གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བྱང་སྟོར་ཤོར་མི་ཨ་ལུ་ ད་ལྟོ་ཡང་ འཚོལ་མ་ཐོབ་པར་ཡོདཔ།

༡༨/༦/༢༠༡༣   ༉ ཆུ་ཁ་རྫོང་ཁག་ སྤག་སྒར་གཡུས་ཚན་ལས་ སྤྱི་ཟླ་༦ པའི་ཚེས་༤ ལུ་ བྱང་སྟོར་ཤོར་མི་ སྐྱེས་ལོ་༢ ལྷགཔ་ཅིག་འབད་མི་ ཨ་ལུ་བུཚ་དེ་ ད་ལྟོ་ཡང་ འཚོལ་མ་ཐོབ་པར་ ཡོདཔ་ཨིན་པས།
ཨ་ལུ་དེ་གི་ བཟའ་ཚང་ནང་མི་ཚུ་ ད་ལྟོའི་བར་ན་ཡང་ ཨ་ལུ་དེ་ འཚོལ་འཐོབ་པའི་རེ་བ་བསྐྱེད་དོ་ཡོདཔ་ཨིན་རུང་ ཨ་ལུ་དེ་གི་ ཨ་ནེ་རྣམ་རྒྱལ་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ རྩིསཔ་ལེ་ཤ་ཅིག་ལས་ མོ་བཏབ་པའི་སྐབས་ བདུན་ཕྲག་༡ གི་ཧེ་མ་འབད་བ་ཅིན་ ལོག་ཐོབ་དོ་འོང་ཟེར་ སླབ་ཡོདཔ་ཨིན་རུང་ ད་ལྟོ་འབད་བའི་བསྒང་ལས་ ཨ་ལུ་དེ་ ལོག་མི་ཐོབ་ཟེར་སླབ་མས་ཟེར་ཨིན་པས།



མོ་གིས་འབད་བ་ཅིན་ ཨ་ལུ་དེ་ ཤི་སོཔ་འདྲཝ་ཅིག་འབད་བ་ཅིན་ རོ་ཡང་ མ་ཐོབ་ནི་དེ་གིས་ བསམ་པ་མ་རྫོགས་ཟེར་ཨིནམ་ད་ ཨ་ལུ་གི་ ཨའི་དང་ཨ་པ་དེ་ ད་ལྟོ་ཡང་ ཨ་ལུ་འཐོབ་ཚུགས་པའི་ རེ་བ་བསྐྱེད་དེ་ཡོད་ཟེར་ཨིན་པས།
ཨ་ལུ་དེ་ ཁོང་རའི་ཁྱིམ་གྱི་ ཐབ་ཚང་ནང་ ཧལ་བཞག་ས་ལས་ བྱང་སྟོར་ཤོར་ཡོདཔ་ཨིན་པས།
རྐྱེན་ངན་མ་འབྱུང་པའི་ཧེ་མར་ ཨ་ལུ་དེ་ གཉིད་ཐལ་སོཔ་ལས་ ཨའི་གིས་ ཐབ་ཚང་ནང་ ཧལ་བཞག་ཞིནམ་ལས་ མོ་ར་ ཁྱིམ་ཚང་གི་ཁྱིམ་ནང་ ལས་མི་འཚོལ་བར་ ཡར་སོཔ་ཨིན་པས།
ཨ་ལུ་གི་ ཨ་ནེ་གིས་ ཀུན་གསལ་ལུ་ སླབ་དོ་བཟུམ་འབད་བ་ཅིན་ ཨ་ལུའི་ཨའི་གིས་ ཁྱིམ་ཚང་ནང་ དུས་ཚོད་གངམ་མ་སྡོད་ཟེར་ཨིནམ་ད་ མོ་ར་ ལོག་འོང་པའི་བསྒང་ལས་ ཨ་ལུ་དེ་ མལ་ཆ་ནང་ མིན་འདུག་ཟེར་ཨིན་པས།
ཨ་ལུ་བྱང་སྟོར་ཤོར་བའི་ཉིན་མར་ མོ་ར་ འཚོལ་ཐོབ་པའི་རེ་བ་བསྐྱེད་དེ་ རྒཔོ་གིས་ འགོ་འདྲེན་ཐོག་ལས་ གཡུས་ཁའི་མི་ཚུ་གིས་ རབ་རུབ་འབད་ འཚོལ་ཡོདཔ་ཨིན་རུང་ རྩ་ལས་ར་ འཚོལ་མ་ཐོབ་ཟེར་ཨིན་པས།
ཉིནམ་༢ པའི་ནང་ལུ་ཡང་ བདེ་སྲུང་དང་ གཡུས་ཁའི་མི་ཚུ་གིས་ མཉམ་འབྲེལ་ཐོག་ལས་འཚོལ་རུང་ མ་ཐོབ་པའི་ཤུལ་ལས་ ཨ་ནེ་དེ་གིས་ རྩི་མ་གཤམ་གྱི་ ཁྲིམས་སྲུང་འགག་པ་ལུ་ ཨ་ལུ་བྱང་སྟོར་ཤོར་ཡོད་པའི་སྐོར་ལས་ སྙན་ཞུ་འབད་ཡི་ཟེར་ཨིན་པས།
ཨ་ལུ་གི་ ཨ་ནེ་དེ་གིས་འབད་བ་ཅིན་ ཁོང་གིས་ འཚོལ་ཞིབ་མ་འབད་བའི་ ས་གནས་མེད་ཟེར་ཨིནམ་ད་ ཁྱིམ་ནང་ལས་ ཨ་ལུ་བྱང་སྟོར་ཤོར་མི་དེ་ ཧ་ལས་སི་སི་ཅིག་ ཨིན་མས་ཟེར་ཨིན་པས།
ཉམས་རྒུད་པའི་ཕམ་དེ་ལུ་ བུམོ་༣ དང་བུ་༡ ཡོད་པའི་གྲས་ལས་ བྱང་སྟོར་ཤོར་མི་བུཚ་དེ་ ཆུང་ཤོས་ཨིན་པས།
ཨ་ནེ་གིས་འབད་བ་ཅིན་ ཨ་ལུ་འཚོལ་ཐོབ་པའི་ རེ་བ་བསྐྱེད་དེ་ རྒྱང་མཐོང་ནང་ལས་ཕར་ གསལ་བསྒྲགས་ཡང་ འབད་ཡོདཔ་མ་ཚད་ གཡུས་ཁའི་རྒཔོ་ལུ་སླབ་སྟེ་ བདེ་སྲུང་དང་ གཡུས་མི་ཚུ་གིས་ གཡུས་ཚན་དང་ ནགས་ཚལ་བཤལ་ཏེ་ ཚར་༢ འཚོལ་བར་སོང་ཡོད་རུང་ ཐོབ་མ་ཚུགསཔ་ལས་བརྟེན་ ད་ལྟོ་ སྡུག་བསྔལ་ལང་སྡོད་ནི་མ་གཏོགས་ གཞན་འབད་ཐབས་ག་ཅི་ཡང་ མིན་འདུག་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment