གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་སླར་འབྱུང་གློག་མེ་ལས་འཛིན་གྱིས་ མཐའ་བཅད་འོག་མའི་ རྩེད་འགྲན་ནང་ལྷོད་ཡོདཔ།

༡༨/༨/༢༠༡༣   ༉ འབྲུག་སྐྱབས་ཆ་སྡེ་ཚན་གྱིས་ འཕྲོ་མཐུད་རྩེད་འགྲན་འབདཝ་ད་ སྐོར་ཐེངས་༣ པའི་ནང་ སྐུགས་༡ ཆོདཔ་ལས་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་དང་གཅིག་ཁར་ དོ་འགྲན་ཅན་སྦེ་ སྐུགས་༢ པའི་དོན་ལུ་ རྩེད་འགྲན་འབད་དགོཔ་ཐོན་ཡི།


དེ་ཡང་ སྤྱི་ཟླ་༦ པའི་ཚེས་༡༧ རེས་གཟའ་ཟླ་བ་ལུ་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་གྱིས་ སྐུགས་༡ ཆོད་ཡོདཔ་མ་ཚད་ དུས་ཡུན་ཚང་པའི་སྐབས་ སྐུགས་༢༣ དང་ བྱང་ཕྱད་སྡེ་ཚན་གྱིས་ སྐུགས་༡༤ ལས་བརྒལ་ འཐོབ་མ་ཚུགསཔ་ལས་ འཕྲོ་མཐུད་རྩེད་འགྲན་འབད་དགོཔ་བྱུང་ཡི།
སྡེ་ཚན་ཁ་པའི་ནང་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་དང་ ལྟ་བཤལ་མཉམ་རོགས་སྡེ་ཚན་༢ ཀྱི་བར་ན་དང་ སྡེ་ཚན་ཀ་པ་ལས་ འབྲུག་གོང་འཕེལ་དངུལ་ཁང་དང་ དམ་ཅན་སྡེ་ཚན་གྱི་བར་ན་ མཐའ་བཅད་ཆུང་བའི་རྩེད་འགྲན་དེ་ སྤྱི་ཟླ་༦ པའི་ཚེས་༢༠ དང་༢༡ ལུ་ འབད་ནི་ཨིན་པས།
ད་རིས་ སྡེ་ཚན་ཀ་པ་ལས་ སྐོར་ཐེངས་༢ ནང་ སྤུ་ན་གཙང་ཆུ་དང་ ཀེ་ཊི་སི་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབད་ནི་དང་འབྲེལ་ སྡེ་ཚན་ཁ་པ་ལས་ ཡར་རྒྱས་སྡེ་ཚན་དང་ དཔའ་རྫངསཔ་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབད་ནི་ཨིནམ་བཞིན་དུ་ རྒྱལ་ཁ་འཐོབ་མི་སྡེ་ཚན་༢ ཀྱིས་ མཐའ་བཅད་རྩེད་འགྲན་ནང་ དོ་འགྲན་འབད་ནི་ཨིན་པས།
སྡེ་ཚན་ཀ་པ་ལས་ རྒྱལ་མི་སྡེ་ཚན་གྱིས་ ཨེ་མ་ཟིང་སྡེ་ཚན་དང་ དོ་འགྲན་འབད་ནི་ཨིན་པའི་ཁར་ སྡེ་ཚན་ཁ་པ་ལས་ ཆ་རོགས་ལེགས་ཤོམ་དང་ རྩེད་འགྲན་འབད་ནི་ཨིན་པས།
རྩེད་འགྲན་འགོ་འདྲེན་འཐབ་སྟེ་ བདུན་ཕྲག་ལྷགཔ་ཅིག་གི་རིང་ རྩེད་འགྲན་པ་ཚུ་མ་གཏོགས་ ལྟདམོ་ལྟ་མི་གངམ་མེདཔ་ལས་ ལྕང་གླིང་མི་ཐང་ནང་ མདའ་རྩེད་འགྲན་བསྡུར་འབདཝ་ཨིནམ་ར་ མ་ཤེསཔ་བཟུམ་མའི་མཐོང་སྣང་ལུ་ གྱུར་ཡོད་རུང་ ད་རེས་ནངས་པ་ ལྟདམོ་ལྟ་མི་ཡང་ ལེ་ཤ་ཅིག་ར་ དྲོ་པ་ལས་ ཕྱི་རུ་ རྩེད་འགྲན་མཇུག་མ་བསྡུ་ཚུན་ཚོད་ ལྟདམོ་ལྟ་སྡོད་ས་མཐོངམ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment