན་ལུ་ ཡིག་ཆ་དང་འབྲེལ་བའི་ལཱ་ཚུ་ འབད་བའི་བསྒང་ཡོདཔ་ཨིན་པས།
མི་སེར་དམངས་གཙོ་ཚོགས་པའི་མགྲིན་ཚབ་ དམ་ཆོས་རྡོ་རྗེ་གིས་ པདྨ་དབང་ཕྱུག་ལུ་ འདེམས་ངོ་གི་ གོ་སྐབས་བྱིན་ཡི་ཟེར་ཨིནམ་ད་ དེ་ཡང་ ཚོགས་པ་གིས་ གྲོས་འཛོམས་ཐོག་ལས་ ད་རིས་ གྲོས་ཐག་བཅད་འོང་ཟེར་ཨིན་པས།
པདྨ་དབང་ཕྱུག་ལུ་ པདྨ་དགའ་ཚལ་གྱི་ ཚོགས་པའི་མཉམ་འབྲེལ་བ་ཚུ་གིས་ ལཱ་ཚུ་མགྱོགས་པར་ འབད་དགོ་པའི་སྐོར་ལས་ བརྒྱུད་འཕྲིན་ཚུ་ ལྷོད་དོ་ཡོདཔ་ད་ ཁོ་གིས་ འགོ་ཐོག་བཙག་འཐུ་ནང་ལས་ ཕམ་སོ་རུང་ ད་རུང་ གོ་སྐབས་ཐོབ་ཡོདཔ་ལས་ འབད་དགོཔ་ལེ་ཤ་ ཡོད་ཟེར་ཨིན་པས།
འབྲུག་སྤྱིར་དབང་ཚོགས་པའི་གཙོ་འཛིན་ ལི་ལི་དབང་ཕྱུག་གིས་ ཚོགས་པའི་བཀོད་ཚོགས་ཀྱིས་ མི་སེར་དམངས་གཙོ་ཚོགས་པ་ལས་ གོ་སྐབས་འཐོབ་པའི་ཤུལ་ལས་ གྲོས་འཛོམས་འབད་དེ་ གྲོས་ཐག་བཅད་ཅི་ཟེར་ཨིནམ་ད་ དེ་ཡང་ རྒྱལ་ཁབ་ཀྱི་ མཐའ་དོན་ལུ་དང་ ཚོགས་པ་ག་ར་དང་གཅིག་ཁར་ མཐུན་ལམ་བཞག་ནི་གི་དོན་ལུ་ བཏང་ཡི་ཟེར་ཨིན་པས།
པདྨ་དབང་ཕྱུག་དེ་ འདེམས་ངོ་ཡིད་ཆེས་ཅན་ཨིནམ་ལས་ ཚོགས་པ་ལུ་ རྒུད་ཡོད་རུང་ གཞན་མི་ཚོགས་པ་ནང་ ཚབ་མ་ཐོབ་པ་ཅིན་ སྤྱིར་བཏང་བཙག་འཐུ་ནང་ དོ་འགྲན་འབད་ནི་གི་ གོ་སྐབས་ལུ་ དཀའ་ངལ་འབྱུང་ནི་མས་ཟེར་ཨིན་པས།
འདེམས་ངོ་ཚབ་བཙུགས་འབད་ནིའི་དོན་ལུ་ བདུན་ཕྲག་ལྷགཔ་ཅིག་ཡོད་རུང་ འབད་དགོཔ་ལེ་ཤ་ཡོདཔ་ལས་ མགྱོགས་པར་འབད་དགོ་པས་ཟེར་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་མགྲིན་ཚབ་ མཁའ་འགྲོ་དབང་ཕྱུག་གིས་ ཁོ་ར་ ཐིམ་ཕུ་ལས་ ཕྱི་ཁར་འབད་ནི་དེ་གིས་ འདེམས་ངོ་ཚབ་བཙུགས་ནིའི་སྐོར་ལས་ ག་ནི་ཡང་ མི་ཤེས་ཟེར་ཨིནམ་ད་ ཨིན་རུང་ ཧེ་མའི་འདེམས་ངོ་དེ་ ཆ་མེད་སོང་ཡོདཔ་ལས་ བཅའ་ཁྲིམས་དང་འཁྲིལ་ འབད་དགོཔ་ཚུ་ འབད་ནི་ཟེར་ཨིན་པས།
ཚོགས་པ་དེ་གིས་ ཚབ་བཙུགས་འབད་ནི་བཟུམ་ཡོད་མི་ ཀུན་བཟང་ཆོས་སྒྲོན་གྱིས་ ཁ་ཙ་ཕྱི་རུ་ཚུན་ ག་ནི་ཡང་ མ་གོཝ་ལས་ ག་ནི་ཡང་ སླབ་ནི་མེད་ཟེར་ཨིན་པས།
ཨིན་རུང་ ར་ལྡི་སག་སྟེང་གི་ འདེམས་ཁོངས་མཉམ་འབྲེལ་བ་ བསམ་གྲུབ་ཀྱིས་ ཧེ་མའི་འདེམས་ངོ་ལུ་ ཁྲིམས་སྲུང་ཉོགས་མེད་ལག་ཁྱེར་མ་བྱིན་པའི་སྐོར་ལས་ མགུ་འཐོམ་སྟེ་འདུག་ཟེར་ ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

No comments:

Post a Comment