གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩི་རང་གི་འདེམས་ངོ་ཚུ་གིས་ འཕྲལ་མགྱོགས་ར་ བསྐུལ་བསྒྲགས་འགོ་བཙུགས་ཚུགས་པའི་རེ་བ།

༡༣/༦/༢༠༡༣  ༉ མ་གཞི་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་དོན་ལུ་ བསྐུལ་བསྒྲགས་ཀྱི་ལས་རིམ་ཚུ་ གཞུང་འབྲེལ་ཐོག་ ཁ་ཙ་ལས་ འགོ་བཙུགས་ཡོདཔ་ཨིན་རུང་ རྩི་རང་རྫོང་ཁག་ལས་ སྲིད་ཚོགས་༢ ཀྱི་ འདེམས་ཁོངས་༢ ཀྱི་ འདེམས་ངོ་༤ གིས་ འགོ་བཙུགས་མ་ཚུགས་པར་ཡོདཔ་ད་ དེ་ཡང་ བཙག་འཐུའི་བྱ་སྒོ་དང་འཁྲིལཝ་ད་ ཡིག་ཆ་ཚུ་ མ་ཚང་པ་ཡོདཔ་ལས་ འཕྲལ་མགྱོགས་ར་ འགོ་བཙུགས་པའི་ རེ་བ་ཡོད་ཟེར་ཨིན་པས།

 
ཁ་ཙ་ རྩི་རང་གི་འདེམས་ངོ་ཚུ་གིས་ ངོས་ལེན་འགོ་དཔོན་དང་ བཙག་འཐུ་འགོ་དཔོན་ཚུ་དང་གཅིག་ཁར་ བསྟུན་གྲོས་འབད་བའི་བསྒང་།

འདེམས་ངོ་༤ གི་ མི་ངོམ་བཏོན་ནིའི་དོན་ལུ་ ཡིག་ཆ་ཚུ་ ཆ་ཚང་སྦེ་ སྤྱི་ཟླ་༦ པའི་ཚེས་༡༠ ལུ་ ངོས་ལེན་འགོ་དཔོན་གྱི་ ཡིག་ཚང་ནང་ བཙུགས་པའི་ཤུལ་ལས་ ཁ་ཙ་ ཆ་འཇོག་འབད་ཡོད་རུང་ བསྐུལ་བསྒྲགས་ཀྱི་དོན་ལུ་ བསྐུལ་བསྒྲགས་ཀྱི་རེའུ་མིག་དང་ བསྐུལ་བསྒྲགས་སྐབས་ ལག་ལེན་འཐབ་ནིའི་ སྣུམ་འཁོར་གྱི་ཁ་གསལ་ དེ་ལས་ རྫོང་ཁག་དང་ འདེམས་ཁོངས་ རྒེད་འོག་ སྤྱི་འོག་ཚུ་ནང་ ཚོགས་པའི་འགོ་འདྲེན་པའི་ མིང་ཐོ་ཚུ་ སྤྲོད་དགོཔ་ཨིན་པས།
འགོ་འདྲེན་པ་ཚུ་ཡང་ ཚོགས་པའི་ཐོ་བཀོད་ཅན་གྱི་ མི་ངོམ་དང་ འདེམས་ཁོངས་དེ་ནང་གི་ ཐོ་བཀོད་ཅན་གྱི་ ཚོགས་རྒྱན་བཙུགས་མི་དགོཔ་ཨིན་པས།
འདེམས་ངོ་ཚུ་ཡང་ ཆ་མཉམ་ར་ འགོ་ཐོག་བཙག་འཐུ་སྐབས་ཀྱི་ འདེམས་ངོ་ཙང་ཙ་ཨིནམ་ད་ དཀྱིལ་འཁོར་ཐང་མནྜལ་སྒང་འདེམས་ཁོངས་ནང་འབད་བ་ཅིན་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ གཡང་ཁུག་ཚེ་རིང་ཤེར་པ་དང་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ ཡོ་གེཤི་ཏ་མང་༢ དོ་འགྲན་འབད་ནི་ཨིནམ་ད་ གསེར་གྱི་ཐང་རྩི་རང་སྟོད་འདེམས་ཁོངས་ནང་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ ནོ་བིན་དར་ལ་མི་དང་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ ཨུ་དི་ཡ་ ཅན་ད་ར་ བཱན་ད་རི་༢ ཀྱི་བར་ན་ དོ་འགྲན་འབད་ནི་ཨིན་པས།
ཁ་ཙ་ འདེམས་ངོ་ཚུ་གིས་ ངོས་ལེན་འགོ་དཔོན་༢ དང་ བཙག་འཐུ་འགོ་དཔོན་ཚུ་དང་གཅིག་ཁར་ བསྟུན་གྲོས་འབད་ཡི།
བཙག་འཐུ་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ སྤྱིར་བཏང་གྲོས་གནས་ལས་རིམ་ འགོ་འདྲེན་འཐབ་དགོ་པའི་ གནད་དོན་ངོ་མ་ར་ འཛོམས་འདུ་ཚུ་ ལོག་ཅི་ལོག་ཅི་འཐབ་སྟེ་ མི་སེར་ཚུ་ དཀའ་སྡུག་མྱོང་བཅུག་ནི་ལས་ མར་ཕབ་འབད་ནི་ཨིནམ་ལས་ འདེམས་ངོ་ཚུ་གིས་ དེ་བཟུམ་མའི་ འཛོམས་འདུ་ཚུ་ འཐབ་མི་ཆོག་ཟེར་ ཉེན་བརྡ་འབད་ཡོདཔ་ཨིན་པས།
གྲོས་འཛོམས་ཀྱི་སྐབས་ལུ་ ད་རུང་ འདེམས་ངོ་ཚུ་གིས་ ཚོགས་རྒྱན་བཙུགས་སའི་ ས་ཁོངས་ནང་ ཚོགས་རྒྱན་གྱི་ གྲུབ་འབྲས་གསལ་སྟོན་འབད་བའི་སྐབས་ ཚོགས་པའི་རྒྱབ་སྐྱོར་པ་བཞག་དགོཔ་འདུག་ཟེར་ སླབ་ཡོད་རུང་ བཙག་འཐུ་འགོ་དཔོན་ཚུ་གིས་ གྲུབ་འབྲས་དེ་ ཚོགས་པའི་རྒྱབ་སྐྱོར་པ་རྐྱངམ་གཅིག་མེན་པར་ མི་མང་ལུ་ གསལ་སྟོན་འབད་ནི་ཨིན་ཟེར་ཨིན་པས།
དེ་བཟུམ་སྦེ་ ད་རུང་ ཚོགས་རྒྱན་ས་ཁོངས་ནང་ ཚོགས་རྒྱན་བཙུགས་མི་ རྒན་ཤོས་ཚུ་གི་དོན་ལུ་ འཕྲུལ་མེ་རེ་ཡང་བཞག་སྟེ་ ཚོགས་རྒྱན་འགོ་དཔོན་ཚུ་གིས་ དེ་གི་སྐོར་ལས་ ཚོགས་རྒྱན་བཙུགས་མི་ཚུ་ལུ་ གོ་བརྡ་སྤྲོད་ནི་སྦེ་ ཐག་བཅད་ཡོདཔ་ཨིན་པས།
དེ་དང་གཅིག་ཁར་ རྩི་རང་གི་ བཙག་འཐུ་འགོ་དཔོན་ཚུ་ ད་རེས་ནངས་པ་ འགྲེམ་ཐོག་ཚོགས་རྒྱན་ཚུ་ འོས་འབབ་ཅན་ཚུ་ལུ་ ལོག་གཏང་ནིའི་དོན་ལུ་ གྲ་སྒྲིག་འབད་བའི་བསྒང་ཡོད་པའི་གནས་ཚུལ།

རྩི་རང་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment