གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བསམ་གྲུབ་ལྗོངས་མཁར་རྫོང་ཁག་ནང་ སྤྱིར་བཏང་གྲོས་འཛོམས་མི་འབད་ནི།

༡༤/༦/༢༠༡༣   ༉ འབྲུག་ཕུན་སུམ་ཚོགས་པ་དང་ མི་སེར་དམངས་གཙོ་ཚོགས་པའི་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་གི་ ཇོ་མོ་གཙང་ཁ་ མར་ཚ་ལ་འདེམས་ཁོངས་ཀྱི་ འདེམས་ངོ་གཉིས་ཆ་ར་གིས་ སྤྱིར་བཏང་བཙག་འཐུ་གི་དོན་ལུ་ སྤྱིར་བཏང་གྲོས་འཛོམས་ཐོག་ལས་ བསྐུལ་བསྒྲགས་འབད་ནི་གི་ འཆར་གཞི་མེདཔ་ཨིན་པས།


ཨིན་རུང་ འདེམས་ངོ་ཚུ་གིས་ བསྐུལ་བསྒྲགས་ཚུ་ ཁོང་ར་གིས་འབད་ནིའཆར་གཞི་ཡོདཔ་བཞིན་དུ་ ངོས་ལེན་འགོ་དཔོན་ལུ་ རང་སོའི་ཚེས་གྲངས་ཚུ་ བཙུགས་ནི་གི་ འཆར་གཞི་བཟོ་དོ་ཡོདཔ་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ ནོར་བུ་དབང་འཛོམས་དང་ མི་སེར་དམངས་གཙོ་ཚོགས་པའི་ འདེམས་ངོ་ དཔལ་བཟང་དབང་ཕྱུག་༢ ཀྱིས་ ཚོགས་རྒྱན་བཙུགས་མི་ མཐོ་ཤོས་ཡོད་མི་ གཡུས་ཚན་ཚུ་ནང་ བསྐུལ་བསྒྲགས་འབད་ནི་ཨིན་པས།
དཔལ་བཟང་དབང་ཕྱུག་གིས་ སྤྱིར་བཏང་གྲོས་འཛོམས་ཐོག་ལས་ བསྐུལ་བསྒྲགས་མ་འབད་མི་དེ་ཡང་ གཙོ་བོ་ར་ བཙག་འཐུ་ལྷན་ཚོགས་ཀྱིས་ འགོ་འདྲེན་འཐབ་མི་ གྲོས་འཛོམས་སྐབས་ལུ་ རྫོང་ཁའི་ཐོག་ལས་ གསལ་བཤད་འབད་བའི་སྐབས་ མི་སེར་ཚུ་གིས་ ཧ་གོ་མ་ཚུགས་པའི་དཀའ་ངལ་འདུག་ཟེར་ཨིན་པས།
ཁོ་གིས་ གྲོས་འཛོམས་སྐབས་ལུ་ རྫོང་ཁའི་ནང་ གསལ་བཤད་འབདཝ་ད་ མི་ཚུ་གིས་ རྫོང་ཁ་ཧ་མ་གོ་ནི་དེ་གིས་ གསལ་བཤད་འབད་མི་དེ་ ཕྱེད་ཀ་ཡང་ གོ་མི་ཚུགས་དོ་ཡོདཔ་ལས་ ཤར་ཕྱོགས་པའི་ཁ་སྐད་དང་ ཡང་ན་ ལྷོ་མཚམས་ནང་ སླབ་དགོ་ནི་བཟུམ་ འདུག་ཟེར་ཨིན་པས།
དེ་འབདཝ་ལས་ ཁོང་གིས་ བསྐུལ་བསྒྲགས་འབད་བ་ཅིན་ གཡུས་སྐད་ནང་སླབ་ཚུགས་ནི་དེ་གིས་ གཡུས་མི་ཚུ་ལུ་ཡང་ ཁེ་ཕན་འདུག་ཟེར་ཨིན་པས།
དེ་མ་ཚད་ དུས་ཚོད་འ་ནེམ་གཅིག་ཁར་ མི་སེར་མང་ཤོས་ར་ སོ་ནམ་གྱི་ལཱ་འབད་བའི་བསྒང་ཨིནམ་ལས་ མི་རློབས་མང་སུ་ཡོད་མི་ གཡུས་ཚན་ཚུ་ནང་སོང་སྟེ་ བསྐུལ་བསྒྲགས་འབད་ནི་གི་ དམིགས་གཏད་ཡོད་ཟེར་ཨིན་མི་དེ་ཡང་ ཁྱིམ་གུང་ཉུང་ཤོས་༥༠ དེ་ཅིག་ ཡོད་མི་ཚུ་ནང་ འགྱོ་ནི་གི་ འཆར་གཞི་ཨིན་པས།
ནོར་བུ་དབང་འཛོམས་ཀྱིས་ ངོས་ལེན་འགོ་དཔོན་ལུ་ ཚེས་གྲངས་གཏན་འཁེལ་མ་བྱིན་ཏེ་འབད་རུང་ དཔལ་བཟང་དབང་ཕྱུག་ཁོང་༢ ཀྱིས་ གྲོས་བསྟུན་འབད་ཡོདཔ་ལས་ འཆར་གཞི་ཅོག་ར་ཅིག་ཟེར་ཨིན་པས།
དཔལ་བཟང་དབང་ཕྱུག་གིས་ སྤྱི་ཟླ་༦ པའི་ཚེས་༡༦ ལས་ སྤྱི་ཟླ་༧ པའི་ཚེས་༡༠ ཚུན་ མར་ཚ་ལ་རྒེད་འོག་ལས་ བསྐུལ་བསྒྲགས་འགོ་བཙུགས་ནི་གི་ འཆར་གཞི་ཡོདཔ་ཨིན་པས།
རྫོང་ཁག་གི་ བདེ་བ་ཐང་- སྒོམ་དར་འདེམས་ཁོངས་ཀྱི་ འདེམས་ངོ་༢ ཀྱིས་ བཙག་འཐུ་ལྷན་ཚོགས་ཀྱི་ ཚེས་གྲངས་དང་འཁྲིལ་ སྤྱིར་བཏང་གྲོས་འཛོམས་ འགོ་འདྲེན་འཐབ་ནི་ཨིནམ་ད་ མི་སེར་དམངས་གཙོ་ཚོགས་པའི་ འདེམས་ངོ་ མིང་པོ་འབྲུག་པ་གིས་ གོ་སྐབས་དེ་མ་ལེན་པ་ཅིན་ ལྷན་ཚོགས་ཀྱིས་འགོ་འདྲེན་འཐབ་པའི་སྐབས་ སྤུངས་འཛོམས་འབད་དོ་བཟུམ་སྦེ་ ཁོང་གིས་ མི་འཛོམས་མི་ཚུགས་ཟེར་ཨིན་པས།
སྐྱེས་ལོ་༦༠ ལང་མི་ མིང་པོ་འབྲུག་པ་གིས་ འབད་བ་ཅིན་ མི་མང་སུ་ སྤུངས་འཛོམས་འབད་མ་ཚུགས་པའི་སྐབས་ རང་གིས་ བསྐུལ་བསྒྲགས་འབད་རུང་ དོན་དང་ལྡནམ་ཅིག་ མི་མཐོང་པས་ཟེར་ཨིནམ་ད་ འདེམས་ཁོངས་ཀྱི་ བསྐུལ་བསྒྲགས་ལས་རིམ་དེ་ སྤྱི་ཟླ་༦ པའི་ཚེས་༡༧ ལས་ ཨོ་རོང་རྒེད་འོག་ལས་འགོ་བཙུགས་ཏེ་ ཚེས་༢༡ ལུ་ ཕུན་ཚོགས་ཐང་རྒེད་འོག་ལས་ མཇུག་བསྡུ་ནི་ཨིན་པའི་གནས་ཚུལ།

No comments:

Post a Comment