གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཞུང་ལམ་རྒྱ་བསྐྱེད་ཀྱི་དོན་ལུ་ ནགས་ཤིང་༡,༡༧༥ ལྷགཔ་ཅིག་བརྡབས་ཡོདཔ།

༡༣/༦/༢༠༡༣   ༉ ཐིམ་ཕུ་དང་ ལོད་སྦིས་སའི་གཞུང་ལམ་བདའ་སྟེ་ ལམ་རྒྱ་བསྐྱེད་དང་ ལམ་གཡས་གཡོན་གྱི་ ཚལ་མ་ཚུ་ སེལ་ཐབས་ལུ་ ནགས་ཤིང་ཚུ་ བརྡབ་པའི་བསྒང་ཡོདཔ་བཞིན་དུ་ དུས་ཅི་ སྤྱི་ཟླ་༤ པའི་ཚེས་༡༨ ལས་ཚུར་ ཤིང་༡,༡༧༥ ལྷགཔ་ཅིག་ བརྡབས་ཡོདཔ་ཨིན་པས།
ནགས་ཤིང་ཚུ་ བརྡབ་བཏང་པའི་བསྒང་།


གཞུང་ལམ་བདའ་སྟེ་ཡོད་མི་ སྔོ་ཚལ་དང་ ནགས་ཤིང་ཚུ་ལུ་བརྟེན་ ཁཝ་དང་ ཆརཔ་ཤུགས་སྦེ་རྐྱབ་ད་ ལམ་རློནམ་ལུ་གྱུར་ཏེ་ ལམ་ཧ་ཀ་ཧོག་ཀ་དང་ འགྱེལ་ཏ་རྐྱབ་སི་སི་བཟོཝ་མས་ཟེར་ ལོད་སྦིས་ས་ལམ་སེལ་ལས་ཁུངས་ཀྱི་ བཟོ་རིག་བཀོད་ཁྱབ་འོག་མ་ བསྟན་པ་འཕྲིན་ལས་ཀྱིས་ སླབ་ཨིན་པས།
འདི་འབདཝ་ལས་ ལམ་གྱི་ཟུར་ཁ་ཡོད་མི་ ནགས་ཤིང་ཚུ་ བརྡབ་དགོ་པའི་ གྲོས་འཆར་བཀོད་ཅི་ཟེར་ བསྟན་པ་འཕྲིན་ལས་ཀྱིས་ བཤདཔ་མ་ཚད་ ཧེ་མ་ལས་ བརྡབ་དགོཔ་ཅིག་ཨིན་རུང་ ཤིང་ཚུ་ སྦོམ་མ་འགྱོ་ནི་དེ་གིས་ འབད་མ་ཚུགས་ཟེར་ སླབ་ཨིན་པས།
ལམ་སེལ་ལས་ཁུངས་ཀྱི་ ཞུ་བ་འབད་མི་དང་འཁྲིལ་ ཤིང་བརྡབ་ནི་གི་ལཱ་ཚུ་ རང་བཞིན་ཐོན་སྐྱེད་གོང་འཕེལ་ལས་འཛིན་གྱིས་ འབད་དོ་ཡོདཔ་ད་ ལས་ཁུངས་ཀྱིས་ ལོ་༡ གི་ཧེ་མར་ ཞུ་བ་འབད་ཡོད་རུང་ ང་བཅས་ཀྱིས་ དུས་ཅིའི་ལོ་ནང་རྐྱངམ་གཅིག་ འགོ་བཙུགས་ཚུགས་ཅི་ཟེར་ བ་འཇོ་རང་བཞིན་ཐོན་སྐྱེད་གོང་འཕེལ་ལས་འཛིན་གྱི་ འགོ་དཔོན་ཅིག་གིས་ སླབ་ཨིན་པས།
ནགས་ཤིང་ཚུ་ཡང་ འཁོར་ལམ་གཡས་གཡོན་ལས་ མི་ཊར་༥ གི་ནང་འཁོད་ལུ་ བརྡབ་དོ་ཡོདཔ་ད་ དེ་ཡང་ ཀོང་ཤིང་དང་ ཤུགཔ་ ཐང་ཤིང་ སྟར་གོ་ སྦྱིས་ཤིང་ཚུ་ཨིན་པས།
ནགས་ཚལ་ལས་ཁུངས་ཀྱིས་ ལམ་སེལ་ལས་ཁུངས་ལུ་ ནགས་ཤིང་བརྡབ་ནི་གི་ གནང་བ་དེ་ ཟླ་ངོ་༦ གི་དོན་ལས་ སྤྲོད་ཡོདཔ་ལས་ དུས་ཡུན་དེ་གི་ ནང་འཁོད་ལུ་ ལཱ་མཇུག་མ་བསྡུ་བ་ཅིན་ ད་རུང་ གནང་བ་ལེན་དགོ་ཟེར་ ལོད་སྦིས་ས་ནགས་ཚལ་སྡེ་ཚན་འགོ་དཔོན་གྱིས་ སླབ་ཨིན་པས།
ལམ་ཟུར་ཁ་ལས་ ཤིང་བརྡབས་མི་ཚུ་ ཤིང་དུམ་སྦེ་བཏོག་སྟེ་ བསམ་ཐང་ལུ་ཡོད་མི་ རང་བཞིན་ཐོན་སྐྱེད་གོང་འཕེལ་ལས་འཛིན་གྱི་ དོས་ཁང་ནང་ བསྐྱལ་ཞིནམ་ལས་ རིན་བསྡུར་ཐོག་ ཚོང་སྒྱུར་འཐབ་དོ་ཡོདཔ་ད་ ཤིང་དུམ་ཆུང་ཀུ་ཚུ་ ཐབ་ཤིང་སྦེ་ ལག་ལེན་འཐབ་ནིའི་དོན་ལུ་ འབག་བསྐྱལ་དོ་ཡོདཔ་ཨིན་པས།
རྡོ་སྐྱོང་ལ་དང་ སྨན་ཆུ་ནང་གི་བར་ན་ ལམ་ཀི་ལོ་མི་ཊར་༢༢ བདའ་སྟེ་ ནགས་ཤིང་བརྡབ་ནི་གི་ལཱ་དེ་ སྤྱི་ཟླ་༦ པའི་ཚེས་༨ ལུ་ མཇུག་བསྡུ་ཡོདཔ་ད་ དེ་གི་ཤུལ་ལས་ སྨན་ཆུ་ནང་ལས་ ལྕགས་ས་སྒང་ཚུན་ ཤིང་བརྡབ་ནི་ འགོ་བཙུགས་ཡོདཔ་ཨིན་པས།
དེ་མ་ཚད་ ཐིམ་ཕུ་ལྷུང་མཚོ་དང་ རྡོ་སྐྱོང་ལ་གི་བར་ན་ཡང་ ཤིང་བརྡབ་ནི་གི་ ལཱ་འགོ་བཙུགས་ཡོད་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment