གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གནས་ཚུལ་མདོར་བསྡུས།

༡༣/༦/༢༠༡༣  
༉ ཁ་ཙ་ ཐིམ་ཕུ་ལྕང་གླིང་མི་ཐང་ནང་སྦེ་ རྫོང་རིག་དང་ འབྲུག་ཨེསི་ཊར་སྡེ་ཚན་༢ ཀྱི་བར་ན་ ཕུཊ་བཱོལ་རྩེད་འགྲན་འབདཝ་ད་ རྫོང་རིག་གིས་ གཱོལ་༣ བཙུགས་ཏེ་ རྒྱལ་ཁ་ཐོབ་ད་ འབྲུག་ཨེསི་ཊར་གྱིས་ གཱོལ་༡ ལས་བརྒལ་ བཙུགས་མ་ཚུགས་མི་ལུ་བརྟེན་ སྐུགས་༤ ཐོབ་སྟེ་ ཨང་༥ པའི་ནང་ ཚུད་པའི་སྐབས་ རྫོང་རིག་གིས་ སྐུགས་༡༠ ཐོབ་སྟེ་ ཨང་༣ པའི་ནང་ ལྷོད་ཅི།
དེ་བཟུམ་སྦེ་ སྡེ་ཚན་༥ གིས་ བཅའ་མར་གཏོགས་མི་ལས་ ཡིད་འཛིན་གྱིས་ སྐུགས་༡༩ ཐོབ་སྟེ་ ཨང་༡ པ་ཐོན་ཡོདཔ་ད་ ཐིམ་ཕུ་ཁྲོམ་སྡེ་གིས་ སྐུགས་༡༣ ཐོབ་སྟེ་ ཨང་༢ པ་ དེ་ལས་ ཨང་༤ པ་དེ་ འབྲུག་ཡུ་ནའི་ཊེཌ་གིས་ སྐུགས་༦ ཐོབ་ཡོདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment