གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཉམས་རྒུད་པའི་ཕམ་ལུ་ བསམ་པ་མ་རྫོགསཔ།

༡༣/༦/༢༠༡༣  ༉ བསམ་རྩེ་རྡོ་རོ་ཁ་དྲུང་ཁག་ཁྲིམས་འདུན་གྱིས་ ལོ་ན་མ་སྨིན་པའི་ བུཚ་སྐྱེས་ལོ་༡༣ ལང་མི་ཅིག་གིས་ བུམོ་ཅུང་སྐྱེས་ལོ་༦ ལང་མི་ཅིག་ལུ་ དབང་བཙོང་ལུས་འབྲེལ་འབད་ནི་གི་ དཔའ་བཅམ་པའི་ ཉེས་པ་ཡོད་ལུགས་ཀྱི་ འཁྲུན་ཆོད་གནང་ནུག།


དེ་ཡང་ སྤྱི་ཟླ་༦ པའི་ཚེས་༡༠ ལུ་གནང་མི་ འཁྲུན་ཆོད་དང་འཁྲིལཝ་ད་ ན་ཧིང་ སྤྱི་ཟླ་༡༢ པའི་ཚེས་༣༠ ལུ་ འདོད་སྤྱོད་དང་འབྲེལ་བའི་ གནོད་འཚེ་འབད་བའི་ དོགས་པ་ལུ་བརྟེན་ འཛིན་བཟུང་འབད་མི་ བུཚ་དེ་ རྗེས་དཔག་དང་འབྲེལ་བའི་ སྒྲུབ་བྱེད་ལུ་ གཞི་བཞག་སྟེ་ ཉེས་པ་བཀལ་ཡོད་རུང་ དངམ་གཅིག་ལུ་ ཁོ་ར་ ལོ་ན་མ་སྨིན་པའི་ ན་ཆུང་ཨིན་པའི་ཁར་ དུས་རྒྱུན་དུ་ གནོད་འགེལ་འབད་མི་ཅིག་མེནམ་ལས་ ཁོ་རའི་ ཤེས་ཡོན་འཕྲོ་མཐུད་སྦྱང་བཅུག་ནིའི་དོན་ལུ་ བཙོན་ཁྲིམས་འབག་མ་དགོ་པར་ གཏང་ནི་སྦེ་ གྲོས་ཐག་བཅད་ཡོདཔ་ཨིན་པས།
ཨིན་རུང་ བུམོ་དེ་གི་ ཕམ་༢ ལུ་ ཁེ་རྒུད་མ་བཏུབ་པར་ འཁྲུན་ཆོད་བཏོན་པའི་ཉིནམ་ནང་ར་ ཉེས་བཤེར་འབད་མི་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་བརྒྱུད་དེ་ མཐོ་གཏུགས་འབད་ཡོདཔ་ཨིན་པས།
འདོད་སྤྱོད་དང་འབྲེལ་བའི་ གནོད་འཚེ་འབད་བའི་སྐོར་ ཕམ་གྱིས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོདཔ་ད་ ད་ལྟོ་ བློ་གསར་སློབ་རིམ་ནང་ དཔེ་ཆ་ལྷབ་པའི་བསྒང་ཨིན་མི་ བུམོ་དེ་གི་ ཨ་པ་དེ་ ཁྲིམས་སྲུང་འགག་པའི་ དཀྱུས་མ་ཅིག་ཨིན་པས།
འགོ་ཐོག་སྐབས་ ཁྲིམས་སྲུང་འགག་པ་གིས་ བུཚ་དེ་ལུ་ དབང་བཙོང་ལུས་འབྲེལ་གྱི་ དཔའ་བཅམ་མི་དང་ འདོད་སྤྱོད་དང་འབྲེལ་བའི་ གནོད་འཚེ་འབད་བའི་ ཉེས་འཛུགས་ཁག་༢ འབད་ཡོད་རུང་ དབང་བཙོང་གི་ཐད་ལུ་ སྒྲུབ་བྱེད་མེད་པར་ ཁྲིམས་འདུན་གྱིས་ ཆ་མེད་བཏང་ཡོདཔ་ཨིན་པས།
ཨིན་རུང་ དྲུང་ཁག་ཁྲིམས་འདུན་གྱིས་ ཉེས་འཛུགས་ཅན་གྱི་ ཕམ་ཚུ་གི་ ཁ་ཐུག་ལས་ བུམོ་དེ་གི་ཕམ་ཚུ་ལུ་ ཟད་འཐུས་དངུལ་ཀྲམ་༥,༠༠༠ སྤྲོད་དགོ་པའི་ འཁྲུན་ཆོད་གནང་མི་དེ་ཡང་ བུམོ་དེ་ བརྟག་དཔྱད་འབད་བར་ བསམ་རྩེ་སྨན་ཁང་ནང་ བསྐྱལ་བར་འགྱོ་བའི་སྐབས་ ཟད་འགྲོ་གནས་པའི་ རྒུད་འཐུས་བཟུམ་ཅིག་ཨིན་པས།
ཧེ་མར་ བུཚ་དེ་གི་ ཨ་པ་གིས་ སླབ་མིའི་ནང་ དེ་བསྒང་ ཁོ་གི་བུ་དེ་ ཁོ་རའི་ཁྱིམ་ནང་ ཨ་ལུ་ཚུ་དང་གཅིག་ཁར་ རྩེདམོ་རྩེ་སྡོདཔ་ད་ བུམོ་དེ་ལུ་ ཕང་མར་བཏབ་ཡོདཔ་མ་གཏོགས་ དབང་བཙོང་འབད་ནི་གི་ དཔའ་བཅམ་པའི་ ཉེས་འཛུགས་འབད་མི་དེ་ མི་བདེན་ཟེར་ཨིན་པས།
མིག་གིས་ མཐོང་མི་ཅིག་གིས་ བུམོ་དེ་གི་ཕམ་ལུ་ ཁོང་གི་བུམོ་ཅུང་དེ་ ཁང་མིག་ཅིག་ནང་ དབང་བཙོང་གི་སྒོ་ལས་ འདོད་སྤྱོད་འབད་ནི་གི་ དཔའ་བཅམ་ཡོདཔ་སྦེ་ སླབ་ཡོད་རུང་ ཤུལ་ལས་ ཁྲིམས་སྲུང་འགག་པ་ལུ་ ཤོབ་སླབ་ཅི་ཟེར་ སླབ་ཡོདཔ་ཨིན་པས།
རྩོད་ཟླ་དང་ རྩོད་རྩ་གཉིས་ཆ་རའི་ཕམ་ཚུ་ ཁྱིམ་ཚང་ཨིན་པའི་གནས་ཚུལ།

No comments:

Post a Comment