གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཇ་པཱན་ཁས་བླངས་མཉམ་འབྲེལ་ལས་ཚོགས་ཀྱི་ ལོ་༥ འི་ལས་འགུལ་ མཇུག་བསྡུ་ཡོདཔ།

༡༣/༦/༢༠༡༣   ༉ ལས་གཡོག་ལྷན་ཁག་འོག་གི་ མི་སྟོབས་ལས་ཁུངས་ཀྱིས་ རྒྱལ་ཁབ་ནང་ ལོ་ངོ་༥ འི་རིང་ ཇ་པཱན་ཁས་བླངས་མཉམ་འབྲེལ་ལས་ཚོགས་ཀྱིས་ འཕྲུལ་རིག་དང་ ལག་ཤེས་ ཤེས་ཡོན་སྦྱོར་བརྡར་ རྒྱ་བསྐྱེད་གཏང་ནིའི་ལས་འགུལ་དེ་ སྤྱི་ལོ་༢༠༠༨ ཟླ་༦ པའི་ནང་ འགོ་བཙུགས་ཡོདཔ་བཞིན་དུ་ དུས་ཅི་ སྤྱི་ཟླ་༦ པའི་ནང་ལས་ ལས་འགུལ་གྱི་གནས་ཡུན་ཚང་སྟེ་ མཇུག་བསྡུ་ཡོདཔ་ཨིན་པས།

 
ཇ་པཱན་ཁས་བླངས་མཉམ་འབྲེལ་ལས་ཚོགས་ཀྱི་ ངོ་ཚབ་ཀྱིས་ ཡིག་ཆ་བརྗེ་སོར་འབད་བའི་བསྒང་།

དེ་ཡང་ ལས་འགུལ་གྱི་དམིགས་ཡུལ་ངོ་མ་ར་ བཟོ་གྲྭ་དང་ འཕྲུལ་རིག་ དེ་ལས་ གློག་མེ་ཚུ་གི་དོན་ལས་ མི་སྟོབས་གོང་འཕེལ་བཏང་ཐབས་ལུ་ གཙོ་རིམ་བཟུང་ཡོདཔ་ཨིན་པས།
འཕྲུལ་རིག་དང་ ལག་ཤེས་སྦྱོར་བརྡར་རྒྱ་བསྐྱེད་ཀྱི་ ལས་འགུལ་དེ་གིས་ མ་འོངས་པ་ལུ་ མི་སྟོབས་ལས་ཁུངས་ཀྱིས་ ཁུངས་དང་ལྡན་པའི་ སྦྱོང་བརྡར་བྱིན་ནིའི་དོན་ལུ་ འཆར་གཞི་བརྩམ་ནིའི་ནང་ ལག་ལེན་འཐབ་ནི་ དེ་ལས་ ལྟ་རྟོག་འབད་ནི་ཚུ་ལུ་ དམིགས་གཏད་བསྐྱེད་ཡོདཔ་ཨིན་པས།
ཁུ་རུ་ཐང་ འཕྲུལ་རིག་ལག་ཤེས་སྦྱོང་བརྡར་སྤེལ་ཁང་གིས་ སྦྱོང་བརྡར་ལས་རིམ་ཚུ་ ཁུངས་དང་ལྡནམ་སྦེ་ བྱིན་ཚུགས་ནིའི་དོན་ལས་ གློག་མེའི་ སྦྱོང་བརྡར་རྒྱ་བསྐྱེད་འབད་ཡོདཔ་ཨིན་པས།
དེ་མ་ཚད་ འཕྲུལ་རིག་སྦྱོང་བརྡར་སྤེལ་ཁང་གི་ སློབ་སྟོན་པའི་ ལྕོགས་གྲུབ་ཡར་སྐྱེད་གཏང་ནི་ཚུ་ནང་ དམིགས་གཏད་བསྐྱེད་མི་དེ་ མཐར་འཁྱོལ་ཅན་སྦེ་ སོང་ཡོདཔ་ཨིན་པས།
ལས་འགུལ་དེ་གིས་ སྤུ་ན་ཁ་ཁུ་རུ་ཐང་ ལག་ཤེས་སྦྱོང་བརྡར་སྤེལ་ཁང་དང་ རང་བྱུང་ལག་ཤེས་སྦྱོང་བརྡར་སྤེལ་ཁང་གཉིས་ལུ་ རྒྱབ་སྐྱོར་འབད་ཡོདཔ་ཨིན་པས།
ཇ་པཱན་ཁས་བླངས་མཉམ་འབྲེལ་ལས་ཚོགས་ཀྱི་ ངོ་ཚབ་སྤྱི་ཁྱབ་ ཨ་ས་ཀུ་མ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ལོ་༥ འི་རིང་ ལས་འགུལ་དེ་ མཐར་འཁྱོལ་ཅན་ཅིག་སྦེ་ འགྱོ་ཚུགས་མི་དེ་ལུ་ སེམས་དགའ་ཡི་ཟེར་ཨིན་པས།
དེ་མ་ཚད་ ལས་འགུལ་འགོ་དང་པ་ གཞི་བཙུགས་འབད་བའི་སྐབས་ལུ་ ལག་ཤེས་སྦྱོང་བརྡར་སྤེལ་ཁང་དེ་ འགོ་དང་པ་འབད་ནི་དེ་གིས་ འཕྲུལ་རིག་གི་ དཀའ་ངལ་དུམ་གྲ་ཅི་ ཐོན་ཡི་ཟེར་ཨིན་པས།
ཨིན་རུང་ ད་རེས་ ལས་འགུལ་དེ་ མཇུག་བསྡུ་ཡོདཔ་ཨིན་རུང་ ཤུལ་ལས་ མ་འོངས་པའི་ནང་ འབྲུག་རྒྱལ་ཁབ་ལུ་ རྒྱབ་སྐྱོར་འབད་ནི་གི་ རེ་བ་ ཡོད་ཟེར་ཨིན་པས།
ལས་གཡོག་ལྷན་ཁག་གི་ ལས་རིམ་འགོ་དཔོན་སྤྱི་ཁྱབ་ ཀརྨ་གིས་ འབད་བ་ཅིན་ འཕྲུལ་རིག་དང་ ལག་ཤེས་ སྦྱོར་བརྡར་རྒྱ་བསྐྱེད་ཀྱི་ ལས་འགུལ་ མཇུག་བསྡུ་དོ་ཡོདཔ་ཨིན་རུང་ ཁོང་གིས་ སྦྱོང་བརྡར་སྤེལ་ཁང་ནང་ འཕྲུལ་ཆས་ཚུ་ གཞི་བཙུགས་འབད་ཡོད་མི་ལུ་བརྟེན་ ད་ལས་ཕར་ འཕྲོ་མཐུད་དེ་ར་ སྦྱོང་བརྡར་འབད་ནི་ལུ་ སྟབས་བདེ་ཏོག་ཏོ་སོང་ཡི་ཟེར་ཨིན་པས།
ལས་འགུལ་དེ་གིས་ འབྲུག་པའི་མི་སེར་དང་ སྒེར་སྡེ་ལས་འཛིན་ མང་རབས་ཅིག་ལུ་ ཕན་ཐོགས་བྱུང་ཡི་ཟེར་ཨིནམ་ལས་ ལས་གཡོག་ལྷན་ཁག་གིས་ འཕྲོ་མཐུད་དེ་ར་ སྦྱོང་བརྡར་ཚུ ག་དེ་དྲག་དྲག་ བྱིན་ནི་ཟེར་ཨིན་པས།
ད་ལས་ཕར་ར་འབད་རུང་ ཇ་པཱན་གཞུང་གིས་ དེ་བཟུམ་མའི་ རྒྱབ་སྐྱོར་ཚུ་ འཕྲོ་མཐུད་དེ་ར་ གནང་འོང་མནོ་བའི་ རེ་བ་ སྦོམ་ཡོད་ཟེར་ཨིན་པས།
ཁ་ཙ་ ཇ་པཱན་ཁས་བླངས་མཉམ་འབྲེལ་ལས་ཚོགས་ཀྱི་ སྣུམ་འཁོར་ སི་ཨར་བི་དང་ ཧའི་ལེགསི་དེ་ཡང་ ལས་གཡོག་ལྷན་ཁག་ལུ་ རྩིས་སྤྲོད་འབད་ཡོདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment